ལྷ་བླ་མ་བྱང་ཆུབ་འོད་

ལྷ་བླ་མ་བྱང་ཆུབ་འོད་ནི། སྟོད་ཀྱི་མགོན་གསུམ་གྱི་རྒྱུད་པ་ཡིན་ཞིང་། ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་འཁྲུངས། འདི་ཉིད་ཀྱི་ཡབ་འཁོར་རེའི་སྲས་ལྷ་ལྡེ(ཡབ་སྲོང་ངེ་ཡིན་ཞེས་པའང་སྣང)ཡིན་ཞིང་། རབ་ཏུ་བྱུང་ནས་མཚན་བྱང་ཆུབ་འོད་ཅེས་གསོལ། བྱང་ཆུབ་འོད་ཀྱི་ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་བཙོན་ནས་འདོན་ཕྱིར་དབུས་གཙང་གི་རབ་ཏུ་བྱུང་བ་རྣམས་ལ་ཤམ་ཐབས་ཀྱི་ཁྲལ་དང་། བོད་ཁམས་གླིང་དགུའི་འབངས་ལ་གསེར་གྱི་ཁྲལ་མོ་ཆེ་ཐེངས་གསུམ་བསྡུས། ཕྱག་རྫས་ཡོད་རྒུ་གསེར་དུ་བསྒྱུར་ནས་ཁུ་བོ་བླུ་བར་གར་ལོག་ཏུ་ཕེབས་རུང་། ཁུ་བོས་ཁོང་ཉིད་བཙོན་ནས་འདོན་མ་དགོས་པར་གསེར་དེ་རྣམས་ཁྱེར་ཏེ་རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་ཞུས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་གཏོང་དགོས་པའི་བཀའ་གནང་བ་བཞིན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཇོ་བོ་རྗེ་གདན་འདྲེན་པར་མངགས། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྟ་དཀར་མི་དཀར་གསུམ་བརྒྱ་ཐམ་པས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པའི་མཆོད་རྫས་ཐོགས་ཏེ་ཕེབས་བསུར་བཅར། དེ་བཞིན་གླུ་གར་དང་བཀྲ་ཤིས་པའི་ཤིས་པ་བརྗོད་པ་སོགས་གཟབ་ཅིང་རྒྱས་པའི་བསུ་བ་ཞུས། དེའི་སྐབས་སྔར་མེད་པའི་རག་དུང་གསར་དུ་བཟོས་ཏེ་ཇོ་བོ་རྗེ་སྤྱན་འདྲེན་པའི་ཕྱིར་འབུད་པ་དེ་ནས་བཟུང་བོད་དུ་དུང་ཆེན་འབུད་སྲོལ་དར་ལ་དུང་ཆེན་དེ་ལ་ལོ་པཎ་སྤྱན་འདྲེན་པའི་དུང་ཆེན་ཞེས་གྲགས། དེ་སྐབས་ལྷ་བླ་མ་བྱང་ཆུང་འོད་ཀྱིས་ཇོ་བོ་རྗེར་ཞུ་རྟེན་དུ་གསེར་མང་པོ་ཕུལ་ནས་ཐོག་མར་གནད་དོན་གསུམ་བཀའ་འདྲི་ཞུས་པ་སྟེ། “སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ལགས་སམ་ཅིག་ཅར་དུ་འཇུག་པ་ལགས། ཕྱི་ནང་གི་ཁྱད་པར་གང་ལགས། དགེ་སློང་གི་རྡོ་རྗེ་སྔགས་ཀྱི་དངོས་དབང་གོང་མ་རྣམ་གཉིས་བླང་དུ་རུང་མི་རུང”ཞེས་ཞུས་པའི་ལན་དུ། ཇོ་བོ་རྗེས“རིམ་གྱིས་ཡིན”ཞེས་གསུངས་ནས་ལམ་སྒྲོན་མཛད། “སྐྱབས་འགྲོདང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡོད་མེད་ཡིན། གསང་བ་ཤེས་རབ་ཡེ་ཤེས་ནི་ཚངས་པར་སྤྱོད་པས་བླང་བར་མི་བྱ”ཞེས་གསུངས་སོ། ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་རིང་ལ་ལོ་ཆེན་རིན་ཆེན་བཟང་པོས་དམ་པའི་ཆོས་མང་པོ་བསྒྱུར་བ་དང་། སྐུ་ཚེའི་སྨད་ལ་སྤུ་ཧྲེང་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་གནང་བ་ལྟར་ཡུལ་དབུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་དྷི་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་དང་། མ་རྒྱུད་འགའ་ཞིག་བསྒྱུར། འདིའི་ལོ་རྒྱུས་ཞིབ་པ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི《མངའ་རིས་ཆོས་འབྱུང》ལ་གསལ།

Tags:

🔥 Trending searches on Wiki བོད་སྐད:

ཤུགས་རིག་པ།རྟ་མགྲིན།རྒྱལ་ཁབ་དག་གི་མིང་།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།༢༠༢༣ལོ།གསེར།མོ་སི་ཁོ།རླངས་ཆུ།གནས་ཆུང་ལེ་ཨོ་ན་ཏོ་ཏ་ཧྥིན་ཆི།སྒྲུང་གཏམ་བྲི་བར་ཇི་ལྟར་འཇུག་དགོས་སེམས་ཁམས་རིག་པ།འབྲས།ཐཱན༦༠ཇི་བའོ་ཊི། (གྲོང་རྡལ།)གཙོད།ཧི་མ་ལ་ཡ།མི་དགེ་བ་བཅུམ་ལ་སུང་རྒྱུགས་འགྲན།གཏེར་སྟོན།བོད་སྐད།ཨ་ཌི་སི་ཨ་བ་བ།པན་ཆེན་བླ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཡཱ་ཁོ་དང་ཝེ་ལེམ་.ཀོ་ལིམ།སློབ་དཔོན་ཐུ་མི་སམ་བྷོ་ཊ།གོང་ས་མཆོགཁ་ཆེའི་ཡུལ་ཁབ་ལེན།ཟླ་༧ཚེས་༡ཉིན་སྙིང་ཐིག་སྔོན་འགྲོ་ཞི་བདེ།༢༠༡༥ལོ།སྣོད་ཀྱི་སྐྱོན་གསུམ།སེ་པོ་རི་ཡ།ཨུཀ་རཡི་ནི་སྐད།ཏོ་རི་ལུང་བཙན​།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་བཀྲ་ཤིས་རྟགས་བརྒྱད།ཕུར་བུ།བརྒྱངས་དཀྲོལ།གེ་སར་རྒྱལ་པོ།ཐིམ་ཕུ།སྦྱིན་པ།ཤོག་བུ།སྐད་རིགས།ཕར་ཕྱིན་དྲུག་འབྲུག་ཡུལ།འཁྲིག་སྦྱོར་གྱི་ཤེས་བྱ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།ཡ་མ་སོན་གཙང་པོ།སྐད་བརྡ་རིག་པ།བྱང་སྣེའི་དོམ་དཀར།བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།སྤྱི་བོ་རྒྱ་སྲུངས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །ཁྱད་པར་དུ་འཕགས་པའི་བསྟོད་པ་བཻ་རོ་ཙ་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།སྣང་ས་འོད་འབུམ་མིའི་རིགས་རྣ་ལྷན་འབུར་ནད་དུག་མལ་ཏ།རྣམ་དབྱེ་བརྒྱད་ས་སྐྱ་ལེགས་བཤད།🡆 More