ནག་མོ་ཁོལ་

དགའ་བ་འཕེལ་གྱི་མངའ་རིས་རྒྱ་ཁྱོན།ནག་མོ་ཁོལ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཏམ་རྒྱུད་གང་མང་ཞིག་ཡོད་ཅིང་། འཁྲུངས་ཡུལ་ལའང་བཤད་པ་མི་མཐུན་པ་མང་དག་ཅིག་ཡོད་དེ། ཁ་ཤས་ཀྱིས་ཁོང་ཁ་ཆེ་ནས་རེད་ཟེར་ལ། ལ་ཤས་ཀྱིས་ལྷོ་ཕྱོགས་ནས་ཡིན་པར་བརྗོད། ཡང་གཞན་པ་འགས་ཁོང་ཟ་ཧོར་གྱི་ཕྱོགས་སུ་འཁྲུངས་པར་ཡང་བཞེད་ཅིང་།ཡང་ཁ་ཤས་ཀྱིས་ཁོང་ཨོ་རྒྱན་གྱི་ཡུལ་དུ་འཁྲུངས་པར་བཤད་པ་སོགས་བཤད་ཚུལ་མི་མཐུན་པ་ཧ་ཅང་མང་། རྒྱུ་མཚན་ནི་སྔོན་གྱི་མཁས་པ་དེ་དག་ནི་དེང་གི་མི་རྣམས་དང་མི་མཚུངས་པར་ཁེངས་སྐྱུང་རབ་ཏུ་ཆེ་བ་དང་། མཁས་འདོད་དང་གྲགས་འདོད་ཀྱི་ཀུན་སློང་རྩ་ནས་སྤངས་པས། ཐ་ན་རང་གི་ཕྱག་རྩོམ་ལ་མཚན་མི་འགོད་པ་ནི་རྒྱུན་འབྱམས་ལྟ་བུར་བཤད། དེའི་རྐྱེན་གྱིས་ཕྱི་ནང་གི་སྔ་རབས་མཁས་པ་གང་མང་ཞིག་གི་བརྩམས་ཆོས་སུ་ལ་གཏོགས་མིན་དང་། སུས་མཛད་མིན་སོགས་རིགས་པ་ཞིབ་མོས་མ་དཔྱད་པར་ཤ་གཟུག་ཟ་རྐྱང་ལྟ་བུ་མི་འོང་བའང་ཀུན་སྤྱོད་བཟང་བོ་དེས་ལན་པར་འཆད་དོ།།

གང་ལྟར་དང་ཐོག་སློབ་དཔོན་ནག་མོ་ཁོལ་ཁོང་གླེན་པ་ཞིག་ཡིན་པ་བོད་ལ་སྔོན་ནས་གྲགས་པ་ལྟར་རོ།། དེ་ཡང་རྒྱལ་བོའི་སྲས་མོ་ཧ་ཅང་མཁས་ཤིང་མཛངས་པ་ཞིག་ཡོད་པ་དེས་སུ་ཞིག་མོ་དང་ལྷན་དུ་བརྩད་ནས་རྒྱལ་ན་དེའི་མནའ་མ་བྱེད་རྒྱུ་ཁས་འཆེས། བརྒྱ་ལ་རྩོད་པ་ཤོར་ན་གདོང་ནག་པོ་བཟོས་ཤིང་མགོ་རེགས་བྱས་ཏེ་རྒྱལ་པོའི་ཁབ་ལས་བོང་བུ་ལ་ཞོན་དུ་བཅུག་སྟེ་ཕྱི་ལ་བསྐྲད་རྒྱུ་བྱས། རྒྱལ་བོའི་སྲས་མོ་ཧ་ཅང་མཁས་ཤིང་མཛངས་པ་ཞིག་ཡིན་གཤིས་པཎྜིཏ་གང་མང་ཞིག་ཕམ་པར་བྱས་པས་ཞལ་སྐྱེངས་ཏེ། མཐར་སྙིང་ནད་རྩོད་པའི་ཇུས་བཤམས། དེ་ནས་པཎྜིཏ་མང་བོས་གྲོས་བྱས་ཏེ་ནག་མོ་ཁོལ་(ཁོང་གིས་སྡོང་བོའི་ཡལ་ག་ཞིག་ལ་ཞོན་ཏེ་ཡལ་ག་དེ་ག་རང་གཅོད་ཀྱིན་པ་དངོས་སུ་མཐོང་བས)སྲས་མོར་རྩོད་པ་བྱེད་དུ་ཁྲིད། པཎྜིཏ་དེ་དག་གི་དམིགས་ཡུལ་ནི་སྲས་མོ་ལ་མག་པ་བླུན་པོ་ཞིག་བཙལ་ནས་མོ་རང་ཞལ་སྐྱེངས་པ་ཞིག་བྱེད་དོ་དགོངས་པའོ།། དེ་ནས་ཁབ་ཏུ་ཁྲིད་དེ་ཁོང་ཅག་ན་རེ་ཁོང་གིས་ངག་ནས་ཅང་མི་སྨྲ་བར་རྣམ་འགྱུར་ཉིད་ཀྱིས་རྩོད་པ་བྱེད་པར་འགྱུར་རོ་བྱས་སོ།།

དེ་ནས་སྲས་མོས་མཛུབ་མོ་གཅིག་བསྟན་ཏེ་ཤཱཀྟི(ནུས་པ)་ནི་གཅིག་ཁོ་ནའོ་ཞེས་པའི་བརྡ་མཛད་པར། ནག་མོ་ཁོལ་གྱིས་མོས་ཁོང་གི་མིག་བྲུས་མི་འོང་ངམ་སྙམ་སྟེ་ཕྱིར་མཛུབ་མོ་གཉིས་བསྟན། དེ་སྲས་མོས་ལན་ཡང་དག་ཅིག་ཏུ་ངོས་འཛིན་བྱས་པ་སྟེ། ནུས་པ་ནི་མངོན་པའི་ཚེ་གཉིས་གཉིས་སུ་མངོན་པར་བྱེད་པ་དེ་སྟོན་པའོ་ཞེས་མཁས་པ་དེ་དག་གིས་འགྲེལ་བས་སོ།། (ཤི་བ་དང་ཤཱཀྟི། ན་ར་དང་ནཱརཱི་ལ་སོགས་པ་ལྟ་བུ།) དེ་ནས་སྲས་མོས་མཛུབ་མོ་རྣམས་བརྐྱངས་ཏེ་ལག་པ་ཡ་གཅིག་ཐལ་ལྕག་གི་ཚུལ་དུ་བསྟན་པར། ནག་མོ་ཁོལ་གྱིས་ལན་དུ་ཁུ་ཚུར་བསྟན། དེ་ཡང་སྲས་མོས་ལན་འགྲིག་པར་བརྩིས་པ་སྟེ། སྲས་མོས་མཛུབ་མོ་ལྔ་བརྐྱངས་པ་འབྱུང་བ་ལྔའི་བརྡ་རུ་མཛད་པ་དང་། ནག་མོ་ཁོལ་གྱིས་ཁུ་ཚུར་བཅོས་པ་འདུས་ཤིང་བྱས་པའོ་(ས། ཆུ། མེ། རླུང་། ནམ་མཁའ།)ཞེས་པའི་བརྡ་རུ་འགྲེལ།

ཁོང་ལ་རྒྱལ་ཁ་ཐོབ་པས་དེ་ནས་ཁོང་གཉིས་གཉེན་བསྒྲིགས་ནའང་། ཅང་མ་འགོར་བར་སྲས་མོས་ནག་མོ་ཁོལ་བླུན་པོ་ཞིག་ཡིན་པ་རྟོགས་པར་གྱུར་ཏེ། ཕོ་བྲང་ལས་ཕྱིར་བསྐྲད། ནག་མོ་ཁོལ་ཐད་ཀར་ནག་མོའི་ལྷ་ཁང་དུ་ཕྱིན་ཏེ། སྐུའི་མདུན་དུ་ལྕེ་བཅད་པར། ལྷ་མོ་ནག་མོ་དངོས་སུ་སྣང་བར་གྱུར་ཏེ། ཁོང་ལ་མཆོག་གི་དངོས་གྲུབ་གནངས། ཁོང་ཕྱིར་ཕོ་བྲང་དུ་ཕེབས་པར། ཁོང་གི་ཆུང་མས། “ ཨསྟི ཀཤྩིཏ བཱག བིཥེཤཱ?” (ཁྱོད་ངག་ལ་མཁས་པར་གྱུར་ཏམ?) ཞེས་དྲིས་པར། ཀཱ་ལི་དཱ་སས་ཚིག་མགོ་མ་གསུམ་གྱིས་མགོ་བཙུགས་ཏེ། སྙན་ངག་གི་བསྟན་བཅོས་ཆེན་མོ་རེ་རེ་མཛད་པ་སྟེ། ཨསྟི — ཨསྟི ཨུཏྟརསྱཱཾ དིཤི ཞེས་ཨསྟིས་མགོ་བཙུགས་ཏེ་<<གཞོན་ནུ་འབྱུང་བ>>།

ཀཤྩིཏ— ཀཤྩིཏ ཀཱནྟཱ ཞེས་ཀཤྩིཏས་མགོ་བཙུགས་ཏེ་<<སྤྲིན་གྱི་ཕོ་ཉ>>།

བཱག —བཱགཱརྠབིབ་ཞེས་བཱག་གི་ཡིག་འབྲུས་མགོ་བཙུགས་ཏེ་<<ར་གྷུའི་གདུང>>ཞེས་པའི་སྙན་ངག་གི་བསྟན་བཅོས་དེ་དག་མཛད་པར་གྲགས་སོ།།

སྒྲུང་འདི་<<དབྱངས་ཅན་མགུལ་རྒྱན>>གྱི་འགྲེལ་མཛད་མཁན་པོ་སློབ་དཔོན་འདོད་པའི་དབང་ཕྱུག་མཆོག་གིས་ཚོགས་ཐུན་ཞིག་ལ་གསུངས་པ་ཟིན་བྲིས་སུ་བཏབ་པའོ།།

Tags:

དགའ་བ་འཕེལ་གྱི་མངའ་རིས་རྒྱ་ཁྱོན།

🔥 Trending searches on Wiki བོད་སྐད:

འཕགས་མ་སྒྲོལ་མ་ལ་བསྟོད་པ།བསྟན་འཛིན་རྒྱ་མཚོ།ཚའོ་ཚའོ།དགེ་ལུགས་པ།ཧ་ཇི་མེ་ཏ་ན་ཕེ།མཁན་ཆེན་ཞི་བ་འཚོ་ཉ།སུང་རྒྱལ་རབས།ཁུང་ཙིལིའུ་པེ།བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད།དབང་པོ་ལག་པའབྲུག་པ་ཀུན་ལེགས་མི་ཉག་རབ་སྒང་།རབ་གནས་ཀྱི་བཤད་སྦྱར་བཤེས་པའི་སྤྲིངས་ཡིག༡༣ (གྲངས་ཀ།)༢༠༠༦ལོ།ཟླ་༤ཚེས་༢༤ཉིན་བོད་དུ་བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་དཔེ་བྱད་བཟང་པོ་བརྒྱད་ཅུ་སེ་འབྲུ།གསང་ཆེན་རྒྱུད་སྨད་གྲྭ་ཚང་འཕགས་པའི་ལྷ།ཉི་ནུས།དགེ་བ་བཅུ་དག་ཡིག་ངག་སྒྲོན།༢༠༡༡ལོ།རྗེ་བཙུན་ཐོགས་མེད།སྒྲ་རིག་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།སེ་པན་སྐད།དྭགས་པོ།གཡུ་རྙིང་ཉེར་ལྔ་རྡོ་རྗེ་ཆང་།མུཀ་ད་ཧཱན།༣༡ (གྲངས་ཀ།)བརྒྱན་དྲུག་མཆོག་གཉིས་སྟོད་པ།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་ཕམ་པ་བཞི་མ་པ་པན།ཐའེ་ཝན།སྨོན་འཇུག་སེམས་བསྐྱེད།ཚད་མ་རིག་པ་རིགས་ལྔ།དགུ་རོང་རྒྱལ་སྲས།གངས་རིན་པོ་ཆེ།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་སྲིད་པ་འཁོར་ལོ་ས་སྡེ་ལྔ།ཟླ་བ་བཅུ་གཉིས་སྣར་ཐང་སྔགས་བཀླག་ཐབས་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ཨི་སི་ར་ཨེལ།ཧའི་ཏི།བཀྲ་ཤིས་རྟགས་བརྒྱད།སྨན་རི་དགོན།བོད་ཀྱི་མཛངས་བློན་བདུན་འཛམ་གླིང་དཔེ་ཀློག་ཉིན་མོ་ཧྥི་ལི་པིན།ཚ་སྤྲུལ་ངག་དབང་བློ་བཟང་རྭ་སྒྲེང་དགོན།༡༩༩༨ལོ།ཞི་བདེ།སྙུང་གནས་ཀྱི་རྣམ་བཤད་དང་ཕན་ཡོན་སྐོར་ཕྱོགས་བསྒྲིགས🡆 More