བརྙན་ཡིག་ཚོགས་པ།

བརྙན་ཡིག་ཚོགས་པ(དབྱིན་ཡིག་ཏུFansub group)ནི་ཕྱི་རྒྱལ་སོགས་ཀྱི་གློག་བརྙན་བརྙན་གཟུགས་ཐོག་ཏུ་རང་རེའི་ཡི་གེ་སྦྱོར་བར་སྤྲོ་བའི་ཚོགས་པ་ལ་ཟེར་ཞིང་། དྲྭ་རྒྱའི་དུས་རབས་སུ་གསར་དུ་བྱུང་བ་ཞིག་སྟེ། དམངས་ཁྲོད་ནས་རང་འགུལ་གྱིས་རྩ་འཛུགས་བྱས་པའི་ཚོགས་པ་ལ་གོའོ། །

བརྙན་ཡིག་ཚོགས་པའི་གོ་དོན།


Fansub groupའདིའི་ཡིག་ངོའི་ནང་དོན་ལྟར། བརྙན་ཡིག་ཚོགས་པ་ནི་མི་སྒེར་གྱི་དགའ་ཕྱོགས་གཞི་བྱས་ཏེ་གྲུབ་པ་ཞིག་ཡིན་ཞིང་། བརྙན་ཡིག་ཚོགས་པས་ཁེ་ཚོང་དོན་དུ་གཉེར་བ་མིན་པར། གློག་བརྙན་བརྙན་གཟུགས་གང་ཞིག་ལ་སྤྲོ་བས་དྲངས་ཏེ་བརྙན་ཡིག་བཟོ་སྦྱོར་གྱི་ལས་ལ་ཞུགས་པ་ཡིན། ཡིན་ཡང་། ཚོགས་མི་ཁ་ཤས་ཀྱིས་སྒེར་གྱི་ཁེ་ཕན་བསམ་སྟེ། རྫུས་བཟོ་མཁན་དང་འདྲེ་ལག་མཉམ་སྦྲེལ་གྱིས་ཁེ་ཚོང་གཉེར་བ་ཡོད་མོད། དེ་བརྙན་ཡིག་ཚོགས་པའི་ཁོངས་སུ་མི་གཏོགས་སོ། །

བརྙན་ཡིག་ཚོགས་པའི་བྱུང་བ།

ལོ་འདི་ཚོར། ཨ་རིའི་གློག་བརྙན་བརྙན་འཕྲིན་དང་ཉི་ཧོང་བའི་ཁཱ་ཐུང་རྒྱ་ནང་དུ་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང་བས། དྲྭ་འབངས་ཐམས་ཅད་ཀྱི་དགོས་མཁོ་འདི་དང་བསྟུན་ཏེ་འཇུག་ཡུལ་མི་འདྲ་བའི་བརྙན་ཡིག་ཚོགས་པ་ལྔ་བཅུ་ལྷག་རྒྱ་ནང་དུ་བྱུང་ཡོད།༼འདི་ལས་མང་ཡང་སྲིད། དྲྭ་ཐོག་གི་ཡིག་དུམ་ཞིག་གཞིར་བཟུང་པ་ཡིན༽རྒྱ་ནང་དུ་དྲྭ་རྒྱ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་བསྟུན་ནས། དྲྭ་པ་རྣམས་ཀྱིས་ཀྱང་བརྙན་འཕྲིན་ཟློས་གར་རམ་ཁཱ་ཐུང་། གློག་བརྙན་ཕུལ་ཏུ་བྱུང་བ་དག་ཨ་རི་དང་ཡོ་རོབ། ཉི་ཧོང་། ཁོ་རེ་ཡ་ནས་བཟོས་པ་ཐུགས་སུ་ཆུད་ཅིང་། CCTVསོགས་གཞུང་འབྲེལ་ལེ་ཚན་གྱིས་ཕྱི་གླིང་གི་བརྩམས་ཆོས་གྲགས་ཆེ་བ་ནང་འདྲེན་བྱས་ཚད་ཤིན་ཏུ་དལ་བ་ཡང་མཁྱེན། དེའི་འགྲོ་ལུགས་བཀའ་འཁྲོལ་ཡང་རྙོག་དྲ་ཆེན་པོ་ཞིག་ཏུ་མཐོང་། དེའི་ཁར། དྲྭ་པ་རྣམས་ཀྱི་ཕྱི་སྐད་ཀྱི་ས་ལམ་ཡང་དམའ་བའི་དབང་གིས་རྟེན་འབྲེལ་འདི་དག་འགྲིག་པས། བརྙན་ཡིག་ཚོགས་པ་བྱུང་བ་ཡིན། འུ་ཅག་བོད་དུ་ནི་ས་བོན་བཞག་པ་ཙམ་གྱི་ས་ན་གནས་ཤིང་། རྒྱ་མིའི་གློག་བརྙན་འཕྲིན་དང་ཕྱི་རྒྱལ་གྱི་གློག་བརྙན་འགའ་རེ་སྐད་བསྒྱུར་བྱས་པ་ཡོད་མོད། བརྙན་ཡིག་ཚོགས་པའི་མིང་འདི་བྱུང་ནས་ལོ་གཅིག་ཙམ་ལས་འགོར་མེད་ཤས་ཆེའོ། །


༢༠༠༧ལོར། ཨ་རིའི་བརྙན་འཕྲིན་ཟློས་གར<<བཙོན་བྱོལ>>Prison Breakརྒྱ་ནང་དྲག་རླུང་བཞིན་འཚུབ་ཏེ། CCTVསོགས་དབང་ཆེན་སྨྱན་སྦྱོར་གྱིས་བརྙན་ཡིག་ཚོགས་པར་དོ་སྣང་ཆེར་བྱས་ཤིང་། ཨར་བརྙན་ཚོགས་པའི༼ཨ་རིའི་གློག་བརྙན་སྒྱུར་བཟོ་༽འགན་ཁུར་མཁན་ལ་སྨྱན་སྦྱོར་མིང་གྲགས་ཅན་གྱིས་བཅར་འདྲི་བྱས། འདི་དག་ནི་རྒྱའི་བརྙན་ཡིག་ཚོགས་པའི་ལོ་རབས་རེད། ཡིན་ཡང་། ཕྱོགས་བཅུར་བུ་གར་རལ་བའི་འུ་བུ་ཅག་ད་དུང་འདི་དག་ལ་རྒྱུས་ཡོད་མེད་ཀྱི་མཚམས་ན་འདུག ཡིན་ཡང་། ཅི་ཡིན་ན་ཡིན་ཏུ་ཆུགས། ༢༠༡༠ལོར་པེ་ཅིང་གི་སློབ་གྲྭ་འདྲ་མིན་ནས་ཐོན་པའི་མདོ་དབུས་ཁམས་གསུམ་གྱི་དགའ་ཕྱོགས་མཐུན་པ་ཁ་ཅིག་གཅིག་ཏུ་འདུས་ཏེ། རང་རེའི་བརྙན་ཡིག་ཚོགས་པའི་ལོ་རྒྱུས་ལ་དབུ་ཁྱུད་བྲིས་ཤིང་། འདི་ཡིས་ཀྱང་བོད་ཡིག་ཁྱབ་བདལ་དང་དར་སྤེལ། རྒྱུན་འཛིན། ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་ཇེ་ཐུང་། ཡུལ་སྐད་དང་ཡུལ་སྐད་ཀྱི་བར་ཐག་ཇེ་ཐུང་། ཡུལ་ལུང་དང་ཡུལ་ལུང་གི་བར་ཐག་ཇེ་ཐུང་གིས་སྲིད་རྩེའི་མི་རིགས་འདི་ཡང་མི་རིགས་དང་རྒྱལ་ཁབ་གཞན་དང་འདྲ་བར་དེང་རབས་ཅན་གྱི་སྒྲ་གཟུགས་ཀྱི་འདོད་ཡོན་མ་ལུས་མིག་གི་གསོས་དང་། རྣ་བའི་བདུད་རྩི་རུ་འགྱུར་བའི་རེ་བ་ཆེའོ། །

བོད་ཡིག་བརྙན་ཡིག་ཚོགས་ཆུང་།

File:བོད་ཡིག་བརྙན་ཡིག་ཚོགས་པ།.jpg
བོད་ཡིག་བརྙན་ཡིག་ཚོགས་པ།

ཚོགས་ཆུང་ངོ་སྤྲོད།

༒ ཚོགས་ཆུང་འདི་ནི་སྤྱི་ལོ༢༠༠༩ལོའི་ཟླ་༩པར་པེ་ཅིང་དུ་བཙུགས་པ་དང་། ཐོག་མའི་དམིགས་ཡུལ་ནི། རྒྱ་རིགས་སོགས་པའི་མི་རིགས་གཞན་པའི་བྱེད་སྟངས་ལ་དཔེ་བལྟས་ནས། དེང་དུས་གྲགས་ཆེ་བའི་གློག་བརྙན་ཁག་ཅིག་གི་བརྙན་ཡིག་རྣམས་བོད་ཡིག་ལ་བསྒྱུར་ཏེ། རིན་མེད་ཐོག་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན།

༒ ཚོགས་ཆུང་འདིའི་ཚོགས་མི་གཙོ་བོ་ནི་རྒྱ་ནང་ན་ཡོད་པའི་བོད་རིགས་སློབ་ཆེན་སློབ་མ་འབའ་ཞིག་ཡིན། འོན་ཏེ་ཚོགས་བཞུགས་བྱེད་པར་དམིགས་བསལ་གྱི་ཆ་རྐྱེན་གང་ཡང་མེད། མ་གཞི་ཡིག་བསྒྱུར་བྱེད་རྒྱུ་དེ་ཚོགས་པ་འདིའི་རྩ་དོན་ཡིན་ཀྱང་། ཚོགས་ཆུང་འདིའི་ལས་ཀའི་ཆ་ཤས་གང་ཐད་ལ་ནུས་པ་འདོན་ཐུབ་པ་དང་། རང་ལ་བློ་མོས་ཡོད་ན་སུ་ཡང་ཚོགས་ཆུང་ནང་ཞུགས་ཆོག་པ་ཞིག་ཡིན་ལ། དུས་ཀྱི་ཚད་བཀག་སོགས་ཡེ་ནས་མེད།

༒ བརྙན་ཡིག་ཚོགས་ཆུང་འདི་རུ་མདོ་དབུས་ཁམས་གསུམ་ནས་ཐོན་པའི་ཚོགས་མི་ཡོད་པར་བརྟེན། བརྙན་ཡིག་ལོ་ཙཱའི་སྐབས་སུ་ཡང་ཡི་གེར་བྲི་རུ་རུང་བའི་ཡུལ་སྐད་སོགས་སྤྱོད་ཅི་ཐུབ་བྱས་ཡོད་ལ། འདི་ཡིས་ཀྱང་བོད་ཡིག་ཁྱབ་བདལ་དང་དར་སྤེལ། རྒྱུན་འཛིན། ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་ཇེ་ཐུང་། ཡུལ་སྐད་དང་ཡུལ་སྐད་ཀྱི་བར་ཐག་ཇེ་ཐུང་། ཡུལ་ལུང་དང་ཡུལ་ལུང་གི་བར་ཐག་ཇེ་ཐུང་གིས་སྲིད་རྩེའི་མི་རིགས་འདི་ཡང་མི་རིགས་དང་རྒྱལ་ཁབ་གཞན་དང་འདྲ་བར་དེང་རབས་ཅན་གྱི་སྒྲ་གཟུགས་ཀྱི་འདོད་ཡོན་མ་ལུས་མིག་གི་གསོས་དང་། རྣ་བའི་བདུད་རྩི་རུ་འགྱུར་བའི་རེ་བ་ཆེའོ། །

Tags:

བརྙན་ཡིག་ཚོགས་པ། བརྙན་ཡིག་ཚོགས་པའི་གོ་དོན།བརྙན་ཡིག་ཚོགས་པ། བརྙན་ཡིག་ཚོགས་པའི་བྱུང་བ།བརྙན་ཡིག་ཚོགས་པ། བོད་ཡིག་བརྙན་ཡིག་ཚོགས་ཆུང་།བརྙན་ཡིག་ཚོགས་པ།

🔥 Trending searches on Wiki བོད་སྐད:

ཏའེ་མི།བདུན་ཟུར་བལ་ཡུལ།ཕ་ལོན་ཁེ།ཧིན་ཏུའི་ཆོས་ལུགས།ནང་བསྟན།གཏམ་དཔེ།སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདརྒྱལ་དབང་སྐུ་འཕྲེང་རིམ་བྱོན།ཌོ་མི་ནི་ཀསྐར་མ་གནམ་རྒྱལ།རྩིས་རིགསྨེ་བ་བརྩི་སྟངས་འབྱུང་འཕྲོད།རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།བོད་རྒྱ་ཚིག་མཛོད་ཆེན་མོསྐྲ་སྐར་བུར་ཤིང་།འཕགས་མ་སྒྲོལ་མ་ལ་བསྟོད་པ།གསང་སྔགས་རྙིང་མ་ཨ་ཤོམ།ཏུར་ཀི།སེལ་འོ་སུ་འན་གྱི་སྐདརྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་ལོ་རྟགས་ཀྱི་བདུན་ཟུར་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད།ཕཱར་ཧྥེ་ནན།སྐུ་ངོ་སྤེན་པ་ཚེ་རིང་།རྐྱ་མི་ཏིང་ངེ་འཛིན།ལྷོ་ཀོ་རི་ཡ།ཀུན་བཟང་བླ་མའི་ཞལ་ལུང་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།ལི་སྨིད།པར་ན་པཱ།ཝིན་སུ་ཏོན་ཆུར་ཆེལ།པན་ཆེན་བླ་མ་ས་འགུལ་སྨྲ་བ་ཨན་ཀ་ར།བར་དོའི་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་དཀར་པོ།རྒྱལ་ཆེན་བཞི་ཡི་ཆ་ལུགས་ཀྱི་སྐོར་གུ་རུའི་རྣམ་ཐར།བེ་ཤིང་།གླང་གོག་ཅེ་ཁེ།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽ཆོས་ཀྱི་བདག་མེད་ལོ་བདུན་རིང་གི་བོད།ཁོ་ཧྥེ།ཨ་ལན་ཟླ་བ་སྒྲོལ་མ།ཟངས་ཆས་སྤྱོད་པའི་དུས་རབས།རི་དྭགས་ཆོས་འཁོར་སྒྲ་ཚན།ཆུ་ཤིང་བསྟན་་བཅོས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་༦༢ (གྲངས་ཀ།)ཁ་པུལ།ཉི་ཧོང་སྐད།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་དགེ་བ་བཅུ་སློབ་དཔོན་དབྱིག་གཉེན་ཡེ་ཤུའི་འཁྲུངས་སྐར།འབྲུག་ཡུལ།པ་ག་ཏརྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།ཨ་ཕ།དབུལ་ཕོངས།🡆 More