ཀ་ཅོག་ཞང་གསུམ

བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་གཞོན་གསུམ་སྟེ། འབྲོ་ཀ་བ་དཔལབརྩེགས་དང་༌། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ཡིན། ཡོངས་གྲགས་ཀྱི་ལོ་རྒྱུས་ཡིག་ཆ་ཚང་མར་ཀ་ཅོག་ཞང་གསུམ་ཞེས་བརྗོད་བདེ་བའི་དབང་དུ་བྱས་ནས་གོ་རིམ་དེ་ལྟར་མཛད་ཀྱང་༌ །ཀ་བ་དཔལ་བརྩེགས་ཀྱིས་ཕྱོགས་བསྒྲིགས་མཛད་པའི་《དཀརཆག་ལྡན་དཀར་མ་》ལས། ཅོག་རོ་ལོ་ཙཱ་བའི་མཚན་སྨྲོས་པའི་ཚེ་སློབ་དཔོན་ཀླུའི་རྒྱལ་མཚན་ཞེས་དང༌་། ཞང་ལོ་ཙཱ་བ་ལ་མཁན་པོ་ཡེ་ཤེས་སྡེ་ཞེས་ཞེ་སའི་ཆེ་བརྗོད་ཡོད་པ་དང་། ཀ་བ་དཔལ་བརྩེགས་རང་ཉིད་ཀྱི་མཚན་སྨྲོས་པའི་ཚེ། སྒྲ་བསྒྱུར་གྱི་བན་དེ་དཔལ་བརྩེགས་ཞེས་སྤྱིར་བཏང་གི་མིང་ཐོག་ནས་བཀོད་གནང་མཛད་ཡོད་པས་དེའི་གོ་རིམ་ལྟར་བྱས་ཚེ།ཞང་ཅོག་ཀ་གསུམ་ཞེས་བརྗོད་དགོས་པ་ལྟར་སྣང་ཞིང༌་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ཚང་མའི་ནང་ཀ་ཅོག་ཞང་གསུམ་མཁན་ཆེན་བོ་དྷི་སྭ་ཏྭ་དང་༌།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། བཙན་པོ་ཁྲི་སྲོང་ལྡེ་བཙན་བཅས་སྐུ་འཚོ་བཞུགས་སྐབས་མཁན་སློབ་གཉིས་ཀའི་ལོ་ཙཱ་བ་མཛད་པ་མ་ཟད། མཁན་ཆེན་སྐུ་གཤེགས་རྗེས་རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་ཡ་ན་དང༌་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་ཆོས་རྩོད་མཛད་ནས་ཧ་ཤང་ཕམ་པར་མཛད་པའི་རྗེས། ཆོས་རྩོད་ཀྱི་མཇུག་བསྡོམས་སུ་《སྒོམ་རིམ་རྣམ་གསུམ་》བརྩམས། དེའི་རིགས་པའི་གཞུང་ལུགས་གསལ་བཤད་ཆེད་《དབུ་མ་སྣང་བ་》བཅས་བརྩམས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་བ་དེ་ནས་《སྒོམ་རིམ་རྣམ་གསུམ་》ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་ཞིང་། 《དབུ་མ་སྣང་བ་》ཀ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་གནང་མཛད་པ་བཅས་ལ་གཞིར་བཟུང་ན། ཀ་ཅོག་ཞང་གསུམ་ཀ་མཁན་སློབ་ཆོས་གསུམ་ཞལ་བཞུགས་དུས་ཀྱི་ལོ་ཙཱ་བ་ཡིན་པར་ར་འཕྲོད་གསལ་པོ་བྱེད་ཐུབ་པ་ཡོད། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཀ་ཅོག་ཞང་གསུམ་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་མིན་པའི་རྒྱུ་མཚན་བཀོད་པའི་དཔྱད་གཏམ་སྣ་ཚོགས་འདུག་པ་འདིར་ཡིག་ཚོགས་ཆེ་བར་བསམ་ནས་བཀོད་མེད། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་》ཤོག་གྲངས་༤༢༠ལས། ཀ་ཅོག་ཞང་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡིན་པར་གསུངས་ཤིང་༌། 《མཁས་པའི་དགའ་སྟོན་》ཤོག་གྲངས་༤༡༩པར། ཀ་ཅོག་ཞང་གསུམ་ཡང་རྒྱལ་པོ་ཁྲི་རལ་པཅན་གྱིས་འུ་ཤང་རྡོའི་ལྷ་ཁང་བཞེངས་ཟིན་པའི་སྐབས་དེ་ཤེད་དུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའི་སྐོར་དུ་བརྩིགས་ཞེས་གསལ་བ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུ་རྩ་གཅིག་པར་མཁན་པོ་དང་སློབ་དཔོན་བོད་དུ་གདན་དྲངས་ཏེ་ཆོས་གསུངས་པའི་སྐབས་ནས་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་ལྷ་ཁང་བཞེངས་གྲུབ་པའི་བར་ལོ་བརྒྱ་ཐམ་པ་ཡོད་པས་ཀ་ཅོག་ཞང་གསུམ་ཡང་དེ་ཙམ་གྱི་བར་བཞུགས་དགོས་པར་སྣང་ཞིང༌་། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ཀྱི་ལོ་ཙཱ་བ་ཡིན་ན་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་དུས་ཀ་ཅོག་ཞང་གསུམ་དགུང་ལོ་སུམ་ཅུ་ཡས་མས་ཞིག་ལས་ཕེབས་མེད་ཚོད་བཅས་བོད་ཀྱི་ལོ་རྒྱུས་ཐོག་ཀ་ཅོག་ཞང་གསུམ་ལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གཞོན་གསུམ་ཞེས་གསུང་སྲོལ་ཡོད་པ་ཡང་རྒྱུ་མཚན་ཡང་དག་པ་ཡོད་ངེས་ཡིན་སྙམ་པ་འདུག་ལགས་པས་དཔྱད་པར་ཞུའོ།།

ཀ་ཅོག་ཞང་གསུམ།

Tags:

🔥 Trending searches on Wiki བོད་སྐད:

དྲག་རྩལ།སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ཨི་སི་ར་ཨེལ།སྒྲོལ་མའི་མཎྜལ་བཞི་ཆོག་སྐྱེ་བ་སྔ་ཕྱི་འཕགས་མ་སྒྲོལ་མ་ལ་བསྟོད་པ།རྗེ་ཙོང་ཁ་པའི་རྣམ་ཐར།རྗེ་བཙུན་ཐོགས་མེད།བོད་ཀྱི་ཡུལ་གྲུ་སོ་སོའི་སྐད།གྲངས་གནས་ཀྱི་ཀློག་སྟངས་བཻ་རོ་ཙ་ན་ཉི་མའི་ཁྱིམ་རྒྱུད།དོམ་ཁྲཁ་སྐྱེལ་པ།ཀོ་ཀིའི་གླུ་དབྱངས། (Google)ཚྭ།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།སྡོམ་གསུམ་རྣམ་ངེས་མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།བསྲེས་ལྕགས།རྟའུ་བློ་བཟང་དཔལ་ལྡན་བརྩེ་དུང་།ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ལེ་ལོ་གསུམ་བུམ་པ་ཡུ་ཊོབ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཁ་དྲག་པ་མ་སྐྱེངས་ཤིང་ཞན་པ་ཡི་མི་ཆད་པར་གཅོད་པ་ཞི་བྱེད་པ།སྦྲང་མ།རྒྱུ་སྐར།མོ་ཟ་རེལ་ལ། (ཆུར་བ།)དཀོན་མཆོག་རྗེས་དྲན་སྨན་རྩིས་ཁང་།ཡང་འཇུག་གཉིས་ཁུང་ཙིཅི་ལི།ལོ་སྐོར་བཅུ་གཉིས་རྒྱ་གར་ཆོས་འབྱུང་རིན་ཆེན་མང་སྦྱོར་ཆེན་མོ་བོད་རིགས་ཁ་ཆེརིག་གནས་བཅོ་བརྒྱད།སུམ་ཅུ་པའི་རྩ་ཚིག་འཇོལ་མོ།རྐང་རྩེད་སྤོ་ལོ།སྐར་མའི་མ་ལག་མེ་ཀེ་ལན་ཇུ་ལོ།སྐྲ་སྐར་བོད་རང་སྐྱོང་ལྗོངས།ཁམས་དཀར་གཏོང་བ་བྷེ་ལ་རསུ།ནས།འུ་འཐུང་སྲོག་ཆགས།ཚད་ཆེན་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ་བསྟན་རྒྱས་སྨོན་ལམ།ལྔ་བརྒྱ་ཐ་མ་རྒྱ་གར་སྐད།ནང་ཆེན་མ་ཎི་འཇའ་དམར།༡༩༩༨ལོ།ཝ་ཐི།བྷང་ལ་རྡེ་ཤུ།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུགའབྲུག་ཚགས།བྱ་ཏེ་གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགབརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ་བོད་ཀྱི་མཛངས་བློན་བདུན་🡆 More