གནའ་རབས་མ་ཡ།

ཨ་མེ་རི་ཁ་དབུས་མའི་ས་ཁུལ་དུ་འཚོ་སྡོད་བྱས་པའི་ཨེན་ཏེ་ཨན་གྱི་མ་ཡ་མིའི་མེས་པོ་ཚོས་སྔོན་ཆད་བརྗེད་ཆགས་འོད་སྟོང་འབར་བའི་གནའ་རབས་མ་ཡའི་ཤེས་རིག་གསར་གཏོད་མཛད། ཁོ་ཚོ་ལ་རང་ཞིད་ཀྱི་ཆོས་ལུགས་དང་ཡི་གེ སྐར་རྩིས་སོགས་ཡོད་པར་མ་ཟད། རིམ་གྲས་ལམ་ལུགས་ཀྱི་རྒྱལ་ཁབ་ཀྱང་བཙུགས་ཡོད། གནའ་རབས་མ་ཡའི་ཤེས་རིག་དེ་ཧ་ལམ་སྤྱི་ལོའི་སྔོན་གྱི་༢༥༠༠ལོ་ཡས་མས་སུ་གྲུབ་ཅིང་། དུས་རབས་༡༧པར་སི་ཕེན་མི་སེར་སྤེལ་མཁན་ཨ་མེ་རི་ཁ་སྐམ་སར་བསླེབས་རྗེས་གནའ་རབས་ཤེས་རིག་དེ་རིམ་གྱིས་ཚ་ཁུལ་ནགས་ཚལ་ཁྲོད་དུ་ཉམས་དམས་སུ་གྱུར།

གནའ་རབས་མ་ཡ།

གསལ་བཤད།

མ་ཡའི་ཤེས་རིག་དེ་གནས་གང་དུ་ཡོད།

ཨ་མེ་རི་ཁ་དབུས་ཁུལ་གྱི་ས་ཁྲ་རུ་སྐམ་ས་དོག་རིང་ཞིག་མཐོང་ཐུབ་པ་དེས་ཨ་མེ་རི་ཁ་ལྷོ་མ་དང་བྱང་མའི་སྐམ་ས་གཉིས་སྦྲེལ་ཡོད་ལ། མ་ཡའི་ཤེས་རིག་ནི་འབྲེལ་ཐག་དེའི་སྟེང་དུ་དར་ཞིང་རྒྱས་པ་ཡིན། མ་ཡའི་ཤེས་རིག་ཐོག་མར་དབུས་ཕྱོགས་ཀྱི་ས་དམའ་སར་བྱུང་ཞིང་རིམ་གྱིས་མཐའ་འཁོར་གྱི་རྒྱ་མཚོའི་འགྲམ་གྱི་བདེ་ཐང་དུ་ཁྱབ། ཕྱོགས་བཞི་ཕལ་ཆེར་རྒྱ་མཚོས་བསྐོར་ཡོད་པས་མི་སེར་སྤེལ་མཁན་མ་བསླེབས་སྔོན་དུ། མ་ཡའི་ཤེས་རིག་ནི་བཀག་སྡོམ་ཐེབས་ལ་ཆ་ཚང་བ་ཞིག་ཡིན་ཕྱིར། འཛམ་གླིང་སྟེང་གི་གནའ་རབས་ཤེས་རིག་གཞན་དང་བསྡུར་ན་ཐུན་མིན་ཁྱད་ཆོས་མངོན་གསལ་དུ་མཆིས་སོ།

མ་ཡའི་སྤྱི་ཚོགས།

མ་ཡ་མིས་གནའ་སྔ་མོ་ཞིག་ནས་སྒྲིག་གཞི་དམ་པའི་རིམ་བཀར་ལམ་ལུགས་ཀྱི་སྤྱི་ཚོགས་བཙུགས་ཡོད། གཏོར་དབྱིབས་ཅན་གྱི་རིམ་གྲས་རི་མོ་དེས་མ་ཡ་མིའི་སྤྱི་ཚོགས་འབྲེལ་བ་གསལ་བཤད་བྱས་ཡོད། ཆེས་སྟེང་ན་རྒྱལ་པོ་བཞེངས་ཤིང་ཁོང་ནི་ལྷ་ཞིག་དང་གཉིས་སུ་མེད། མ་ཡ་མིས་རྒྱལ་བོ་རེ་རེ་ནི་ཉི་མ་ཞིག་ཡིན་པར་འདོད་ལ་ན་གཞོན་རྒྱལ་པོ་སྲིད་ཁྲི་ལ་འཁོད་ཚེ་ཉི་མ་གསར་བ་ཞིག་ཤར་པ་དང་། རྒྱལ་པོ་བགྲེས་སོང་ཞིག་ཚོ་ལས་འདས་པ་ན་ལ་ཁའི་ཉི་མ་ནུབ་རིར་ཡལ་བར་ངོས་འཛིན། རྒྱལ་པོའི་འོག་ནི་རྒྱལ་པོའི་ཕྱག་རོགས་བློན་ཆེན་ཡིན་ལ་དེའི་འོག་མ་སྐུ་དྲག་དང་དཔའ་རྟུལ། མཆོད་དཔོན། དེའི་འོག་མ་ཚོང་པ་དང་ལག་ཤེས་བཟོ་ལས་པ། སྒྱུ་རྩལ་པ་ཡིན་ལ་ཁོ་ཚོའི་ཐད་ཀར་སྐུ་དྲག་ལ་ཞབས་ཞུ་བྱེད་ཆོད་ ཆེས་ཐ་མ་ནི་ལྟང་འདྲེན་མཁན་དང་ཞིང་པ། བྲན་གཡོག་བཅས་ཡིན​།

File:གནའ་རབས་མ་ཡ།.jpg

མ་ཡ་མིའི་ཡི་གེ

མ་ཡ་མི་ལ་རང་ཉིད་ཀྱི་སྐད་ཆ་དང་ཡི་གེའི་མ་ལག་ཡོད། མ་ཡ་མིའི་ཡི་གེ་ནི་འདྲ་གཟུགས་ཡིག་རིགས་ཤིག་ཡིན་ལ་ཐུན་མོང་མ་ཡིན་པ་དང་སྣ་མང་སྣེ་འཛིངས་ཀྱི་དབྱིབས་རིས་མང་པོ་ཡོད། རི་མོ་འདྲ་བའི་ཡིག་རིགས་དེ་སྤྱིར་བཏང་ཚོན་དམར་པོ་དང་ནག་པོ་གཉིས་ཀྱིས་བྲིས་ཤིང་གཙོ་བོ་སྐར་རྩིས་དང་ལོ་རྒྱུས་དོན་རྐྱེན་བཀོད་ཡོད། ལོ་རྟགས་སམ་མི་མིང་མཚོན་པའི་ཡི་ཀེ་༨༠༠ལྷག་ད་ལྟ་ཚན་རིག་པ་ཚོས་ཤེས་ཡོད་ཀྱང་ཡི་གེ་མང་ཆེ་བ་ཀློག་ཤེས་མཁན་མེད། བཤད་ཚུལ་ལྟར་ན་མ་ཡའི་ཡི་གེས་བྲིས་པའི་དཔེ་ཆ་ཉུང་མཐའ་ཡང་སྟོང་ལྷག་ཡོད་ཟེར།

File:མ་ཡ་མིའི་ཡི་གེ.jpg

མ་ཡ་མིའི་ཟུར་གསུམ་མཆོད་སྟེགས།

མ་ཡ་མིས་ལྷ་ལ་མཆོད་པ་བྱ་ཕྱིར་བྲག་རྡོ་ཆེན་པོ་བཀོལ་ནས་ཟུར་གསུམ་དབྱིབས་ཀྱི་མཆོད་སྟེགས་བཟོ་སྐྲུན་བྱས། སྟེགས་བུ་རིམ་པ་༣~༥ཅན་གྱི་སྟེང་ནི་ཁོད་སྙོམས་པའི་མཆོད་ཁྲི་ཞིག་ཡིན་ལ། དེའི་སྟེང་དུ་ཞྭ་མོ་ནང་བཞིན་གྱི་སྟེགས་རྩེ་ཀྲོང་ངེར་ཡོད་ཅིང་དེའི་ནང་སྟོང་བ་ཡིན​། སྟེགས་རྩེ་རུ་རི་མོ་སྣ་ཚོགས་ཀྱིས་ཁེངས་ཤིང་མཆོད་ཁྲིའི་རིམ་པ་རེ་རེར་སྦྲུལ་མགོ་དང་ཨ་མེ་རི་ཁའི་སེང་མགོ། ཨ་མེ་རི་ཁའི་གཟིག་མགོ་སོགས་བརྐོས་ཡོད། སྐབས་དེར། ལྷ་ཁང་དེ་དག་གི་ཕྱི་རོལ་ཏུ་ཚོས་དམར་སྟུག་པོར་བྱུགས་ཡོད། དེ་སྔ་སི་ཕེན་གྱི་མི་སེར་སྤེལ་མཁན་གྱིས་མཆོད་སྟེགས་ཀྱི་ཤུལ་རྗེས་དེ་དག་རྙེད་དུས་མིང་ལ་"མ་ཡ་མིའི་ཟུར་གསུམ་སྟེགས་བུ་"ཞེས་བཏགས།

པར་རིས་བར་འཁྱམས།

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག:

དཔྱད་གཞིའི་དཀར་ཆག།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

གནའ་རབས་མ་ཡ། གསལ་བཤད།གནའ་རབས་མ་ཡ། པར་རིས་བར་འཁྱམས།གནའ་རབས་མ་ཡ། ཟིན་ཐོ་འམ་དཔྱད་གཞི།གནའ་རབས་མ་ཡ། དཔྱད་གཞིའི་དཀར་ཆག།གནའ་རབས་མ་ཡ། ད་དུང་གཟིགས།གནའ་རབས་མ་ཡ། ཕྱི་ཕྱོགས་དྲ་མཐུད།གནའ་རབས་མ་ཡ།

🔥 Trending searches on Wiki བོད་སྐད:

ཨི་ཌོ་ནེ་ཤི་ཡ།བློ་བཟང་ཆོས་ཀྱི་རྒྱལ་མཚན།རྣམ་དབྱེ་བདུན་པ་གནས་གཞི་བཤེས་པའི་སྤྲིངས་ཡིགབལ་ཡུལ།ཆོ་འཕྲུལ་མཆོད་རྟེན་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།ཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་མ་ཧེ།བྷཧ་རཡིན།རླུང་།ཁལ་ཁ་རྗེ་བཙུན་དམ་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་འཁྲིག་སྦྱོར་གྱི་ཤེས་བྱ་དང་སྒྲ་སྙིང་ཐིག་སྔོན་འགྲོའི་དམིགས་རིམ་བསྡུས་པ་ས་སྐྱ་ལེགས་བཤད།སློབ་དཔོན་དབྱིག་གཉེན་མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།མའེ་ཁོའོ་ཅས་ཁ་ཤུན།བསིལ་ལྦུ།ཁ་རི་སི་ཐོའོ་ཧྥུ་ཀོ་ལུན་སྤུ་སི།ཀཱ་ལྰི་དཱ་ས་ལྷ་ས་གཙུག་ལག་ཁང་ཉན་ཐོས་ལུགས་ཀྱི་དཔྱད་ཞིབ་ལོན་ཊོན།རྒྱ་མཚོ་ཆེན་པོའི་གླིང་ཆེན།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།རིན་ཆེན་ཚ་སྦྱོར་ཆེན་མོ་ཨ་མ།ཐོན་མི་སམ་བྷོ་ཊ་སུད་སི།ཟླ་༨ཚེས་༢ཉིན་སྒྲོལ་ཆོག་བསྡུས་པལྡེ་རྒྱལ་པོ།གཡུང་དྲུང་བོན།སྨེ་བ་བརྩི་སྟངས་ཁྲི་རལ་པ་ཅན།ལམ་རིམ་བསྡུས་དོན་སྙིང་གཏམ་སུམ་ཅུ་པ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།མྱང་རལ་ཉི་མ་འོད་ཟེར་དཔེ་རྒྱན་སུམ་ཅུ་སོ་གཉིས་༢༠༠༩གཞུང་བཀའ་པོ་ལྔ།སྟག་ལུང་དགོན།ཨར་ལེན་ཌ།གློག་རིག་པ།རྒྱུད་བླ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།ཁ་ན་ཌ།གཏམ་པད་མའི་ཚལ་གྱི་ཟློས་གར་ཁ་ཆེ་ཕ་ལུ།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ཚིག་བདུན་གསོལ་འདེབས་བླ་མའི་རྣལ་འབྱོར་རྒྱལ་སྤྱིའི་མིག་མངས།ཟླ་༩ཚེས་༢༩ཉིན་གེ་རེན་ལརྩ་རྫས་ཀྱི་དུས་འཁོར་རེའུ་མིག།ལུས་རྣམ་སྣང་གི་ཆོས་བདུན་ལྡན་པ་ར་གུ་ཡེ།མངོན་རྟོགས་རྒྱན་ཟླ་༡༡ཚེས་༢༢ཉིན་ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ཀེར་ལངས།🡆 More