གཙོས་ཀྱི་ཡུལ་ལྷ་སྤྱིའི་བསངས་ཡིག་

This page is not available in other languages.

ཨོཾ་ཨཱཿ ཧཱུཾ།  ཨོཾ་ཨཱཿ ཧཱུཾ །  ཨོཾ་ཨཱཿ ཧཱུཾ།   ཧཱུཾ།  ཆོས་དབྱིངས་རྣམ་དག་ཡེ་ཤེས་རོལ་བ་ལས། །ཕྱི་ནང་སྤྱན་གཟིགས་ཡིད་འོང་མཆོད་པའི་རྫས། །ནམ་མཁའི་དབྱིངས་ཁྱབ་ཀུན་བཟང་མཆོད་པའི་སྤྲིན། །ཟག་མེད་བདེ་བ་ཆེན་པོར་བྱིན་གྱིས་རློབས། །ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝ་རྟ་ཡ་ཧོ། བཛྲ་སྥ་ར་ན་ཁཾ་སྭཱ་ཧཱ།  བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག ། ཨོཾ་ཨཱཿ ཧཱུཾ། ལན་གསུམ།   ཧཱུཾ།  དག་བྱེད་ལྷ་ཤིང་སྣ་ཚོགས་བསྲེགས་པའི་སྤྲིན། །རིན་ཆེན་སྣ་ལྔའི་བསང་རྫས་ཕྱུར་སྤུངས་ཏེ། །ལྷ་ཡི་དྲི་ཆབ་གངྒཱའི་བསང་གཏོར་བཅས། །རྩེ་གཅིག་གུས་པས་བླ་མ་ལྷ་ཚོགས་དང་། །སྐྱབས་གནས་བཀའ་སྡོད་ཆོས་སྲུང་དཔའ་བོའི་ཚོགས། །རྒྱུད་སྡེ་བཞི་དང་སྒྲུབ་བརྒྱུད་བཀའ་སྲུང་སྤྱི། །ཁྱད་པར་ཉེར་བཞིའི་ཡུལ་དང་དུར་ཁྲོད་བརྒྱད། །འཛམ་གླིང་ཡུལ་ཆེན་སྤྱི་དང་བོད་ཡུལ་གྱི། །ལྷ་གཉན་ཆེ་དགུ་བརྟན་མ་བཅུ་གཉིས་དང་། །མགུར་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང་། །མ་ཕམ་གཡུ་མཚོ་ཁྲི་ཤོར་རྒྱལ་མོ་སོགས། །གནས་རི་མཚོ་དང་བྲག་ལ་བསྟེན་པ་ཡི། །ལྷ་ཀླུ་ཆེ་བཙན་གཉན་ཆེན་སྡེ་བརྒྱད་དང་། །དྲེགས་པ་སྤྱི་དང་འགོ་བའི་ལྷ་ལྔ་དང་། །སྐྱོབ་པའི་ལྷ་དགུ་དགྲ་ལྷ་ཝེར་མའི་ཚོགས། །བར་ཆད་སྲུང་ཞིང་སྡོང་གྲོགས་གཉེར་མཛད་པའི། །ལྷ་ཚོགས་ཀུན་ལ་མཆོད་དོ་ཨོཾ་ཨཱཿཧཱུཾ། ། གཞན་ཡང་མདོ་སྨད་སྲིད་པའི་ལྷ་གཉན་ཆེ། །རྨ་རྒྱལ་སྤོམ་ར་གསང་ཡུམ་གོང་སྨན་དང་། །དཔའ་མཛངས་སྲས་དང་རྨ་རིགས་སུམ་བརྒྱ་དང་། །རྨ་འཁོར་སྟོང་སྡེ་གཉན་དམག་བྱེ་བའི་ཚོགས། །གཉན་པོ་གཡུ་རྩེ་ལ་སྒོ་གོང་སྔོན་དང་། །དུང་རི་ཞལ་དཀར་རིན་ཆེན་གཟི་འབར་བ། །ཡུལ་སྐྱོང་གནམ་མཐའ་རྩེ་དྲུག་སྙིང་བདུན་དང་། །དགེ་བསྙེན་ཕྱིང་དཀར་ལ་སོགས་མདོ་སྨད་ཀྱི། །ཡུལ་སྐྱོང་སྤྱི་དང་བྱེ་བྲག་ཀུན་ལ་བསངས། ། ཁྱད་པར་སློབ་དཔོན་པདྨའི་བཀའ་ཉན་པ། །སྣང་སྲིད་ཀུན་བདག་སྔོ་ལ་གཡུ་རྩེ་དང་། །གསང་ཡུམ་མ་མ་ལུ་གུ་སྲས་བཅས་དང་། །ལྷ་བྲག་དཀར་བོ་སྡོངས་གྲོགས་ཞལ་དཀར་དང་། །གྲོགས་བྱེད་མགོ་དཀར་མགོ་སྔོན་ལ་སོགས་པ། །བར་སྣང་ས་གཞི་ཀུན་གང་ལྷ་ཀླུ་གཉན། །བསང་མཆོད་འདོད་ཡོན་ལྔ་ལྡན་རྫས་ཀྱིས་མཆོད། ༈ །ལྷ་གཉན་ཆེན་པོ་རྡོ་རྗེ་གཟི་འབར་དང་། །སྡེ་བརྒྱད་དམག་དཔོན་རྒྱལ་བོ་ཡབ་ཡུམ་སྲས། །སྟག་ཤར་དཔའ་ཆེན་རྒྱ་ཏིས་དབང་རྒྱལ་དང་། །ལྷ་ཆེན་ཁྱུང་རྩེ་ཐོག་ལྷ་ཐོག་རྒོད་ཆེ། །གཡང་འདུས་དཔའ་བོའི་སྙིང་དགུའི་ལྷ་རྣམས་དང་། །ཁྲིམས་གཙང་དགེ་འདུན་སྐྱོང་བའི་ལྷ་གཉན་ཆེ། །རིག་འཛིན་དུང་ཕྲུག་ཡབ་ཡུམ་བློན་འཁོར་བཅས། །སྒོམ་པ་རིན་ཆེན་སྟག་པ་ཧོར་ལམ་དང་། །དཔའ་མཁར་བྲག་དམར་ཀླུ་ཐོ་དཀར་བོ་སོགས། །འདོད་དགུའི་ཕྱྭ་གཡང་སྩོལ་མཛད་ནོར་གྱི་ལྷ། །ཐོད་ཆིངས་ལེགས་བྱིན་རྒྱལ་བོ་ཡབ་ཡུམ་སྲས། །སྡེ་བརྒྱད་དབང་བསྒྱུར་འཕྲུལ་བའི་བློན་འཁོར་ཚོགས། །རབ་བྱུང་སྡེ་སྤེལ་ཡུལ་ལྷ་ཟོ་མོ་དང་། །རིགས་རྒྱུད་ལོངས་སྤྱོད་གཏེར་ལ་དབང་འབྱོར་བའི། །བཀྲ་ཤིས་ལྷ་ཡི་དཔལ་མོ་མཛེས་ལྡན་དང་། །དགྲ་སྲོག་འཕྲོག་པའི་གནོད་སྦྱིན་ཤན་པའི་གཙོ། །མཐུ་ཆེན་དགྲ་ལྷའི་དབང་གི་རྒྱལ་བོ་དང་། །དགེ་བསྙེན་ཆེན་པོ་བྲག་དམར་གཏེར་གྱི་བདག །རྩལ་ལྡན་དགྲ་ལྷ་དཀར་བོ་མདའ་སྒྲོ་དང་། །ཡུལ་སྐྱོང་ཆེན་པོ་གདོང་གྱའི་རི་སྔོན་དང་། །མཐུ་ལྡན་ནགས་རྒན་སྲིད་པའི་ལྷ་གཉན་ཆེ། །སྟག་ལུང་སྤུན་གསུམ་རི་ཤོད་ལུང་རྗེ་དང་། །དགོས་འདོད་ཀུན་སྩོལ་ཡུལ་ལྷ་ཕྱག་རྒྱ་དང་། །ལུང་དཀར་བཙན་རྒོད་རྡོ་རྗེ་གཞོན་ནུ་དང་། །ལོངས་སྤྱོད་མངའ་བདག་ཡུལ་ལྷ་ནོར་བུ་གསུམ། །སྒེག་མཛེས་རྒྱན་ལྡན་ཀླུ་དར་རྩེ་རྒོད་སོགས། །གཞན་ཡང་ཡུལ་འདིའི་རི་བྲག་སྤང་ལྗོངས་དང་། །ནགས་ཚལ་ཆུ་མིག་ལམ་སྲུང་སུམ་མདོ་སོགས། །ཀུན་ལ་གནས་པའི་ལྷ་ཀླུ་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་གཏེར་ཐམས་ཅད་ལ། །ལྷ་ཤིང་ཤུག་པ་འཁན་པ་བ་ལུ་དང་། །དྲི་ཞིམ་ཙན་དན་འབྲུ་སྣ་ལྔ་ཡི་རྫས། །དཀར་གསུམ་མངར་གསུམ་ཇ་ཆང་འོ་མའི་སྐྱེམས། །ནམ་མཁའ་གང་བའི་བསངས་ཀྱི་དུད་སྤྲིན་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །ཟག་མེད་ཀུན་བཟང་མཆོད་ཚོགས་ཕུང་བོ་འདིས། །གསོལ་ལོ་མཆོད་དོ་འབུལ་ལོ་ཨོཾ་ཨཱཿ ཧཱུཾ། ། དེ་ལྟར་མཆོད་པས་ཐུབ་པའི་བསྟན་པ་སྤྱི། །ཁྱད་པར་ཞྭ་སེར་དགེ་འདུན་འདུས་པའི་སྡེ། །ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་བཅུའི། །མཛད་འཕྲིན་ཡར་ཟླའི་དཔལ་ལྟར་རྒྱས་པ་དང་། །ལས་བཞིའི་འཕྲིན་ལས་གཡེལ་མེད་སྡོང་གྲོགས་མཛོད། །རྒྱལ་ཁམས་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །ཆར་ཆུ་དུས་འབེབ་ལོ་ཕྱུགས་རབ་རྒྱས་ཏེ། །དགྲ་ཇག་ཆོམ་རྐུན་བཙའ་ཐན་ཐོག་སེར་སོགས། །ཉེར་འཚེ་མཐའ་དག་དམིགས་མེད་ངང་ཞི་སྟེ། །ཚེ་བསོད་སྟོབས་འབྱོར་རིགས་བརྒྱུད་སྙན་པའི་གྲགས། །ཅི་བསམ་འདོད་དོན་ལྷུན་གྱིས་འགྲུབ་པ་དང་། །དགེ་མཚན་ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད། །གཞིས་ལ་སྡོད་ཚེ་ཡུལ་ཁྱིམ་བཀྲ་ཤིས་ཤིང་། །ནད་མེད་ཚེ་རིང་འཕན་དར་ལོངས་སྤྱོད་འཕེལ། །བྱེས་སུ་འགྲོ་ཚེ་དགྲ་ཇག་འཇིགས་ལས་གྲོལ། །ཚོང་དང་ཁེ་སྤོགས་འདོད་པའི་དོན་ཀུན་འགྲུབ། །(ཚིགས་བཅད་འདི་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་ངོ་། །) ཕྱི་ནང་རྐྱེན་ངན་བར་ཆད་མ་ལུས་བཟློག །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་བཞིན་རྒྱས། །སྲིད་གསུམ་དྲེགས་ལྡན་ཆེ་དགུ་དབང་དུ་བསྡུས། །མཁོ་དགུ་ལེགས་ཚོགས་ཕྱྭ་དང་གཡང་དུ་ཁུག །(ཚིགས་སུ་བཅད་པ་འདི་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་ངོ་། །) བཀྲ་ཤིས་གཡང་དུ་ཆགས་པའི་ནོར་འཛིན་གཞིར། །བཀྲ་ཤིས་སྒྲ་དབྱངས་སྒྲོག་པའི་སྐྱེ་དགུ་ཡིས། །བཀྲ་ཤིས་དགེ་ལེགས་འབུམ་གྱི་སྐལ་བཟང་མཆོག །བཀྲ་ཤིས་ཀུན་དགའི་དཔལ་དུ་རོལ་བར་ཤོག །(བཀྲ་ཤིས་ཀྱི་ཚིགས་བཅད་འདི་ཡབ་རྗེ་༧ བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེའི་གསུང་ངོ་། །)   
       ཅེས་བོད་ཡུལ་མདོ་སྨད་ལྷོ་རྒྱུད་ཕྱོགས་ཀྱི་ཡུལ་ལྷ་མཐུ་བོ་ཆེ་རྣམས་གཙོ་བོར་འདུས་པའི་ཐོག་གཙོས་ཀྱི་ཡུལ་ལྷ་གཞི་བདག་མ་ལུས་པ་ཐོན་པའི་བསངས་མཆོད་བཀྲ་ཤིས་དགེ་ལེགས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ནི་གཙོས་ཁྲི་ཆེན་༧བློ་བཟང་རྒྱལ་མཚན་སེངྒེ་དཔལ་བཟང་པོ་ཡབ་སྲས་གཉིས་ཀྱིས་མཛད་པའི་གཙོས་ཀྱི་ཡུལ་ལྷའི་བསངས་ཡིག་དང་བསངས་ཀྱི་ཁ་མཛོད་དང་། ཀུན་མཁྱེན་ཆེན་པོ་འཇིགས་མེད་དབང་པོས་མཛད་པའི་གཙོས་ཀྱི་གཞི་བདག་རྣམས་ཀྱི་བསངས་མཆོད་མདོར་བསྡུས་ལས་འབྱུང་བ་རྣམས་ལ་གཞིར་བྱས། དེ་དག་ཏུ་མ་ཐེ་བ་རྣམས་ཞིབ་ཏུ་དྲི་གཏུགས་ཀྱིས་ཆ་ཚང་བར་བཀོད་པ་འདི་ནི་གཞན་གྱི་བསྐུལ་ངོ་མ་བཟློག་ཙམ་དུ་འདུ་གསུམ་པ་པྲ་ཛྙ་ས་ག་རས་ལྕགས་གླང་ལོའི་ས་གའི་ཚེས་ལ་སྦྱར་བ་དགེ།    །། 

Tags:

🔥 Trending searches on Wiki བོད་སྐད:

དཔལ་ལྡན་ལྷ་མོའི་གསོལ་མཆོད་ཀཱ་རི་ཀ་ལྔ་བཅུ་རྩམ་པ།པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་ཆོས་གྲགས་དག་ཡིག་ངག་སྒྲོན།ཕམ་པ་བཞི་བྱང་ཀོ་རི་ཡ།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ།བློ་སྦྱོང་ཚིག་རྐང་བརྒྱད་མ་བོད་རྗེ་གཉའ་ཁྲི་བཙན་པོ་ཁྲི་ལ་འཁོད་དུས་སུ་བཏོན་པའི་དོགས་པ་དྲུག་ནི་གང་གང་ཡིན་ནམ་མར་ཁེ་སེ་རིང་ལུགས།ཁྱིམ་ཐབ་མེད་པར་གནས་པའི་མི་ཚེ།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ།ལེའུ་ཁོ་ལོམ་བི་ཡ།Vanessa Lauམངོན་བརྗོད།་མི་བཟོས་རིག་ནུས།མཐུན་པ་སྤུན་བཞི་ལམ་གཙོ་རྣམ་གསུམ་བོད་ཀྱི་ཆོས་ལུགས་རོལ་ཆསརྙིང་མའི་གདན་ས་ཆེན་པོ་དྲུག་ལེགས་བཤད་ལྗོན་དབང་རྭ་སྒྲེང་དགོན་པ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།༢༠༠༨ལོ།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།༣༡ (གྲངས་ཀ།)ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མངོན་རྟོགས་རྒྱན་ཁྲི་སྲོང་ལྡེ་བཙན་གྱི་སྲས་གསུམ་སློབ་དཔོན་སེང་གེ་བཟང་པོ།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་སྔགས་དྲུག་ཕྱག་དྲུག་གི་འགྲེལ་བཤད།བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་རྣམ་ཐར་སྒོ་བཞི་ཚད་མ་རིག་པ་ཧའི་ཏི།ཨརྱ་དེ་བ་དབང་པོ་ལག་པཟླ་༡ཚེས་༡༦ཉིན་ནང་ཆེན།སྒྲིབ་གཉིས་་རིགས་ལྔ།ཡང་འཇུག་གཉིས་ཨར་ལེན་ཌ།བྷང་ལ་རྡེ་ཤུ།མར་མེ་འབུལ་ཚུལ་ཟླ་༥ཚེས་༡༠ཉིན་མཚོ་དབུས་གེ་སར་སྣང་སྲིད་ཞི་བ་ཟླ་༡༡ཚེས་༢༨ཉིན་སྤོ་མེས་རྫོང་།ལི་སོ་ཐོ།ཁ་སྐྱེལ་པ།མཁན་ཆེན་ཞི་བ་འཚོ་སྣར་ཐང་སྔགས་བཀླག་ཐབས་༡༩༩༥ལོ།ཏུ་ནི་ཤི་ཡ།༢༠༠༧ལོ།བསྲེས་ལྕགས།ཚད་ཆེན་ཨི་ཁུའ་ཊོ་རལ་གི་ནེ།ཕྱོགས་བཅུའི་མུན་སེལ་བོད་ཀྱི་ལོ་ཚིགས་བརྩི་སྲོལ་🡆 More