འབྲུག་རྒྱལ་རྫོང་།: མི་གི་སྡོད་གནས་

འབྲུག་རྒྱལ་རྫོང་འདི་ སྤ་རོ་གི་ས་གནས་ འབྲུག་རྒྱལ་ལུ་ བཞེངས་ཡོདཔ་ཨིནམ་དང་ འབྲུག་རྒྱལ་རྫོང་འདི་ དགྲ་རྫོང་གཙོབོ་ བཞི་ལས་གཅིག་ཨིན། འབྲུག་རྒྱལ་རྫོང་བཞེངས་མི་གྱི་སྐོར་ལས་ ལོ་རྒྱུས་མ་འདྲཝ་ལེ་ཤ་ཅིག་ཡོད་རུང་ རྩོམ་འབྲི་པ་མང་ཤོས་ཅིག་གིས་ ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གིས་ ༡༦༤༩ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་རྗེས་དྲན་བརྩི་སྲུང་འབད་ནིའི་དོན་ལུ་ བཞེངས་ཡོདཔ་སྦེ་ བཤདཔ་ཨིན་མས། མི་ལ་ལོ་གཅིག་གིས་འབད་བ་ཅིན་ སྡེ་སྲིད་གཉིས་པ་ བསྟན་འཛིན་ འབྲུག་སྒྲ་དང་ སྤ་རོ་དཔོན་སློབ་གཉིས་ཀྱིས་ ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱི་བཀའ་རྒྱ་དང་འཁྲིལ་ཏེ་ བཞེངས་བཞེངསམ་ཨིནམ་སྦེ་ བཤདཔ་ཨིན། བཤད་སྲོལ་ མ་འདྲཝ་ལེ་ཤ་ཡོད་དེ་ར་འབད་རུང་ མི་ཚུ་གིས་ རྫོང་འདི་ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་རྗེས་དྲན་བརྩི་སྲུང་འབད་ནིའི་དོན་ལུ་ བཞེངས་ཡོདཔ་སྦེ་ ཆ་བཞགཔ་ཨིནམ་དང་ དེ་ལས་བརྟེན་མིང་ཡང་ འབྲུག་རྒྱལ་རྫོང་ཟེར་བཏགས་ཡོདཔ་ཨིན།

འབྲུག་རྒྱལ་རྫོང་།: མི་གི་སྡོད་གནས་

༡༩༥༡ ལུ་ རྫོང་འདི་ལུ་ མེ་རྐྱེན་མ་འབྱུང་ཚུན་ཚོད་ལུ་ རིན་སྤུང་ རབ་སྡེ་གི་ དབྱར་གྱི་བཞུགས་གནས་སྦེ་ ལག་ལེན་འཐབ་ཡོདཔ་དང་ མེ་རྐྱེན་འབྱུང་སྟེ་ཡོད་པའི་ལྷག་ལུས་ གྱང་ཁོག་དང་ ཤིང་གི་ཀཝ་ཚུ་ད་ལྟོ་ཡང་མཐོང་ཚུགསཔ་ཨིན།

འབྲུག་རྒྱལ་རྫོང་འདི་ལུ་ཡང་ རྗེས་ཤུལ་དང་རྒྱལ་ཁ་ཐོབ་ཡོད་པའི་བྱུང་རིམ་ཚུ་ལེ་ཤ་གཅིག་ར་ཡོདཔ་ཨིན། དཔེར་ན་ བོད་ཀྱི་མི་ཚུ་གིས་ ས་ག་ལ་ལས་ བརྟག་ཞིབ་འབད་བའི་སྐབས་ རྫོང་འདི་ བྱ་ན་རི་དང་ སྦྱར་ཏེ་ཡདོཔ་སྦེ་མཐོང་སྟེ་ རྫོང་གི་རྩ་བ་འགྱོཝ་ད་ རྫོང་དེ་ ཧེང་བཀལ་ཐག་རིང་ས་སྦེ་མཐོངམ་ལས་ བོདཔ་ཚུ་གིས་ མིག་འཕྲུལ་སྦེ་མཐོང་ནུག།

ད་རུང་ དྲག་རྒོལ་འབད་མི་ བོད་མི་ཚུ་ མགྱོནམ་སྦེ་ བསུ་བ་འབད་དེ་ ཞེས་སྒོ་འབྱིན་པའི་སྐབས་ ་ ཁོང་ཚུ་ ཞེས་སྒོ་ཟ་སའི་ གུར་སྤུབས་ནིའི་དོན་ལུ་དམིགས་བསལ་གྱི་ གཤིང་གཅིག་ལག་ལེན་འཐབ་ཡོདཔ་ལས་ ་ བོདཔ་ཚུ་ སྤྲོ་བ་སྟོན་པའི་སྐབས་ དང་པ་རང་ གདོང་སྦོ་ དེ་ལས་ གྲོས་ཀྱི་སྦེ་ གཟུགས་ག་ར་སྦོ་སྟེ་ ཤི་ཡོདཔ་ཨིན་མས།

འབྲུག་རྒྱལ་ རྫོང་འདི་ དགྲ་རྫོང་གཅིག་ཨིནམ་ལས་ གོ་མཚོན་མཛོད་ཁང་ཡོད་མི་དེ་ རྒྱལ་ཁབ་ནང་ལུ་ དྲག་ཤོས་གཅིག་ཨིན་དེ་ར་འབད་རུང་ མང་ཤོས་གཅིག་ མེ་རྐྱེན་འབྱུང་བའི་སྐབས་མེདཔ་གཏང་ཡོདཔ་དང་ ལྷག་ལུས་ཚུ་ རིན་སྤུང་རྫོང་ནང་ལུ་ ཡོདཔ་ཨིན།

Tags:

🔥 Trending searches on Wiki ཇོང་ཁ:

བཀྲིས་སྒང་རྫོང་ཁགཞོང་སྒར་རྫོང་།རྒྱ་གར།ཕ་རག་ཝེ་ཁ་ན་ཊ་མེ་མར།ཨི་ཛུ་རལ་ཡེ་ཤུའི་ལྷ་ཁང་འདི་ཨར་ལན་ཌི་རྒྱལ་ཡོངས་ ལས་རྟགས།ལྟ་རྫོང་རྒྱལ་ཡོངས་སེམས་ཅན། ༼འབྲོང་གྱིམ་ཙི༽སྐད་སྒྱུརམར་ཀུ་རིཏ་ཇག་ཀིསི་ཏཱན་མཚམས་བྲག་དགོན་པམ་ཤོག།སྲིད་བློན།འཇམ་དཔལ་དབྱངས་ཌེན་མཱཀ་ཁྲོམ་སྒྱུར།སེམས་ཅནཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་མཁས་དབང་ཀརྨ་ཕུན་ཚོགས་ཀྱི་སྐོར།སྤ་རོ་ རིན་སྤུང་རྫོང་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་འཇིགས་མེད་བསྟན་འཛིན་དབང་པོའི་ཞབས་བརྟན།ལ་ཊི་ཝེ་ཡ་ཇཽ་ཇཱཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།བངྒ་ལ་དེཤ།༢༠༡༠ཉི་ཧོང་ཐིམ་ཕུག་གི་ཡིག་འབྲུ་ཀུརོ་ཤི་ཡརྒྱ་མི།ཡེ་ཤུའི་ཆོས་ལུགསཀྲུང་ཀོཨིཛ་རཱེལ་ཀམ་བོ་ཌི་ཡ།ཟླཝ་དང་པའི་ལོ་གསར།སྤ་རོ་རིན་སྤུང་རྫོངབྷེ་ནིན་ཏའི་ཝཱན་བསམ་རྩེ་རྫོང་ཁགསྤུ་ན་ཁ་སྐུ་རྗེས་ ལྷ་ཁང་རྟ་མགོཇཱ་པཱནབོན།བོ་ལི་ཝིཡ༢༠༡༧བཀྲིས་གཡང་རྩེ་རྫོང་ཁགདར་དཀར་ན་རྫོང་ཁགཡུ་ནའི་ཊེཊ་ཀིང་ཌམམགར་ས་རྫོང་ཁགལྷོ་ཀོ་རི་ཡ་ནེ་རྡུར་ལན་ཌི་བེ་ལ་རུ་སུ་བསྣོན་🡆 More