ཧོར་ཚོ་པ་དགུ་

ཚོ་པ་སུམ་ཅུ་སོ་དགུའི་ནང་སྟེང་ཆེན་དང། སེར་ཚ། ཁྲི་རྡོ། སྦྲ་ཆེན། ནག་ཤོད། འབྲི་རུ། ཨར་རྫ་བེ་སོག་རྫོང་(གཉའ་རོང་)སོགས་རྫོང་དྲུག་གི་ས་ཁུལ་དང། ཚོ་པ་སུམ་ཅུ་སོ་དགུར་དེ་སྔ་ཧོར་ཚོ་པ་སོ་དགུ་ཞེས་འབོད། དེར་མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སོག་པོ་གཡས་རུའི་ཕྱོགས་ཀྱིས་དབང་སྒྱུར་བྱས། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་(༡༧༢༥)ལོར་མན་ཆིང་རྒྱལ་རབས་ཀྱིས་ཟི་ལིང་ལ་དོན་གཅོད་ཨམ་བན་བསྐོ་གཞག་བྱས་པ་དང་ཁྲི་ཅ་ཅ་ཆིང་ཧོར་ཚོ་པ་སོ་དགུའི་སྤྱི་ཁྱབ་ཏུ་མངགས་གཏོང་བྱས་ཐོག་སྤྱི་ཁྱབ་ལས་ཁུངས་སྟེང་ཆེན་ལ་བཅའ་སྡོད་ཀྱིས་ཁུལ་དེ་ཡོངས་ཀྱི་མངའ་འོག་དཀར་རུ་དཔོན་དང། ཡེ་ཐ་དཔོན། སྟག་ཕྲུག་དཔོན་བཅས་སྟོང་དཔོན་གསུམ་ཡོད་པ་དང། སྟོང་དཔོན་གྱི་འོག་ཏུ་བརྒྱ་དཔོན་སོགས་ཀྱི་འགོ་དཔོན་བསྐོ་གཞག་བྱས་ཡོད། མན་ཆིང་རྒྱལ་རབས་ཀྱི་ཐོག་མའི་དུས་སུ་ཧོར་ཚོ་པ་སོ་དགུའི་ས་ཁོངས་དེ་དག་ལི་ཧྥན་ཡོན་ཕྱི་ཕྱོགས་ཡ་མོན་གྱི་ཐད་ཀའི་མངའ་ཁོངས་སུ་བརྩིས་ནས་དོ་དམ་བྱེད་ཀྱི་ཡོད། ཆུ་གླང་(༡༧༣༣)ལོ་ཡུང་ཀྲེང་ཁྲི་ལོ་བཅུ་གཅིག་པར་མཚོ་སྔོན་ཕྱི་ཕྱོགས་ལས་སྣེ་ཨམ་བན་གྱི་བཀའ་ཤོག་ནང་དུ། ཁྱེད་ཚོ་བོད་མིའི་ཁྲལ་རིགས་འཁྲི་སྒྲུབ་ཞུ་སྒོའི་ཐད་ཡུང་ཀྲེང་ཁྲི་ལོ་བཅུ་གཅིག་པར་གཏན་འབེབས་བྱས་པ་ལྟར་ལོ་རེ་ཐེམ་དུད་རེ་ནས་དངུལ་ཞོ་བརྒྱད་རེ་འཇལ་སྒྲུབ་དགོས་ལུགས་ཐོ་གཞུང་ནང་གསལ་མགྱོགས་མྱུར་ཐེམ་བཤེར་བསྡུ་ལེན་གྱིས་འདི་ལོ་གུས་རང་བོད་དུ་ཁྲལ་བསྡུར་ཡོང་སྐབས་ཆད་མེད་སྒྲུབ་སྤྲོད་དགོས་པ་ལས་ནར་འགྱངས་མི་ཆོག། འོན་ཀྱང་ཁྲལ་འདེད་ཁ་ཁྱེར་གྱིས་རང་འོག་མི་སེར་རྣམས་ལ་བརྡབ་གསིག་གཏོང་རིགས་གཏན་ནས་མི་ཆོག། དེ་ལས་འགལ་རིགས་བྱུང་བཅུ་གསུམ་པའི་ལྕགས་ལུག་(༡༧༥༡)ལོར་མན་ཆིང་གོང་མས་ཧོར་ཚོ་པ་སོ་དགུར་བོད་སྡོད་ཨམ་བན་གྱི་ཡ་མོན་ནས་ཐད་ཀར་བདག་གཉེར་བྱ་རྒྱུའི་བཀའ་རྒྱ་བཏང་བ་རེད། མན་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲའོ་འར་ཧྥུང་ས་ཁུལ་དེ་ཚོར་སླེབས་རྗེས་སྔར་གྱི་དཔོན་གནས་རྣམས་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་ནས་ས་ཆ་དེ་དག་ཟི་ཁྲོན་གྱི་མངའ་ཁོངས་སུ་བཅུག། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་སྟག་(༡༩༡༤)ལོའི་ཟླ་གཉིས་པའི་ནང་ཟི་ཁྲོན་མཐའ་སྲུང་དཔོན་ལུའུ་ཅུན་ཀྲུང་ཅང་ཀྲང་ཡེས་དཀར་སྨད་གཡུང་དྲུང་བསྟན་གྲགས་ལ་སྤྲད་པའི་བཀའ་ཡིག་ནང་འཁོད་དོན། སྙན་སེང་ཞུ་དོན་ལྟར་ཧོར་ཚོ་པ་སོ་དགུ་ཟི་ཁྲོན་མཐའ་མཚམས་ཀྱི་མངའ་ཁོངས་སུ་གཏོགས་པས་སྔར་མུས་བཞིན་ས་ཁོངས་བདག་སྐྱོང་ཐོག་དཔོན་འབངས་མི་སེར་ཀུན་གྱིས་སྔར་སྲོལ་ཁྲལ་རིགས་རྣམས་ཞ་ཆག་མེད་ཐོག་མིན་གོ་རྒྱལ་ཁབ་ཆེན་པོའི་མི་སེར་ཡག་པོ་ཞིག་བྱེད་དགོས། དེ་ལས་འགལ་རིགས་བྱུང་ཚེ་བརྒྱ་དཔོན་གཡུང་དྲུང་བསྟན་གྲགས་ལ་འདྲི་རྩད་བྱ་རྒྱུ་ཡིན། རྗེས་སོར་དམག་དམངས་ཡོངས་ལ་ཉེ་རིང་མེད་པར་སྐྱོང་མཁས་གང་ལེགས་བྱེད་དགོས་པ་ལས་བརྙས་བཅོས་བཙན་ཤེད་རིགས་བྱུང་ཚེ་འཕྲལ་འཕྲལ་ཆད་པ་ནན་པོ་གཅོད་རྒྱུ་ཡིན། མེ་འབྲུག་(༡༩༡༦)ལོར་བོད་ས་གནས་སྲིད་གཞུང་གིས་ཧོར་ཚོ་པ་སོ་དགུའི་ས་ཁུལ་ལ་དབང་སྒྱུར་བྱེད་སྐབས་སྔར་གྱི་སྟོང་དཔོན་རྣམས་བརྒྱ་དཔོན་ལ་ཕབ་པ་དང། བརྒྱ་དཔོན་རྣམས་དཔོན་རིགས་དཀྱུས་མར་ཕབ་ཐོག་སྟེང་ཆེན་སོགས་ས་ཁུལ་ལ་རྫོང་དཔོན་བཏང་ནས་སྲིད་དོན་ཐག་གཅོད་བྱེད་བཅུག་པ་མ་ཟད། ཧོར་ཚོ་པ་སོ་དགུའི་སྲིད་ཀྱི་དབང་ཆ་ཡང་ནག་ཆུ་སྤྱི་ཁྱབ་ལ་སྤྲད། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་(༡༩༥༠)ལོར་ཆབ་མདོ་བཅིངས་འགྲོལ་བཏང་རྗེས་དེ་སྔའི་ཧོར་ཚོ་པ་སོ་དགུའི་ཁོངས་གཏོགས་སྟེང་ཆེན་དང། སེར་ཆ། ཁྲི་རྡོ་སོགས་ཆབ་མདོ་ས་ཁུལ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་མངའ་ཁོངས་སུ་བསྡུས་པ་མ་ཟད། ལྕགས་ཡོས་(༡༩༥༡)ལོའི་ཟླ་དང་པོར་ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ཁྲུའུ་དང་པོ་བཙུགས་ཏེ་ཝང་ཤིང་ཡིའུ་ཡིས་ཀྲུའུ་རེན་གནང་བ་དང། ཧོར་རྒྱལ་སྲས་དང་ཝང་ཡུན་ཞང་སོགས་ཀྱིས་ཀྲུའུ་རེན་གཞོན་པ་གནང་བ་རེད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

ཡིག་བརྒྱ་ཨོ་སི་ཐྲི་ཡ།རྒྱལ་སྲས་ལག་ལེན།དབྱིན་ཡིགསྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།དགའ་ལྡན་གསེར་ཁྲི་རིམ་བྱོན་བྱ་རྒོད།ཇ་རྟའི་གནའ་ལམ་རྡོ་རྗེ་བྲག་དགོན།ཨོག་ལེན།མཇེ་མ་ད་གཱ་སི་ཀར།སྐར་མ་གནམ་རྒྱལ།ཋེག་ཟ་སི།རྒྱ་ཡིགསྡེ་པ་གཙང་པའི་དུས་རབས།རིག་གནས་བཅུ།རང་བཞིན་བརྗོད་པའི་རྒྱན་བཞི་སློབ་གྲྭ་ཆེན་མོ།པུ་ར་ག་རི་ཡ།ཧེན་རིག་ཆི་ཧཱ་རཱར།གཉན་ཆེན་ཐང་ལྷའི་རི་རྒྱུད།མེག་སི་ཀོ་གསར་མ།སེལ་འོ་སུ་འན་གྱི་སྐདམངོན་བརྗོད་ཞི་པི་ཨ་ཨ་ཧྥེ་རི་ཁ་ནུའོ་སི།རྣམ་དབྱེ་བཞི་བ་དགོས་ཆེད་ཨཡིསུ་ལེན་ཌ།ལྗེས་ཧ་སྒྲིའམ།མེ་ཏོག་ཧོང་ཀྲང་།སི་ལོ་ཝེ་ནི་ཡ།ཁ་སི་ཐྲིས།ལོ་རྟགས་ཀྱི་བདུན་ཟུར་ཧྥ་རན་སི་ཡི་ས་ཁུལ་།Pixivབ་ར་ཏིསི་ལ་བ།ཧི་རོ་ཧི་ཐོ།ཐེག་པ་ཆེན་པོ།སྐྱེས་ཆེན་དམ་པ་ལུ་ཀཱ།ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་བསོད་ནམས་རྒྱ་མཚོ།ཨོ་སི་ལོ།ཆོས་རྒྱམ་དྲུང་པ་རིན་པོ་ཆེ།དོན་གྲུབ་རྒྱལ།ཨིསུ་ཊོ་ནིཡ།མིང་གཞི་ཤིན་ཏུ་མོ་ཡིག་བཞི།ཕ་དམ་པ་སངས་རྒྱས།ལོ་སྐོར་བཅུ་གཉིས་ཨར་ལེན་ཌ།དགེ་འདུན་རྒྱ་མཚོ་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།ཧའོ་པེ་ཞིང་ཆེན།རྩེ་གསུམ།པ་ཀི་སི་ཐནམ་ཎི་བཀའ་འབུམ།བློ་སྦྱོང་ཚིག་རྐང་བརྒྱད་མ་སེང་ག་གླིང་།སྟག་རྩེ་རྫོང་།ཨ་ཤོམ།བོད་ཡུལ།མ་ལི།བྱ་ཏེ་གནས་ཉེར་བཞི་ཌ་ཀར་གླང་གོག་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྒྱལ་དབང་སྐུ་འཕྲེང་རིམ་བྱོན།འཛམ་གླིང་འཁྲུག་ཆེན་དང་པོ།ཨོཾ་མ་ཎི་པ་དྨེ་ཧཱུྃ།🡆 More