ལོ་སྐོར་བརྒྱད་

བོད་ཀྱི་ལོ་སྐོར་རེ་ལ་ལོ་བཅུ་གཉིས་ཡིན་པས་ལོ་སྐོར་བརྒྱད་ལ་ལོ་དགུ་བཅུ་གོ་དྲུག་ཡོད་པ་སྟེ། གླང་དར་མས་བསྟན་པ་བསྣུབས་པ་ནས་སངས་རྒྱས་ཀྱི་བསྟན་པ་ཕྱི་དར་གྱི་བར་ལ་ལོ་དགུ་བཅུ་གོ་དྲུག་ཡོད་པའི་དོན་ཡིན། འདིའི་སྐོར་ལ་བཞེད་པ་མི་འདྲ་བ་མང་དུ་ཡོད་པ་ནི་གཙོ་བོ་རྒྱལ་པོ་གླང་དར་མའི་འདས་ལོ་དང་། བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་ལོ། སྲོང་བཙན་སྒམ་པོ་འཁྲུངས་འདས་ཀྱི་ལོ་བཅས་ལ་བཞེད་པ་མི་འདྲ་བའི་དབང་གིས་བྱུང་བ་ཡིན་པས་འདིར་བཀོད་ན་ཡི་གེ་མང་དོགས་ནས་མ་བྲིས་སོ། །

ལོ་སྐོར་བཅུ་གཉིས་། བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕག་རྣམས་སོ།། ལོ་འཁོར་བཅུ་གཉིས་ཟེར།

ལོ་འཁོར་བཅུ་སྐྱེད། དེ་སྔོན་བོད་ས་གནས་སྲེད་གཞུང་སྐབས་དངུལ་བུན་བཏང་བའི་སྐྱེད་ཁ་ལ་རིགས་ཁ་ལ་རིགས་ཁ་ཤས་ཡོད་པའི་ནང་ནས་སྐྱེད་ཁ་མཐོ་ཤོས་ཏེ། བོད་དངུལ་སྲང་ལྔ་བཅུ་ཐམ་པ་སྤྲོད་དགོས་པ་དེར་བཅུ་སྐྱེད་ཟེར།

ལོ་གྲགས་ཟེར་གསུམ། མི་འདོད་པ་དང་། མ་རངས་པའི་ཚིག་ཤུགས་སྟོན་པའི་ཕྲད་གསུམ།

ལོ་རྒན་དྲུག་བཅུ་། རབ་བྱུང་རྣམ་བྱུང་དཀར་པོ་དང་།། རབ་མྱོས་སྐྱེས་བདག་ཨདྒི་ར།། དཔལ་གདོང་དངོས་པོ་ན་ཚོད་ལྡན་།། འཛིན་བྱེད་དབང་ཕྱུག་འབྲུ་མང་དང་།། མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་།། སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད།། ས་སྐྱོང་མི་ཟད་ཐམས་ཅད་འདུལ།། ཀུན་འཛིན་འགལ་བ་རྣམ་འགྱུར་དང་།། བོང་བུ་དགའ་བ་རྣམ་རྒྱལ་དང་།། རྒྱལ་བ་མྱོས་བྱེད་གདོད་ངན་དང་། གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་།། རྒྱལ་བ་མྱོས་བྱེད་གདོད་ངན་དང་།། གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་།། ཀུན་ལྡན་འཕར་བ་དགེ་བྱེད་དང་།། མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག། ཟིལ་གནོན་སྤྲེའུ་ཕུར་བུ་དང་།། ཞི་བ་ཐུན་མོང་འགལ་བྱེད་དང་།། ཡོངས་འཛིན་བག་མེད་ཀུན་དགའ་དང་།། སྲིན་པོ་མི་དང་དམར་སེར་ཅན།། དུས་ཀྱི་ཕོ་ཉ་དོན་གྲུབ་དང་།། དྲག་པོ་བློ་ངན་རྡ་ཆེན་དང་།། ཁྲག་སྐྱུག་མིག་དམར་ཁྲོ་བོ་དང་།། ཟད་པ་ཞེས་བྱ་ལོ་དྲུག་ཅུ།། ཞེས་པ་ལྟར་ཏེ། བྱི་ལོ་སོགས་བཅུ་གཉིས་པོ་ཤིང་མི་ས་ལྕགས་ཆུ་ལྔས་རིམ་པར་སྒྱུར་བའོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

རིན་ཆེན་འབྱུང་གནས།ལྦེ་ཁེ་རིག་མཛོདདུང་དཀར་ཚིག་མཛོད་ཆེན་མོ་སློབ་དཔོན་ཐུ་མི་སམ་བྷོ་ཊ།༢༡ (གྲངས་ཀ།)ཧ་ཝ་ཡི།རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།ཀ་དམ་པ་བདེ་གཤེགས་ཀཱ་རི་ཀ་ལྔ་བཅུ་ཆང་གི་ཉེས་པ་སུམ་ཅུ་པ་རིགས་ལྔ།ཐང་ཤིང་།སེ་ར་དགོན།མི་ཕམ་མགོན་པོ།ཀྲུང་གོའི་རྒྱལ་རབས།ཟླ་༥ཚེས་༡༠ཉིན་སུམ་བ་བཅུ་པ།ལེགས་བཤད་ལྗོན་དབང་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་༢༠༠༢ལོ།བཀའ་བློན་ཀེ་རི་སི།ལག་གཡེམ།མཁན་ཆེན་དགེ་ལེགས་ཆོས་འཕེལ།བོད་ཀྱི་ཆོས་ལུགས་རོལ་ཆསཨར་ལེན་ཌ།སན་ཏ་ཁུ་རུ་སི་དེ་ལ་སི་ཨེ་ར་པོམ་པེ་ཡི།དབེན་ས་པ་བློ་བཟང་དོན་གྲུབ།སྣར་ཐང་སྔགས་བཀླག་ཐབས་བོད་རིགས་ཁ་ཆེVanessa Lauཝོལ།མ་སྐྱེས་དགྲ། (རྒྱལ་པོ།)རྩ་གཉིས་རྟགས་རིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།ཚྭ་རྒྱུ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།བོད་ཀྱི་སྐད་ཡིག།ཨ་ཧྥུའུ་རྒན་སི་ཐན།གསང་སྔགས་ལམ་གྱི་མཚན་ཉིད་མདོར་བསྡུས་པ་ཟླ་༦ཚེས་༡༢ཉིན་ཕག་གྲུའི་སྲིད་སྐྱོང་དུས་རབས།ཨ་ཟེ་རྦཡི་ཇན།ངོར་ཆེན་ཀུན་དགའ་བཟང་པོ་པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།འོ་སྐོལ།༡༩༩༨ལོ།ཀུན་བཟང་བླ་མའི་ཞལ་ལུང་རྣམ་ཐར་སྒོ་བཞི་རིག་གནས་བཅོ་བརྒྱད།བོད་ཀྱི་མཛངས་བློན་བདུན་ལུགས་ཀྱི་བསྟན་བཅོས།ཟླ་༣ཚེས་༡༤ཉིན་ཇོ་བོ་རྗེ་རྟགས་ཀྱི་འཇུག་པ་རིང་བསྲེལ་།གཡུ་རྙིང་ཉེར་ལྔ་འཛམ་གླིང་འཁྲུག་ཆེན་གཉིས་པ་ཁམས་གསུམ་མོ་སི་ཁོ།སྨན་རི་དགོན།ཐོན་མིའི་ཞལ་ལུང་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།མཚོ་དབུས་གེ་སར་རྭ་སྒྲེང་དགོན།བོ་སེ་ཊོན།འདོད་པའི་ལོངས་སྤྱོད།བཀའ་བསྡུས་ས་སྐྱ་དགོན།མི་བཟོས་རིག་ནུས།🡆 More