མཚམས་བྲག་དགོན་པ

མཚམས་བྲག་དགོན་པ་འདི་ འབྲི་གུང་སྐྱོབ་པ་རིན་ཆེན་དཔལ་གྱི་ཞལ་སློབ་ སྐྱུ་རུ་རའི་རིགས་ལས་འཁྲུངས་པའི་ གྲུབ་ཐོབ་དབུ་ཐོན་སངས་རྒྱས་ཀྱིས་ བྱག་གླེགས་བམ་བརྩེགས་དོ་བཟུམ་དང་ རི་ནོར་བུ་སྤུངས་པ་འདྲ་བར་ སྐུ་མཚམས་གནང་བཞུགས་ནི་འདི་གིས་ མཚམས་ནང་ངམ་མཚམས་བྲག་ཟེར་ བཏགས་གནང་ཡོད་ལུགས་བཤདཔ་ཨིན་པས། གདན་ས་དེ་དར་དཀར་ལ་མོའི་ལ་གཞོལ་ རྟེན་འབྲེལ་ལའི་སྐེད་པ་ལུ་ཆགས་ཏེ་ཡོད།

གྲུབ་ཐོབ་དེ་གིས་ གདུང་བརྒྱུད་སྤེལ་གནང་ནིའི་དོན་ལུ་ གསང་ཡུམ་བཞེས་ཏེ་ བརྒྱུད་པ་ཚུ་གིས་ གཡུས་ཆགས་མི་འདི་གི་མིང་ལུ་ མེ་ལྟེམ་ཟེར་དར་ཁྱབ་སོང་ཡོདཔ་མ་ཚད་ དེའི་བརྒྱུད་པ་ལས་ ཆོས་རྗེ་ངག་དབང་རྡོ་རྗེ་འཁྲུངས་མི་དེ་ ས་གནས་འདི་ནང་སྒྲུབ་པ་གནང་བཞུགསཔ་ད་ གུ་རུ་རིན་པོ་ཆེ་སྐུ་དངོས་སུ་བྱོན་ཏེ་ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་གི་སྤྲུལ་པར་ ལུང་བསྟན་གནང་ཡོད་ལུགས་ཀྱི་ར་ཁུངས་ རྣམ་ཐར་ནང་བཀོད་དེ་འདུག།

ངག་དབང་རྡོ་རྗེའི་ནུ་གཅུང་ མེ་ལྟེམ་ཆོས་རྗེའི་གདུང་བརྒྱུད་ཞལ་ངོ་དར་པོ་དང་ ཡུམ་མཁའ་འགྲོ་མགོ་ལེགས་སྲི་ཐུབ་གཉིས་ཀྱི་ སྲས་སྲོས་བདུན་ཡོད་པའི་ཆུང་ཤོས་འབད་ གྲུབ་པའི་དབང་པོ་རྗེ་བཙུན་ངག་དབང་འབྲུག་པ་སྐུ་འཁྲུངས་ནུག། བླ་མའི་མཚན་དེ་ཡང་ ཡབ་ཡུམ་གཉིས་ཀྱི་གཉིད་ལམ་ནང་ལུ་ མཁའ་འགྲོའི་ལུང་བསྟན་གནང་མི་དང་འཁྲིལ་ཏེ་ ངག་དབང་འབྲུག་པ་ (༡༦༨༢_༡༧༤༨) ཟེར་ གསོལ་གནང་མི་སྐྱེས་ཆེན་དེ་གིས་ ཡབ་མེས་ཀྱི་སྒྲུབ་ཁང་དེ་ནང་ གཙུག་ལག་ཁང་སྔར་བ་ལྷགཔ་སྦེ་ ལྷ་ཁང་ཐོག་ཚད་གསུམ་ རྟེན་དང་བརྟེན་པ་བཅས་བཞེངས་ཏེ་ གཙུག་ལག་ཁང་གི་རབ་གནས་ལུ་ སྒང་སྟེང་སྤྲུལ་སྐུ་བསྟན་འཛིན་ལེགས་པའི་དོན་གྲུབ་གདན་འདྲེན་ཞུ་ནུག།

དེ་ལས་ཚུར་ དགོན་པ་འདི་ནང་ པད་གླིང་གི་ཆོས་བརྒྱུད་དར་ཁྱབ་བྱུང་སྟེ་ བཀའ་སྲུང་མགོན་པོ་མ་ནིང་གི་གསོལ་ཁ་ ད་རེས་ནངས་པའི་བར་ན་ཡང་ གནང་སྲོལ་ཡོད་ཟེར་བཤདཔ་ཨིན་པས། དགོན་པ་འདི་ཁར་ སྤྱི་ལོ་ ༡༩༩༩ ལུ་ གཞུང་གྲྭ་ཚང་གིས་དགེ་སློང་གི་སློབ་གྲྭ་བཙུགས་གནང་ནུག།

Tags:

🔥 Trending searches on Wiki ཇོང་ཁ:

དག་པ་དབུས་གཙང་ཕྱོགས་ལ། ༼རྫོང་ཁའི་ཞབས་ཁྲ།༽ནོ་ཝེ་ལྷ་མོའི་བཤགས་པ།རྒྱལ་ཆེན་སྡེ་བཞི་བེ་ལ་རུ་སུ་༡༨༠༢སུའིཊ་ཛར་ལེན་འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགཁི་ཝེ་ཏ་སྤ་རོ་ རིན་སྤུང་རྫོང་༢༠༢༡ཞོང་སྒར་རྫོང་།བྱ་དཀར་རྫོང་། (བྱ་དཀར་གཡུས་རྒྱལ་རྫོང་།)འབྲུག་རྒྱལ་རྫོང་ལྟ་རྫོང་ནེཔ་ཊུནམ་ལེ་ཤི་ཡ་མགྱོགས་ཡིགརྒྱ་གརཁྲོམ་སྒྱུར།ཀྲུང་ཀོཨི་རཱན།མཚམས་བྲག་དགོན་པདངུལ་ཀྲམ་ཤཱ་ཀྱ་ཐུབ་པབྷེལ་ཇམ་རྫོང་ཁའབྲུག་ཙན་དན་ལ་ཊི་ཝེ་ཡ་འབྲུག་རྒྱལ་རྫོང་།སྐུ་འཁོར་གྱི་རྒྱུད་པ།ཀུརོ་ཤི་ཡབྷེ་ནིན་ཀྲོང་གསར་རྫོང་ཁག༢༠༢༠ཁ་ཏར་རྒྱ་ནག་ཡུ་ར་ནཱསཨ་རབ་ཨེ་མེར་གཅིག་སྒྲིལ་རྒྱལ་ཁབ་སེམས་རྟོགས་ཁ་རྫོང་ལྷོ་ཀོ་རི་ཡ་བཀྲ་ཤིས་རྒྱས་པ་བཅས་བཞུགས་སོ།།གྲུབ་ཐོབ་ཇོ་བོ་དཔལ་འབྱོར། Drubthob Jowo Penjorཀྲོང་གསར་ཨཱཎཨཎཌྷཨ་མཨཧཨིདོནཨིཛ་རཱེལ་སེམས་ཅནམོང་སྒར་རྫོང་ཁགསྐུ་རྗེས་ ལྷ་ཁང་མེ་མར།ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་བྱི་ལིརྡོ་གར་རྡོབ་རྗི་རྫོང་ཉི་ཧོང་ཏའི་ཝཱན་༢༠༠༨མགོན་པོའི་བཤགས་པ།🡆 More