གངས་རིའི་འོད་

ཡོངས་ཁུངས། ལུག་ཚང་དཔལ་ཡོན་དྲ་བ།

༄༅།། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མི་ཚེ།                                                    རྩོམ་པ་པོ། ཨེ་ཏོ་ཏོ།                           རྒྱལ་ཞེན་ཤེས་རབ་སྙིང་སྟོབས་ཅན།།   མཁས་དབང་དགེ་འདུན་ཆོས་འཕེལ་ནི།། ཕྱི་ལོ་གཅིག་དགུ་ཐིག་གཉིས་ལོར།། རེབ་གོང་ཞོ་འཕོང་ཞེས་པའི་སར།། ཕ་ཡབ་སྔགས་འཆང་རྡོ་རྗེ་དང་།། མ་ཡུམ་པད་མ་སྐྱིད་གཉིས་ཀྱི།། སྲས་སུ་དགེ་འདུན་ཆོས་འཕེལ་འཁྲུངས།། དགུང་གྲངས་བདུན་ཙམ་ལོན་པ་ན།། ཡབ་ཆེན་དགོངས་པ་ཞི་བར་གཤེགས།། དགུང་གྲངས་བརྒྱད་ལ་ཐོན་སྐབས་སུ།། ཡ་མ་བཀྲ་ཤིས་དགོན་པའི་ནང་།། ཨ་ཁུ་བསྟན་པ་ཞེས་བྱའི་སར།། ཡི་གེ་འབྲི་ཀློག་སོགས་ལ་བསླབས།། རང་ལོ་བཅོ་ལྔར་སླེབས་པའི་དུས།། ཞྭ་མར་པཎྚི་ཏའི་གདན་ས།། དྷི་ཚ་བཀྲ་ཤིས་ཆོས་གླིང་དུ།། ཕེབས་ཏེ་བློ་རིག་ཕྱོགས་ལ་བསླབས།། དེ་ནས་དགུང་ལོ་བཅུ་དགུའི་ཐོག། མདོ་སྨད་རིག་པའི་ལྟེ་བ་ཞེས།། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།། འཛིན་གྲྭ་འོག་མ་རིམ་བགྲོད་ནས།། སློབ་སྦྱོང་ཕྱོགས་ལ་འབད་བརྩོན་བྱས།། མཁས་པའི་སྙན་པ་ཕྱོགས་ཀུན་གྲགས།། དེ་དུས་དགེ་ཆོས་འཛིན་གྲྭ་ལ།། ཐ་སྙད་འཛིན་གྲྭ་ཞེས་སུ་གྲགས།། འདི་ནི་བསྟོད་ཚིག་མ་ཡིན་དེ།། ཕྲག་དོག་མཚོན་གྱི་ཟུར་ཟའི་ཚིག། དེ་ནས་དགེ་འདུན་ཆོས་འཕེལ་གྱིས།། ཚན་རིག་ཕྱོགས་ལ་བསླབ་མགོ་བརྩམས།། ཤོག་བུའི་གནམ་གྲུ་ཆུང་ཆུང་ཞིག། གཙང་ཆུའི་ཕ་རོལ་འཕུར་དུ་བཅུག། དགོན་པའི་བླ་རྒན་བགྲེས་པོ་ཚོས།། བཀའ་ཆོས་ནང་ན་གསུངས་ཡོད་པའི།། གནམ་གྲུ་བཟོ་སྟངས་རིག་པ་དེ།། དགེ་ཆོས་ཁོ་ཡིས་ཤེས་ནས་འདུག། དེ་འདྲ་ལབ་པའི་དུས་ཙ་ན།། དྷི་ཚའི་ལ་རྒྱ་ཕྲག་བཞེས་དེ།། འཇམ་དབྱངས་བཞད་པའི་ཡིག་ཆ་ལ།། དོགས་པ་ཅུང་ཟད་རེ་བྱས་ཚེ།། བླ་བྲང་ཡུལ་གྱི་དགེ་བཤེས་ཚོས།། ལ་ལས་རྣམ་དཔྱོད་ཅན་རེད་ཅེས།། ལ་ལས་ཁོང་ལ་དམའ་འབེབས་བྱས།། ཅུང་ཟད་དཀའ་ངལ་འཕྲད་པའི་ཚེ།། ཁོང་གིས་ཐུགས་འདང་ཞིབ་ཏུ་བརྒྱབ།། ལྷ་ལྡན་ཕྱོགས་སུ་འགྲོ་ཐག་བཅད།། ཕྱི་ལོ་གཅིག་དགུ་ཉེར་དྲུག་ཞེས།། དགུང་ལོ་ཉེར་ལྔར་སླེབས་པའི་དུས།། ལྷ་ལྡན་འབྲས་སྤུངས་ཡུལ་དུ་གཤེགས།། ཀླུ་འབུམ་ཁང་ཚན་ཞེས་པའི་སར།། རྡོ་རྦས་ཤེས་རབ་རྒྱལ་མཚན་མདུན།། ནང་དོན་ཕྱོགས་ལ་སློབ་སྦྱོང་བྱས།། མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ།། སྤྱི་ལོ་གཅིག་དགུ་སོ་གསུམ་མམ།། དགུང་གྲངས་སུམ་ཅུ་སོ་གཉིས་ལོར།། དཀའ་བ་བརྒྱ་ཕྲག་ཁྱད་བསད་དེ།། ལྷོ་ཕྱོགས་རྒྱ་གར་ཡུལ་དུ་བྱོན།། ཆབ་སྲིད་དཔལ་འབྱོར་དམག་དོན་དང་།། ལེགས་སྦྱར་སྐད་དང་དབྱིན་ཡིག་སོགས།། ཡོད་ཚད་ལེགས་པར་བསླབས་པའི་རྗེས།། ཡོངས་འཛིན་ཁྲི་བྱང་རིན་ཆེན་དང་།། ཀ་ཤོད་གཉིས་ཀྱིས་ཡིག་སྐུར་ནས།། ཁྱེད་རང་ཕྱིར་ཕེབས་གནང་ཞེས་གསོལ།། སྤྱི་ལོ་གཅིག་དགུ་ཞེ་དྲུག་གམ།། དགུང་ལོ་ཞེ་ལྔར་སླེབས་པའི་དུས།། བདེ་བླག་ངང་དུ་ཞབས་སོར་འཁོད།། ཕྱི་ལོ་གཅིག་དགུ་ཞེ་དྲུག་ལོར།། དེབ་ཐེར་དཀར་པོ་བརྩམས་མགོར་བཟུང་།། གཅིག་དགུ་ཞེ་དྲུག་སྨད་ཙམ་ནས།། དགེ་འདུན་ཆོས་འཕེལ་འཛིན་བཟུང་བྱས།། ལོ་གསུམ་བཙོན་ཁང་ནང་དུ་བཅུག། བཙོན་གྲོལ་བྱས་རྗེས་འདི་སྐད་གསུངས།། བསྟན་བཅོས་འདི་ཉིད་རྩོམ་པ་ལ།། ཕྱིར་ན་བར་ཆད་ངོ་ཙམ་ཡོད།། འདི་འདྲའི་བར་ཆད་ཆེན་པོ་ཞིག། ཡོད་པ་གཏན་ནས་ངས་མ་གོ། འདི་ཉིད་མཇུག་དྲིལ་ཐུབ་མ་སོང་།། འཛམ་བུ་གླིང་ན་རྙེད་དཀའ་བའི།། བཻཌཱུར་ཡིད་བཞིན་ནོར་བུ་ཞིག།། བོད་པས་རྡོ་ལ་བཏབ་པ་འདིས།། ད་ལྟ་ཡོངས་སུ་ཚིམ་པར་བྱོས།། ཕྱི་ལོ་གཅིག་དགུ་ལྔ་བཅུའམ།། དགུང་ལོ་ཞེ་དགུའི་དུས་སུ་གཤེགས།། ཡིད་བཞིན་རིག་མཛོད་ཆེན་མོ་ཞིག། བོད་པ་ཚང་གིས་མེ་ལ་བསྲེགས།། 

Tags:

🔥 Trending searches on Wiki བོད་སྐད:

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང༌ཐོག་རྗེ་ཐོག་བཙན།མར་མེ་འབུལ་ཚུལ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་དྲུག་པ་ཚེས་བཞི་ཨ་ཧྥུའུ་རྒན་སི་ཐན།ཡུ་ཊོབ་བདེ་སྨོན་བསྡུས་པ་མཐུན་གསུམབ་ཕྱུགས་ལྷ་བསང་།ཤ་བ།ལྷ་བླ་མ་བྱང་ཆུབ་འོད་ཨོབྱིས་སྒྲུང་ཕག་པ།སེ་པན་སྐད།མངོན་བརྗོད་བསྟན་འཛིན་རྒྱ་མཚོ།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་བཙན་པོ་བསྟན་འཛིན་འཇམ་དཔལ་འཕྲིན་ལས།གཏེར་སྟོན་སངས་རྒྱས་གླིང་པ་དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ཀརྨ་བཀའ་བརྒྱུད་ཆགས་སྦྱོར་བྱེད་པ།རྟའུ་བློ་བཟང་དཔལ་ལྡན་བུ་སྟོན་ཆོས་འབྱུང།དཔལ་ལྡན་ལྷ་མོ།མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་རྒྱལ་སྲས་ལག་ལེན།ཁ་བཏགས།ཨི་ཐི་ཨོ་པི་ཡ།ཨར་ལེན་ཌ།ཁྱབ་འཇུག་གི་འཇུག་པ་བཅུ་འཇོལ་མོ།མཇེ་སྦལ་ཏི་༄༅།། བར་དོ་ཐོས་གྲོལ།བསྟན་རྒྱས་སྨོན་ལམ།༢༠༡༠ལོ།ལྟུང་བཤགས་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །གོང་ས་མཆོགཔཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་ཐེག་པ་ཆེན་པོ།འབྲུག་གི་རྒྱལ་དར།གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགབོད་ཀྱི་འདྲ་གཟུགས་ཡི་གེ་ཙོང་རིལ།སྔགས་དྲུག་ཕྱག་དྲུག་གི་འགྲེལ་བཤད།ཀུན་གཞིའི་རྣམ་ཤེས་ཨིན་ཌི་ཡཱ་ན།གླང་མདུན་དཔལ་འབྱོར་ཝོལ།དོམ་ཁྲཨརྱ་དེ་བ་ཁྲིམས།ཚོགས་གླུ་གསུབ་རབ་ཡན་ལག་བཅུ་གཉིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།ཕོ་བྲང་པོ་ཏ་ལ་ཐང་སྟོང་རྒྱལ་པོ།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ། ཟརངས་ཁྲགཁཱར​་ལ་མར་ཁེ་སི་རྭ་སྒྲེང་དགོན་པ།རྒྱུད་བཞི་ཚད་ཆེན་🡆 More