རྙིང་མ།

ལོ་རྒྱུས། སྔགས་རྙིང་མ་དང་སྔགས་གསར་མ་ཞེས་པའི་བརྒྱུད་རིམ་དེ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་བོད་དུ་དར་བའི་སྔ་ཕྱི་ལས་མིང་དུ་བཏགས་པ་ཡིན། གསང་སྔགས་རྙིང་མའི་རྒྱུད་སྡེ་དང་དེའི་དགོངས་འགྲེལ་དག་ནི་ལོ་ཙཱ་བ་ཆེན་པོ་ཀ་ཅོག་ཞང་གསུམ་དང་རྨ་རིན་ཆེན་སོགས་ཀྱིས་བསྒྱུར། དེ་ཡང་གསང་སྔགས་རྙིང་མ་ནི་ཁྱད་ཆོས་དྲུག་གིས་འཕགས་ཚུལ་སྔ་འགྱུར་གྱི་ཆོས་འབྱུང་དག་ལས་གསལ་ཡོད། གསང་སྔགས་རྙིང་མའི་གདན་ས་ནི་ཐོག་མའི་དུས་སུ་ལྷ་སའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། བྲག་དམར་མགྲིན་བཟང་། དཔལ་བསམ་ཡས། ཡེར་པ་དང་ཆུ་བོ་རིའི་སྒོམ་གྲྭ། ཁམས་ཀྱི་ཀློང་ཐང་སྒྲོན་མའི་གཙུག་ལག་ཁང་སོགས་ཡིན་སྐད། ཡིན་ན་ཡང་། བསྟན་པ་ཕྱི་དར་གྱི་མགོ་ཚུགས་པའི་རྗེས་སུ་གཙང་ཁུལ་གྱི་དཔལ་འུག་པ་ལུང་དང་ཁམས་ཀྱི་ཀ་ཐོག་དགོན་སོགས་རྙིང་མའི་གདན་ས་གཙོ་བོར་གྱུར། དེ་ནས་རྗེས་སུ་དབུས་ཁུལ་དུ་རྡོ་རྗེ་བྲག་དང་ཨོ་རྒྱན་སྨིན་གྲོལ་གླིང་སོགས་གདན་ས་གཙོ་བོར་གྱུར་མོད་ཇུར་གར་བའི་བྱས་ཉེས་ལས་ཉམས་ཆག་ཆེན་པོ་བྱུང་། རིམ་གྱིས་ཁམས་ཀྱི་རྫོགས་ཆེན་དགོན་པ་དང་། དཔལ་ཡུལ་དགོན། ཞེ་ཆེན་དགོན། གླག་བྲག་རྫོང་དགོན། རྡོ་གྲུབ་ཆེན་དགོན་སོགས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་བའི་ལྟེ་གནས་སུ་གྱུར། དུས་རབས་ཉི་ཤུ་པའི་དུས་འགྱུར་གྱི་རྗེས་སུ་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཕྱག་བཏབ་ནས་ཐུགས་སྟོབས་ཆེན་པོས་བཤད་སྒྲུབ་ལས་གསུམ་གྱིས་སྒོ་ནས་གསང་སྔགས་འགྱུར་བའི་བསྟན་པ་རྨང་ནས་གསོ་བར་མཛད། དེ་བཞིན་དུ་ཀ་དཔེ་རྫོགས་གསུམ་དང་། རྡོ་གྲུབ་ཆེན། དཔལ་ཡུལ་དར་ཐང་སོགས་སྔ་འགྱུར་གྱི་གདན་ས་རྣམས་སླར་གསོ་སྤུས་ལེགས་ཙམ་བྱུང་ཞིང་བཤད་སྒྲུབ་ཀྱི་སྲོལ་ཡང་ལེགས་པར་ཚུགས་ཡོད་དོ། ཕྱིའི་ཡུལ་དུ་ཡང་རྒྱ་གར་ལྷོ་ཕྱོགས་མའེ་སོར་ཁུལ་དུ་སྐྱབས་རྗེ་པདྨ་ནོར་བུས་རྣམ་གྲོལ་གླིང་ཕྱག་བཏབ་པ་དང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་བལ་ཡུལ་དུ་བྱེས་ཀྱི་ཞེ་ཆེན་དགོན་པ་བཏབ། རྡོ་གྲུབ་ཆེན་ཐུབ་བསྟན་འཕྲིན་ལས་ཀྱིས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་མཆོད་རྟེན་དགོན་པ་ཕྱག་བཏབ། ནམ་མཁའི་སྙིང་པོ་རིན་པོ་ཆེས་འབྲུག་ཡུལ་ཏུ་བཤད་གྲྭ་སྤུས་ལེགས་གསར་འཛུགས་གནང་ཡོད་པ་སོགས་ནི་ད་ལྟའི་རྙིང་མའི་དགོན་སྡེ་ཁག་གི་གནས་སྟངས་རགས་ཙམ་མོ། ། ད་ལྟའི་དུས་ཀྱི་རྙིང་མའི་དབུ་འཛིན་ནི་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཡིན། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནི་དེང་དུས་སུ་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་རྙིང་མ་བའི་དགོན་སྡེ་ཁག་གི་ཆེས་མཐོའི་དབུ་འཛིན་ཡིན། རིན་པོ་ཆེས་རྫོགས་ཆེན་གྱི་ཁྲིད་ཡིག་རྣམས་ནི་མཁན་པོ་ངག་ཆུང་གི་དངོས་སློབ་སྤོ་ལུ་མཁན་པོ་རྡོ་རྗེའི་མདུན་ནས་ཐོབ་འདུག རིན་པོ་ཆེ་བཙན་བྱོལ་དུ་ཕེབས་ནས་བཟུང་བྱེས་ཀྱི་ཐུབ་བསྟན་རྡོ་རྗེ་བྲག་གསར་བཞེངས་མཛད་ཅིང་ཧི་མ་ཅལ་གྱི་ལྟེ་བ་སིམ་ལ་དང་། ལ་དྭགས་སུ་རྒྱུན་གྱི་བཞུགས་གདན་འཇགས། ༢༠༡༢ལོའི་ཕྱི་ཟླ་༣པའི་ཚེས་༢༢ཉིན་ནས་བཟུང་སྔ་འགྱུར་བའི་དབུ་འཛིན་གནང་བའི་ཞལ་བཞེས་ཐོབ། རིན་པོ་ཆེ་ཁོང་ནི་བོད་ཡུལ་དབུས་ཡར་འབྲོག་གི་ཡུལ་དུ་༡༩༢༦ལོར་སྐུ་འཁྲུངས། ཁོང་གི་འཁྲུངས་ཡུལ་དང་ཉེ་བའི་སར་ཡོད་པའི་ཡར་འབྲོག་གཡུ་མཚོ་ནི་བོད་ཡུལ་ཀྱི་མཚོ་སྐད་གྲགས་ཅན་ཞིག་ཡིན་ཞིང་ཆོས་ལུགས་ཀྱི་གནས་ཆེན་ཞིག་ཀྱང་ཡིན། མཚོ་དེའི་ནང་དུ་སློབ་དཔོན་པདྨ་སམ་བྷ་ཝའི་ཕྱག་རྗེས་ཡོད་པར་གྲགས། ཁོང་ནི་སྐུ་ན་གཞོན་པའི་དུས་སུ་རྔོག་ཆོས་སྐུ་རྡོ་རྗེའི་སྐུ་ཕྲེང་དུ་ངོས་འཛིན་གནང་ཞིང་། ཁོང་གི་འཁྲུངས་ཡུལ་དང་ཉེ་བའི་ཡུལ་སྟག་ལུང་རྩེའི་དགོན་པའི་གསེར་ཁྲིར་མངའ་གསོལ། དགོན་པ་དེ་ནི་ཐུབ་བསྟན་རྡོ་རྗེ་བྲག་གི་དགོན་ལག་ཅིག་ཡིན། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་བསྟན་པ་དང་སྟོན་པ་ཟུང་དུ་འཇུག་པ་དམ་པའི་ཆོས་འདུལ་བའི་བླངས་དོར་ལ་ཚུལ་བཞིན་དུ་གནས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་གྲགས། གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་དང་མཐུན་པའི་སྒོས་སྔ་འགྱུར་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བྱས་རྗེས་ཤིན་ཏུ་ཆེ། རིན་པོ་ཆེས་སྐུ་ཚེགས་ལ་མ་འཛེམས་པར་སྔ་འགྱུར་བའི་དགོན་སྡེ་ཁག་ཏུ་དབང་ལུང་ཁྲིད་གསུམ་སོགས་བཀའ་ཆོས་ཐེངས་མང་གནང་དང་གནང་བཞིན་ཡོད།

རྙིང་མའི་དབུ་འཛིན། ༡། བདུད་འཇོམས་ཡེ་ཤེས་རྡོ་རྗེ། ༢། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ༣། གྲུ་དབང་པད་ནོར་རིན་པོ་ཆེ། ༤། འཁྲལ་ཞིག་རིན་པོ་ཆེ། ༥། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༦། ཀཿཐོག་དགེ་རྩེ་རིན་པོ་ཆེ།

Tags:

🔥 Trending searches on Wiki བོད་སྐད:

པི་ཝང་།དངུལ་ལོར།སློབ་གྲྭ་ཆེན་མོ།པ་ག་ཏསེར་པོ།དོལ་པོརྒྱལ་ཁབ་དག་གི་མིང་།སན་པི་ཏི་པོག (ཧྥོ་ལོ་རི་ཌ།)ཧེལ་སིན་ཀི།མེག་སི་ཀོ།ཆང་རགབཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་པཎ་ཆེན་ཤཱཀྱ་མཆིག་ལྡན་སྨྲ་སྒོའི་མཚོན་ཆའི་རྣམ་བཤད་སྨྲ་བའི་རྒྱན་རིག་གནས་གསར་བརྗེ་ཆེན་པོགསང་སྔགས་གསར་མ་སྐྱིད་ཟུར་བོད་ཀྱི་ཆོས་ལུགས་རོལ་ཆསབར་བ་ཌོ་སི།རིན་ཆེན་ཚ་སྦྱོར་ཆེན་མོ་ཏཱ་མིལ་ན་ཌུ།ཀོ་ལྦིའེ་ལོ།མཚོ་དབུས་གེ་སར་ཀརྨ་པ་དེ་བཞིན་གཤེགས་པ་རིན་ཆེན་མང་སྦྱོར་ཆེན་མོ་རྔ་བ་བོད་རིགས་ཆ་བ༹ང་རིགས་རང་སྐྱོང་ཁུལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཚོ་ཁག་གི་ཆགས་སྤྱོད།ཡོ་རོབ་གླིང་།གནམས་ལྕགས་འབར་བ།པོམ་པེ་ཡི།བྷར་མ།ཕྱོགས་བཅུའི་མུན་སེལ་དཀྱིལ་འཁོར།ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་ཨེ་ཛེའི་ནད་པྲ་ཏིའི་སུམ་རྟགས་མཚོན་ཆའི་ལས་རྩོམ་པ་མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།སྒྲ་ཚན།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།ལང་ཚོའི་རྦབ་ཆུབོད་པའི་དགོན་སྡེའི་ཐོ།པཎ་ཆེན་སྐུ་ཕྲེང་བདུན་བསྟན་པའི་ཉི་མ་སྔོ་ཚལ་ཨའི་ཅི།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།ར་རྒོད།རྗེ་འབངས་ཉེར་ལྔ་ཀུན་རྫོབ་བདེན་པ་མུ་ཁྲི་བཙན་པོ།རྡོ་རྗེ་གཅོད་པ་རྒྱན་དྲུག་མཆོག་གཉིས་ནིའུ་ཛི་ལེན་ཌི།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཨི་སི་ལམ་བོ།ཨ་རབ་སྐད།སློབ་དཔོན་དབྱུག་པ་ཅན་མོ་ག་དི་ཤུ།ཤེར་སྙིང་བདུད་བཟློག་ཆོ་ག་ཁྲག་གཏར་བའི་གསོ་བཅོས་རོ་ཌིམ།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ཆོས་འཁོར་དུས་ཆེན།སུམ་ཅུ་པ་🡆 More