སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་

སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ Bhavaviveka

དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་གི་དགོངས་པ་རང་རྒྱུད་དུ་འགྲེལ་བའི་སློབ་དཔོན་ཆེན་པོ་འམ་རྒྱ་གར་པཎ་གྲུབ་བཅུ་བདུན་གྱི་ནང་གསེས་ལེགས་ལྡན་འབྱེད་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་བརྒྱུད་མཐའ་ཡས་པའི་ཁྲོད་ནས་དབུ་མ་རང་རྒྱུད་པའི་ལམ་བཟང་གསལ་བར་མཛད་མཁན་ཞིག་ཡིན་ཞིང་། ནང་བསྟན་རྗེས་འབྲང་བས་མཛད་པའི་ཆོས་འབྱུང་སོགས་སུ། སློབ་དཔོན་ལེགས་ལྡན་འབྱེད་ནི་འཕགས་པ་རབ་འབྱོར་གྱི་སྤྲུལ་བ་ཡིན་ཚུལ་ཡང་གསུངས་ཡོད། རབ་འབྱོར་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གསུངས་སྐབས་དོགས་གནད་ཡོད་པ་རྣམས་ལ་བཀའ་དྲི་ཞུ་བ་བོ་དང་དྲི་བ་གནང་བ་དག་ལ་ལན་འདེབས་མཁས་པའི་སློབ་མའི་གཙོ་བོའི་གྲས་ཤིག་ཡིན། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་མ་ལ་ཡ་༼འདི་ནི་སློབ་དཔོན་ནག་མོ་ཁོལ་འཁྲུངས་ས་དེ་ཡིན་འདུག༽ ཞེས་པར་རྒྱལ་རིགས་སུ་སྐུ་འཁྲུངས་ཚུལ་གསལ། གནས་དེར་རབ་ཏུ་བྱུང་ནས་འདུལ་བ་མདོ་སྡེ་མངོན་པའི་སྡེ་སྣོད་སོགས་ལ་མཁས་པར་བསླབ། དེའི་རྗེས་སུ་རྒྱ་གར་ཡུལ་དབུས་སུ་ཕེབས་ནས་སློབ་དཔོན་དགེ་འདུན་སྲུང་ལས་ཐེག་ཆེན་གྱི་མདོ་སྡེ་དུ་མ་དང་། ཀླུ་སྒྲུབ་མན་ངག་གསན་ཏེ་སླར་ཡང་ལྷོ་ཕྱོགས་མ་ཡར་ཕྱིར་ཕེབས་ནས་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་ཅེས་གྲགས། ཡུལ་ཕྱོགས་མང་པོར་ཕེབས་ནས་ཐེག་ཆེན་གྱི་ཆོས་མང་དུ་གསུངས་ཤིང་སློབ་དཔོན་སངས་རྒྱས་བསྐྱངས་༼འདི་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བངྷ་པཱ་ལི་ཏ་མཛད་ནས་རྩ་ཤེས་ལས་གསུངས་པའི་རིག་པ་རྣམས་དབུ་མ་ཐལ་འགྱུར་བའི་ལུགས་སུ་བཀྲལ་མཁན་དེ་ཡིན།༽ ཀྱིས་མཛད་པའི་གསུངས་རྣམས་གཟིགས་པར་རྩ་ཤེས་ཀྱི་དོན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བཀྲལ་བ་དེ་སུན་ཕྱུང་ནས། སློབ་དཔོན་ལེགས་ལྡན་འབྱེད་ཁོ་རང་གིས་རྩ་ཤེས་འགྲེལ་བ་ཤེས་རབ་སྒྲོན་མེ་མཛད་ནས་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པ་དེ་འདི་ཁོ་ན་ཙམ་ཡིན་པར་བསྒྲུབས་ཤིང་། མདོ་སྡེ་གཞན་གྱི་འགྲེལ་བ་ཡང་མང་པོ་མཛད། འདིའི་ཐད་ལ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲང་དཔྱོད་ལྡན་པ་འགའ་རེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེས་འགྲེལ་བ་ཤེས་རབ་སྒྲོན་མེ་མཛད་པའི་དགོས་པ་ནི་དབུ་མའི་ལྟ་བ་མཐར་ཐུག་རྟོགས་དཀའ་བར་བརྟེན་གོམ་པ་རིམ་འཛེགས་ཀྱི་ཚུལ་དུ་བགྲོད་བྱེད་ཀྱི་ཆེད་དུ་ཡིན་ཞེས་གསུངས་མཁན་ཡང་ཡོད། གང་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཁོང་ནི་སློབ་དཔོན་སངས་རྒྱས་བསྐྱངས་ལས་སློབ་མ་ཆེས་མང་པོ་ཡོད་མཁན་ཞིག་ཡིན་པས་ཁོང་སྐུ་བཞུགས་སྐབས་དབུ་མ་རང་རྒྱུད་པའི་ལྟ་གྲུབ་དར་ཁྱབ་ཧ་ཅང་ཆེ་ཞེས་གླེང་སྲོལ་འདུག རྟོག་གེ་བ་རེ་འགས་སློབ་དཔོན་ལེགས་ལྡན་འབྱེད་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་ཡང་བཤད་མོད། དེ་ནི་རྟོག་བཏགས་ཙམ་ལས་བདེན་པ་ནི་མིན་ནོ།། རྒྱུ་མཚན་ནི། སློབ་དཔོན་ལེགས་ལྡན་འབྱེད་ཁོང་སྤྱི་ལོའི་དུས་རབས་དྲུག་པའི་ནང་གི་མི་ཡིན་པ་ཁོང་རང་ཉིད་ཀྱིས་མཛད་པའི་རྩ་ཤེས་འགྲེལ་བ་ཤེས་རབ་སྒྲོན་མའི་ནང་སློབ་དཔོན་ཕྱོགས་གླང་གིས་སྲོལ་ཕྱེས་པའི་ནང་བའི་གཏན་ཚིག་རིག་པའི་རིགས་སྒྲོས་མང་པོ་ཞིག་གསལ་ན་འདིའི་སྟེང་ནས་སློབ་དཔོན་ལེགས་ལྡན་འབྱེད་ཕྱོགས་གླང་གི་རྗེས་སུ་བྱུང་བར་འདོད་པ་དང་། སངས་རྒྱས་བསྐྱངས་ཕྱོགས་གླང་གི་སྔོན་དུ་བྱོན་པ་དོན་དང་མཐུན་པ་དེབ་སྔོན་གསར་མའི་ནང་གསལ་བོ་གླེང་འདུག་གོ།། ༢༠༡༧-༥-༥

དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ། /* ལོ་རྒྱུས། */

Tags:

🔥 Trending searches on Wiki བོད་སྐད:

མཁས་འཇུག་སྡོམ་བྱང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཅུ་ཏཱ་ལའི་བླ་མ་ཟླ་༥ཚེས་༢༠ཉིན་མ་རིས་ལེན་ཌ།ཟླ་༣ཚེས་༥ཉིན་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིགགསོ་རླུང་།ཆོས་ཅན་བརྗོད་པའི་སྒྲ་ཕོ་བྲང་པོ་ཏ་ལ་པེ་ཅིང་གྲོང་ཁྱེར།༡༩༩༡ལོ།bx1slཟླ་༡༠ཚེས་༡༤ཉིན་བསམ་གཏན་བཞི་པའི་གནས་རིགས་བརྒྱད་དེ་ཤོ་ལེགས།རྒྱལ་སྤྱིའི་མིག་མངས།ཀུན་བཟང་བླ་མའི་ཞལ་ལུང་དཔལ་རིའི་སྨོན་ལམ་ཕོ་རོགམ་པུ་ཊོ།སིད་ནེ་ཟློས་གར་ཁང་།ཨོ་སི་ཐྲི་ཡ།ཐོན་མི་སམ་བྷོ་ཊ་ལྕགས་རིགས་བསྟན་བཅོས།སྡེ་དགེམ་ཧེ།སྡེ་དགེའི་བཀའ་འགྱུར་དཀར་ཆག་ཆང་གཉའ་ཁྲི་བཙན་པོ་སེ་ར་དགོན།ཧྥེ་ཧྥེ།ལའོ་སུ།མཛེ་ནད།འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན།སེ་རུལ་ཅན་གྱི་ལྕགས་རིགས།སློབ་དཔོན་དཔའ་བོ།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།མཁའ་འགྲོ།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།འཕགས་ལམ་ཡན་ལག་བརྒྱད།ཚད་མ་རྣམ་འགྲེལ།ཨེ་ཤེ་ཡ།ཧའི་ཏི།འོད་དཔག་མེད།གནས་ཆུང་དཔུང་ཚུགས་ཡན་ལག་བཞི་ཟླ་༤ཚེས་༢༤ཉིན་སྒྲོལ་མའི་ལོ་རྒྱུས་སྒྲ་སྙན།མཎྜལ།ཧེན་ཐའེ།ཐི་ཤོ་ལེགས།ཨའི་ཅི།ཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།དབུ་མ་ལ་འཇུག་པ་ཞེས་པའི་མཚན་བྱང་ཆོས་རྗེ་ཨ་དཀོན་རིན་པོ་ཆེ།བདེ་སྨོན་བསྡུས་པ་ཆབ་མདོ།ལུས་རྣམ་སྣང་གི་ཆོས་བདུན་ལྡན་སི་རི་ཡ།སྨྱུག་རྩ།གནམ་གྲུ🡆 More