གྲུབ་ཐོབ་ཇོ་བོ་དཔལ་འབྱོར། Drubthob Jowo Penjor

༉ གྲུབ་ཐོབ་དཔལ་འབྱོར་ ཡང་ན་མཚམས་པ་དཔལ་འབྱོར་ཟེར་ཞུ་མི་འདི་ འབྲུག་གི་རྒྱལ་ཁབ་ནང་ལུ་རྫོང་ཁག་ཉི་ཤུ་ཡོད་མི་ནང་ལས་ ཧཱ་རྫོང་ཁག་གི་འོག་ལུ་ གཡུས་རྟ་ལུང་ཟེར་ས་ལུ་སྐུ་འཁྲུངས་ཏེ་ སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཧེ་མའི་ཆོས་ཀྱི་བག་ཆགས་བཟང་པོ་སད་དེ་ གྲྭ་ཚང་གི་སྐུ་ཡོན་ཚུ་ག་ར་སྤ་རོ་རྫོང་ནང་འཛུལ་ཞུགས་མཛད་དེ་བཞེས་གནང་ནུག། དེ་ལས་མི་ཚེ་འདི་སྙིང་པོ་མེད་པར་གཟིགས་ཏེ་ དམ་པའི་ཆོས་ཡང་དག་པ་ཅིག་སྒྲུབ་ནིའི་ཐུགས་འདོད་བརྟན་པོ་ཐུགས་ལུ་འཁྲུངས་ཏེ་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༦༨ པ་བསྟན་འཛིན་དོན་གྲུབ་ཀྱི་ཞབས་སར་བཅར་ཏེ་ དཔལ་ལྡན་འབྲུག་པའི་བཀའ་བརྒྱུད་ཀྱི་དབང་དང་ཁྲིད་ལུང་ཚུ་ བུམ་པ་གང་བྱོའི་ཚུལ་དུ་ གསན་པར་མཛད་དེ་བླ་མའི་བཀའ་བཞིན་དུ་ རི་དྭགས་སེམས་ཅན་བཟུམ་སྦེ་ ཐིམ་ཕུག་གི་གནས་ངེས་མེད་རི་ཁྲོད་གངས་ཁྲོད་དང་ བྱག་ཕུག་ཚུ་དང་ ལྷག་པར་དུ་ཡང་ རྒྱ་མཚོ་ལས་མི་ཊར་ ༤༢༠༠ ལས་ལྷག་པའི་ཇོ་མོ་ལྷ་རི་དང་ གླིང་གཞི་རྫོང་གི་གནས་ངེས་མེད་ཚུ་ནང་མི་ལོ་ ༥༥ གི་རིང་ཁོ་ར་རྐྱངམ་གཅིག་བཞུགས་ཏེ་ དཀའ་སྤྱད་དང་དུ་ལེན་ཏེ་བླ་མའི་གདམས་ངག་འདི་ལུ་ བརྩོན་འགྲུས་གཡེལ་མེད་བསྐྱེད་དེ་སྒྲུབ་གནང་མི་ལུ་བརྟེན་ཏེ་ ཕྱག་ཆེན་གྱི་རྟོགས་པ་དངོས་སུ་ཐུགས་ལུ་འཁྲུངས་ཏེ་གྲུབ་པ་ཐོབ་རུང་ སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་ནུག།

སྤྱི་ལོ་ ༢༠༡༠ གི་རྒྱལ་ཡོངས་དུས་ཆེན་གྱི་སྐབས་ལུ་ མི་དབང་འབྲུག་རྒྱལ་ལྔ་པ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ གྲུབ་ཐོབ་དཔལ་འབྱོར་འདི་ ང་བཅས་ར་འབྲུག་པའི་བླམ་ཆོསཔ་ཚུ་ལུ་ དམ་པའི་ཆོས་ལུ་བརྩོན་འགྲུས་བསྐྱེད་དེ་མི་ཚེ་ཧྲིལ་བུ་ རི་ཁྲོད་དང་བྱག་ཕུག་ཚུ་ནང་ སྒོམ་སྒྲུབ་གནང་སྟེ་དམ་ཆོས་སྒྲུབ་ནི་ལུ་བརྩོན་པའི་ གང་ཟག་མཆོག་ཏུ་གྱུར་པ་ཅིག་གི་དཔེ་སྟོན་མཛད་ནི་ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་སྟེ་ངོས་འཛིན་གནང་ཡོདཔ་ཨིན། མི་དབང་མངའ་བདག་རིན་པོ་མཆོག་གིས་ གྲུབ་ཐོབ་དཔལ་འབྱོར་འདི་ང་བཅས་ར་འབྲུག་གི་རྒྱལ་ཁབ་ནང་ལུ་ མི་ལྡོག་པའི་དད་པ་ངོ་མ་ཡོད་མི་དང་ རང་དོན་སྤངས་པའི་དཔེ་སྟོན་ངོ་མ་ཅིག་ཨིན་ཟེར་གསུངས་ཡོདཔ་ཨིན། གྲུབ་ཐོབ་མཆོག་ ད་ལྟོ་ཡང་སྒོམ་སྒྲུབ་གནང་སྟེ་ར་བཞུགསཔ་ཨིན་རུང་ དད་ལྡན་གྱི་སློབ་མ་ཚུ་ལུ་ ཐུགས་སྙིང་རྗེ་ཆེན་པོའི་ངང་ལས་གཟིགས་ཏེ་ དབང་ལུང་དང་གདམས་ངག་ཚུ་གནང་སྟེ་ སྒྲུབ་པའི་བསྟན་པ་རིན་པོ་ཆེ་སྤེལ་གནང་དོ་ཡོདཔ་ཨིན། གྲུབ་ཐོབ་རིན་པོ་ཆེ་འདི་ད་ལྟོ་རྒྱལ་སྲས་སྤྲུལ་སྐུ་འཇིགས་མེད་སྟན་འཛིན་དབང་པོའི་ སྒྲུབ་པའི་སློབ་དཔོན་གཙོ་བོ་ཅིག་སྦེ་མཛད་དོ་ཡོདཔ་ཨིན། (ན་གཞོན་བྱང་སེམས། གནམ་ལོ་མེད། སྤྱི་ལོ་ ༢༠༢༠།)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ན་གཞོན་བྱང་སེམས། དུས་རབས་ ༢༡ པའི་རྣལ་འབྱོར་པ། གྲུབ་ཐོབ་དཔལ་འབྱོར། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཕེསི་བྷུག་ཁ་བྱང་། https://www.facebook.com/search/top?q=drubthob%20jowo%20penjor

Tags:

🔥 Trending searches on Wiki ཇོང་ཁ:

འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགཀུན་གསལ།བོད་སྐད།བྱང་ཀོ་རི་ཡ་བྷེ་ནིན་སོག་པོ་བྷ་རིན་རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་མགྱོགས་ཡིག༢༠༠༨རྒྱལ་ཡོངས་སེམས་ཅན། ༼འབྲོང་གྱིམ་ཙི༽བཀྲ་ཤིས་ཆོས་རྫོང་སྐུ་རྗེས་ ལྷ་ཁང་བཀྲ་ཤིས་རྒྱས་པ་བཅས་བཞུགས་སོ།།ཨེ་ཤར་ཡཐིམ་ཕུ་ཌེན་མཱཀ་བོ་ལི་ཝིཡམ་ལེ་ཤི་ཡ།བྱ་དཀར་གཡུལ་རྒྱལ་རྫོང་ཡུ་ར་ནཱས༢༠༡༥ཨིཛ་རཱེལ་ལེ་ཏོས་ནི་ཡ་སངས་རྒྱས་ཀྱི་བསྟན་པདག་པ་དབུས་གཙང་ཕྱོགས་ལ། ༼རྫོང་ཁའི་ཞབས་ཁྲ།༽མགོནམ་རྡོ་རྗེ།སྲིད་བློན།ཞོང་གར་རྫོང་་ན་གྱི-་དྲྭ་ཚ་ཤིབྱི་ལི༢༠༡༨བཀྲིས་གཡང་རྩེ་རྫོང་ཁག༢༠༡༣ཤྲཱྀ་ལངཀ་རླུང་རྟ་ཡར་བསྐྱེད་བསངས་མཆོད།ར་ཤི་ཡཱན་ཕེ་ཌི་རེ་ཤཱནབྱ་དཀར་རྫོང་། (བྱ་དཀར་གཡུས་རྒྱལ་རྫོང་།)༢༠༠༩ཨི་ཛུ་རལ་ཨའིསི་ལེནཌ་རྒྱལ་ཆེན་སྡེ་བཞི་བསྣོན་གྲྀསའབྲུག་རྒྱལ་རྫོང་རྒྱ་ནགཨུཛ་བེ་ཀིསི་ཏཱན་ནང་ཆོས།མར་ཀུ་རིཨར་མེ་ནི་ཡ་🡆 More