རྒྱ་གླིང་།

རྒྱ་གླིང་ནི་རོལ་ཆའི་རིགས་གཅིག་རེད།

རྒྱ་གླིང་།
རྒྱ་གླིང་།



ལོ་རྒྱུས།

ཨ་ལ་ལ་ཧོ། ༡༽རྒྱ་ཡོད་ཚད་བོད་ཀྱི་ཚིག་མཛོད་ལས་འདོར་དགོས་ན། རྒྱ་མཚོ། རྒྱ་མ། རྒྱ་རྡོ། རྒྱ་ཚད། རྒྱ་སེར། རྒྱ་གར། རྒྱ་ནག རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པོ་མིན་ཚད་གྱི་མཚན་ལ་ཡང་བཟོ་བཅོས་མི་དགོས་སམ། ༢༽རྒྱ་ཞེས་པའི་དོན་མང་ཆེ་བར་རྒྱ་ཚད་ལ་འཇུག་པའི་དབང་དུ་བྱས་ན། རྒྱ་གླིང་ཡང་བཟོ་དབྱིབས་འབུད་ཚུལ། བཀོད་པ་སོགས་ཚད་ལྡན་གྱི་གླིང་བུར་ངོས་འཛིན་བྱར་མི་རུང་པ་ཅི་ཡོད། རྒྱ་གླིང་གཏོང་བ་ལ་དབུགས་ཀྱི་དམ་ལྷོད། མཛུབ་མོའི་དལ་བུལ། ཆ་ཚད། བཟོ་དབྱིབས་སོགས་རོལ་མོའི་རིགས་གཞན་ལས་ཚད་ལྡན་མེད་ན་སྒྲ་ཡག་པོ་མི་ཡོང་པ་ནི་འབུད་ཤེས་མཁན་ཀུན་ལ་རྒྱུས་ཡོད། ད་ལྟའི་རྒྱ་གླིང་གི་བཟོ་དབྱིབས་གཅིག་པ་ཞིག་རྒྱ་ནག་ལོ་རྒྱུས་ནང་དུ་བཙལ་ཀྱང་མི་རྙེད། འབུད་ཚུལ་ཀྱང་ཨ་མདོའི་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཁ་ཤས་རྒྱ་ནག་དང་མཚུངས་པ་ལས། དབུས་ཀྱི་དགོན་སྡེ་མང་ཆེ་བ་རྒྱ་ནག་དང་གཏན་ནས་མི་འདྲ། རྙིང་མ་པ་ལ་མཚོན་ན། རྡོ་སྨིན་ཀཿ་དཔལ་གྱི་ལུགས་སྲོལ་ཆེན་པོ་བཞི་འདུག རིག་འཛིན་དགྱེས་རོལ། མཚོ་རྒྱལ་གདུང་དབྱངས། ལྷ་རྒྱལ་རིགས་གསུམ། རལ་གྲིའི་འཁྲུལ་འཁོར་སོགས་རྙིང་མ་སྤྱི་ལ་འགྲོ་བ་དང་། སྨིན་གླིང་རྩ་འབུད། དམ་པའི་ཚངས་དབྱངས། གནམ་ཆོས་དག་སྣང་སོགས་སྒེར་ཆོས་སུ་གྱུར་པ་ཅི་རིགས་ཡོད། རྒྱ་ནག་རང་གིས་བསྒྲིགས་པའི་ཀྲུང་གོའི་རོལ་ཆའི་ངོ་སྤྲོད་དུའང་བོད་གྱི་གླིང་བུ་ཞེས་བྲིས་འདུག འཛམ་གླིང་གི་མི་སུ་ལ་བསྟན་ཀྱང་བོད་ཀྱི་བླ་མའི་རོལ་ཆ་ཡིན་པ་ལས་རྒྱ་ནག་གི་རེད་མི་གསུང་ཐག་ཆོད་རེད། ༣ ༽སངས་རྒྱས་ཆོས་གཞུང་མདོ་སྔགས་ཀུན་ལ་ཡོངས་སུ་གྲགས། མྱ་ངན་ལས་འདས་པའི་མདོ་ལས། རོལ་མོ་རྣམ་པ་སྣ་ཚོགས་ཀྱི་སྒྲ་གྲགས་པ་ནི་འདི་ལྟ་སྟེ། གླུ་དང་། གར་དང་། གླིང་བུ་དང་། དགུ་པོ་རྒྱུད་མང་དང་། སེའུ་དང ། ཤིར་དང་། རྔའི་སྒྲ་རྣམས་སོ། ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། རོལ་མོ་བརྒྱ་སྟོང་མང་པོ་ལྷ་རྫས་ཀྱི་དབྱངས་ཡིད་དུ་འོང་པ་སྙན་པ་དང་ལྡན་པ་དག་ནི་རབ་ཏུ་བླངས། མེ་ཏོག་གི་ཆར་ཆེན་པོ་ནི་མངོན་པར་འབབ། ཅེས་པ་སོགས་རོལ་མོའི་རིགས་བྱེད་གྲངས་མེད་པ་གསུང་པ་རེ་རེ་ནས་འདྲེན་ཨེ་ཐུབ། སྔགས་ཀྱི་རྒྱུད་སྡེ་རྣམས་ལ་ནི་ཡོངས་སུ་གྲགས་པ་ཞིག་ཡིན། དཔེར་ན། རྡོ་རྗེ་གདན་བཞི་ལས། གླིང་བུའི་ཚུལ་དུ་འབུད་པ་དང་། ཞེས་དང་། སྒྱུ་མ་བདེ་མཆོག་ལས། གླིང་བུ་དང་ནི་པི་ཝང་ཀུན། །ཞེས་པ་བརྒྱུད་ལྡན་བླ་མ་རྣམས་ཀྱི་ཕྱག་སྲོལ་དུ་བྱུང་བའི་རྒྱ་གླིང་འདི་ལས་གཞན་དག་འབུད་པའི་སྲོལ་མེད་པ་ནི་ཆོས་གྲྭ་ལ་བཞུགས་མཁན་ཀུན་གྱིས་དགོངས་ངེས་པའོ། །བ་རི་ལོ་ཙཱ་བའི་གུར་གྱི་བེ་བུམ་དུའང་། གླིང་བུ་དང་། ཟངས་གླིང་། མི་རྐང་གླིང་བུ་སོགས་ཀྱི་གསལ་མཆན་བཀོད་ཅིང་སྐབས་ཐ་དད་དུ་འབུལ་ཚུལ་བཤད་པའང་ཡོད། ནག་པོ་ཆེན་པོའི་རྒྱུད་དང་། ཁྲག་འཐུང་མངོན་བྱུང་གི་སོགས་ལྷ་ཁྲོ་བོ་དང་སྲུང་མ་དང་འབྲེལ་ཡོད་ཀྱི་རྒྱུད་སྡེ་དག་ན་གླིང་བུ་ཞེས་གསལ་ཀ་ཡོད་པར་མ་ཟད་རྣམ་གྲངས་ཀྱང་མང་པོ་ཡོད་པ་ཏུགས་ལ་ངེས་པར་ཞུ། །མདོར་ན་བརྒྱུད་ལྡན་བླ་མ་གོང་མ་དག་གིས་རོལ་ཟིན་ཀུན་ལ་མཆོད་བྱེ་བྲག་གླིང་བུ་ཞེས་བཀོད་པ་རྒྱ་གླིང་འདི་ཉིད་ཡིན་ཚུལ་ལོ་རྒྱུས་ཁུངས་ལྡན་ནོ། །དྲི་མེད་པས།

པར་རིས་བར་འཁྱམས།

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

རྒྱ་གླིང་། ལོ་རྒྱུས།རྒྱ་གླིང་། པར་རིས་བར་འཁྱམས།རྒྱ་གླིང་། ཟིན་ཐོ་འམ་དཔྱད་གཞི།རྒྱ་གླིང་། དཔྱད་གཞིའི་དཀར་ཆག།རྒྱ་གླིང་། ད་དུང་གཟིགས།རྒྱ་གླིང་། ཕྱི་ཕྱོགས་དྲ་མཐུད།རྒྱ་གླིང་།

🔥 Trending searches on Wiki བོད་སྐད:

འབྲུག་ཡུལ།རྟགས་ཀྱི་འཇུག་པ་མཛེ་ནད།དར་མ་འུ་དུམ་བཙན།ཆུ་ཤིང་བསྟན་་བཅོས་གུ་རུའི་རྣམ་ཐར།སློབ་དཔོན་ཐུ་མི་སམ་བྷོ་ཊ།ཀིརྟི་སྐུ་ཕྲེང་བརྒྱང་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་མི་ཁོམ་པའི་གནས་བརྒྱད།ཤེས་བྱའི་རྣམ་གྲངས་ཀུན་བཏུས།ཨོ་སི་མིམ།པེ་ཅིང་གྲོང་ཁྱེར།བྷཧ་རཡིན།གསེར་གདུང་འཛམ་གླིང་རྒྱན་གཅིག་སྲས་དགའ་བོ་གཞིས་ཀ་རྩེ་ས་ཁུལ།དམུ་དགེའི་དགོན་གྱི་ངོ་སྤྲོད།ཚད་མ་རིག་པའི་ཤེས་བྱ་ཟླ་༨ཚེས་༢ཉིན་ཟླ་༣ཚེས་༥ཉིན་ཕྱོགས་ཀྱི་གླང་པོ།ཏུརཀ་མེ་ནི་སྟན།ཚད་མ་རྣམ་འགྲེལ།རྒྱ་གར་སྐད།སངས་རྒྱས། (གོ་ལོག་སེལ་བ།)ལྡེ་སྣོལ་པོ།ལོ་ས་སྐྱའི་སྲིད་སྐྱོང་དུས་རབས།ཤར་པ།དྲོད་ཚད་ཀླུ་སྒྲུབ་དགོངས་རྒྱན།དགེ་འདུན་ཆོས་འཕེལ།ཐང་གའགྲོ་བ་རིགས་དྲུག་ཁལ་ཁ་རྗེ་བཙུན་དམ་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་གཉའ་ཁྲི་བཙན་པོ་རྒྱ་གར་གི་ལོ་རྒྱུས།མངོན་སུམ་གྱི་ཚད་མ་བྷང་ལ་རྡེ་ཤུ།སེ་པན་སྐད།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།ཚོགས་བདགགནམ་བསྐོས་དགའ་ལྡན་ཕོ་བྲང་གསེར།ཉི་མ།ཤམྦྷ་ལའི་སྨོན་ལམ་བཞུགས་སོ།།ཁྱི།རྟ་མགྲིན།དེ་ཤོ་ལེགས།ཧིན་ཏུའི་ཆོས་ལུགས།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་༢༠༡༣ལོ།ལྟུང་བཤགས་ཟླ་བ།མི་ཤེས་པའི་རྒྱུ་བཞི།རྣམ་དབྱེ་བདུན་པ་གནས་གཞི་ཧྥོར་ཅཱ་གཙང་པོ།ཟླ་༩ཚེས་༢༩ཉིན་ཆོ་འཕྲུལ་མཆོད་རྟེན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།ཚིག་བདུན་གསོལ་འདེབས་བླ་མའི་རྣལ་འབྱོར་གཉེན་ཚན་བར་ཆགས་སྦྱོར་བྱེད་པ།ལམ་རིམ་བསྡུས་དོན་ལུམ་བི་ནི་🡆 More