དགའ་ལྡན་ཁྲི་ཐོག་གྱ་བཞི་པ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་

དགའ་ལྡན་ཁྲི་ཐོག་གྱ་བཞི་པ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་ནི། ཁམས་རྒྱལ་རོང་ཅོག་རྩེའི་ཁུལ་དུ་འཁྲུངས། སྐུ་ན་ཆུང་དུས་རང་དགོན་དུ་ཞུགས་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་ལ་བསླབས་པས་ཚེགས་མེད་དུ་མཁྱེན། ན་སོན་པ་དང་དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་མཛད་དེ་བཤེས་གཉེན་མཁས་པ་དུ་མའི་ཞབས་པད་ལ་བཏུགས་ནས་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་གནང༌། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་ས་གསུམ་གྱི་མཁས་པ་ཁྲི་ཕྲག་ཚོགས་པའི་དབུས་རྒྱལ་མཚན་དཀར་པོའི་འོག་ཏུ་གཞུང་ཆེན་བཀའ་པོད་ལྔར་རྩོད་སྒྲུབ་རིགས་པའི་ལམ་ནས་གྲྭ་སྐོར་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གཞན་དྲིང་མེད་པའི་མཁས་པ་དུ་མའི་ཞབས་དྲུང་ནས་གསང་སྔགས་ཀྱི་སློབ་གཉེར་གསན་བཞེས་ལེགས་པར་གྲུབ། པཎ་ཆེན་བསྟན་པའི་ཉི་མ་དང༌། ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་འབྲེལ་རྒྱ་ཆེར་ཞུས། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རྒྱུད་པའི་སྒྲིག་སྤྱོད་དང༌། ཊིཀྐཱ་སྐྱོར་སྦྱངས། བརྩི་བཞག་སོགས་དམ་པའི་གོང་མའི་ཕྱག་སྲོལ་མ་ཉམས་པར་འཛིན་སྐྱོང་སྤེལ་གསུམ་གྱི་རྣམ་ཐར་བཟང་པོ་བདག་གིར་མཛད། བསྟན་གླིང་རྒྱལ་ཚབ་ནོ་མི་ཧན་དེ་མོ་འཕྲིན་ལས་རབ་རྒྱས་ཀྱི་དབུ་བླར་བསྟེན་པ་ལྟར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཕུལ། སྨྲ༡སེར་སྨད་ཆོས་འབྱུང་༡༡༤ རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་༡༨༩༠ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་ལོ་བདུན་བསྐྱངས་རིང་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་བཤད་སྒྲུབ་ལས་གསུམ་ཀྱི་སྒོ་ནས་བླ་ན་སྤེལ། ཤིང་ལུག་༡༨༩༥ལོར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ཁང་དུ་འཛམ་གླིང་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ྋགོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ལ་ཕུར་མཆོག་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་མཆོག་གིས་མཁན་སློབ་སྦྲགས་མ་མཛད་ཅིང༌། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ཀྱིས་གསང་སྟོན། སྒྲུབ་ཁང་སྤྲུལ་སྐུ་བློ་བཟང་ངག་དབང་བསྟན་འཛིན་རྒྱ་མཚོས་དུས་གོ་བ་མཛད་ནས་བརྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཕུལ་པའི་སྐབས་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་དང་ཤར་རྩེ་ཆོས་རྗེ་བསྟན་པ་སྐལ་བཟང༌། བྱང་རྩེ་ཆོས་རྗེ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་སོགས་ཀྱིས་ཁ་སྐོང་གི་ལས་གྲྭ་གནང༌། རྒྱལ་རོང་ཁྲི་པ་འདི་ཉིད་ཆོས་སྲིད་གང་ཅིར་མཁྱེན་རྒྱ་ཆེ་བའི་ཚུལ་མི་མཛད་པར་གྲགས་ཀྱང༌། ངེས་པའི་དོན་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། ཁྲི་པ་ལས་ཐོག་སྐབས་སྒོ་མང་དགེ་བཤེས་ཤར་ཆེན་བསྟན་པ་སྐལ་བཟང་ལ། ངས་དགའ་ལྡན་གསེར་གདུང་ཁང་གི་ལྡེ་མིག་དེ་ཁྲི་བྱང་ཆུབ་སྤྲུལ་སྐུ་ལ་མ་གཏོགས། ཁྱོད་ལ་སྤྲད་རྒྱུ་མིན་ཞེས་ཡང་ཡང་གསུངས་པ་ལྟར། འབྲས་སྒོ་མང་འཇུག་ཆེད་པ་ཤར་ཆེན་བསྟན་པ་སྐལ་བཟང་ལོ་བཅུ་བཞིའི་རིང་ཤར་པ་ཆོས་རྗེའི་ཁྲིར་བཞུགས་པ་དེ་ཉིད། དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་ཉེ་མཚམས་གློ་བུར་ཞི་བར་གཤེགས་པས། ཁྲི་བྱང་སྐུ་ཕྲེང་གཉིས་པ་ཚུལ་ཁྲིམས་དཔལ་ལྡན་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཏེ། ཟླ་བ་གསུམ་ཙམ་སོང་རྗེས་དགའ་ལྡན་ཁྲི་ཆེན་སེར་སྨད་རྒྱལ་རོང་བློ་བཟང་ཚུལ་ཁྲིམས་ཁྲི་ལོ་བདུན་རྫོགས་པའི་བརྗེ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས་པ་སོགས་དོན་ལ་གནས་པར་གྱུར་པས་མངོན་ཤེས་ཐོགས་མེད་དུ་མངའ་བ་བཤད།༢དགའ་ཤར་ཆོས་འབྱུང་ འཁྲུངས་ལོ་དང་འདས་ལོ་སོགས་མི་གསལ། རྗེ་འདིའི་རྣམ་ཐར་ཟུར་འཁོད་རིགས་ཀྱང་མེད་པར་འདྲ།

Tags:

🔥 Trending searches on Wiki བོད་སྐད:

རྒྱ་གར།མལ་གྲོ་གུང་དཀར་རྫོང་།ཡེ་ཤུའི་འཁྲུངས་སྐར།ཁ་པུལ།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།ཏའེ་མི།རོས་ནེ་དེ་ཁར་ཏེ།རྒྱ་མཚོ་ཆེན་པོའི་གླིང་ཆེན།པ་པུ་འ་ནིའུ་གི་ནེ།ཧེན་ཐའེ།མེ་ཏོག་ཧོང་ཀྲང་།ཐེན་ནེ་སི།ལི་པི་ཡ།སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདའཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།ཚངས་དབྱངས་རྒྱ་མཚོའི་མགུར་གླུ།སེང་ག་གླིང་།ཁྲི་ལྡེ་གཙུག་བརྟན།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།ས་མུ་རའི།ལྗང་བུ།ལོ་བདུན་རིང་གི་བོད།ས་འགུལ་སྨྲ་བ་བསོད་ནམས་རྒྱ་མཚོ།པུ་རུ་ཟིལ།ཆོས་ཊ་བི་རི་ཛ།སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་།ཁུརོ་ཤི་ཡ།མཛེ་ནད།གང་འདྲ་ཞིག་ལ་དྲོད་ཁང་རླུང་གཟུགས་ཟེར།བཀྲ་ཤིས་བརྒྱད་པགསང་སྔགས་ལུགས་ཀྱི་མཆོད་པ་དང་བསྒྲལ་བའི་རྣམ་བཤད་མདོར་བསྡུས་པ་ཀེ་རི་སི།མཁན་ཆེན་ཞི་བ་འཚོ་ཁྱི།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽ཡོ་རོབ་གླིང་།རང་བཞིན་བརྗོད་པའི་རྒྱན་བཞི་དོན་གྲུབ་རྒྱལ།ཀི་རྒི་ཟ་སྟན།ཞི་བདེ་རྒྱ་མཚོ་ཆེན་པོ།དགུན་ཁ།གཏེར་སྟོན་རཏྣ་གླིང་པ་ཐེག་པ་ཆེན་པོ།リョབཙན་གཡེམ།ཁ་ཆེ་ཕ་ལུ།ཚའོ་ཚའོ།ནི་ཀོ་ལ་ས་ར་ཀོ་ཟི།ཐང་ཆེན་དམར་པོ།ནེའུ་ཡོར་ཀ།མ་ད་གཱ་སི་ཀར།ལུད་ཝིག་ཝིཏ་གེན་སི་ཏེ་ཡིན།བཀྲ་ཤིས་རྟགས་བརྒྱད།ཏཱལ་་ལིན།མངོན་བརྗོད།་བ་ར་ཏིསི་ལ་བ།སྨི།མངོན་རྟོགས་རྒྱན་སྨྱུག་རྩ།སྣ་མའི་མེ་ཏོགཀུན་བཟང་བླ་མའི་ཞལ་ལུང་ཧིན་ཏུའི་ཆོས་ལུགས།ལིའུ་པང་།ཁ་ན་ཌ།བི་སའོ།ཌ་ཀར་ཕ་ཁྲི་རི་ཟེ་ལི་མིན་བ།ཡི་ས་གར།🡆 More