ཝའི་ལི་སྒྲ་སྒྱུར།

ཝའི་ལི་སྒྲ་སྒྱུར་ (Wylie Transliteration) ནི། བོད་ཡིག་ཐོག་གི་ཡིག་ཆ་རྣམས་ཨིན་ཡིག་གི་རྣམ་པར་དག་ཆ་ཇི་བཞིན་ཡིག་འབེབས་ཀྱིས་སྒྲ་སྒྱུར་བྱེད་པའི་ཐབས་ལམ་ཞིག་ཡིན། ཐབས་ལམ་འདི་ཕྱི་ལོ་ ༡༩༥༩ ལོར་ཨ་རིའི་བོད་ཀྱི་སྐད་ཡིག་རིག་པའི་མཁས་དབང་ Turrell V.

Wylie ཊུ་རེལ་ཝི་ཝའི་ལི་ལགས་ཀྱིས་ A Standard System of Tibetan Transcription ཞེས་པའི་རྩོམ་ཡིག་ཐོག་འདིའི་སྐོར་གྱི་ལས་འཆར་ཐོག་མར་གསལ་བཤད་མཛད་པས། སྒྲ་སྒྱུར་གྱི་ཐབས་ལམ་འདི་ལ་ཝའི་ལི་སྒྲ་སྒྱུར་ཞེས་མིང་དུ་ཐོགས། ཐབས་ལམ་འདི་ཕྱིས་སུ་ཨ་རིས་གཙོས་པའི་གཙུག་ལག་སློབ་གཉེར་ཁང་རྣམས་སུ་བོད་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་སྒྲ་སྒྱུར་ལམ་ལུགས་སུ་གཏན་འབེབས་བྱུང་བས་རིམ་བཞིན་རྒྱ་སྐྱེད་བཏང་སྟེ། དེང་སང་བོད་ཀྱི་ཡིག་ཐོག་ཏུ་ཡོད་པའི་བོད་ཀྱི་ཐ་སྙད་ཙམ་མ་ཟད། བོད་ཡིག་གི་རྣམ་པར་ཡོད་པའི་ལེགས་སྦྱར་གྱི་སྔགས་ཡིག་དག་ཀྱང་ལས་སླ་པོར་འབྲི་ཐུབ། ཝའི་ལི་སྒྲ་སྒྱུར་གྱི་སྒྲིག་ལམ་འདི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཕྲུལ་རྣམས་སུ་བོད་ཡིག་འབྲི་བྱེད་ཀྱི་ཐེབས་གཞོང་སྒྲིག་ལམ་དུ་གཏན་འབེབས་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། ནང་བསྟན་དཔེ་ཚོགས་ལྟེ་གནས་སོགས་དྲྭ་ཐོག་དཔེ་མཛོད་ཁག་ཏུའང་ཐབས་ལམ་འདི་བོད་ཡིག་འབྲི་བའི་ཆ་རྐྱེན་དུ་བཀོལ་ཡོད། དེར་མ་ཟད་དེང་སང་རྒྱལ་བའི་བཀའ་བསྟན་གསུང་རབ་མཐའ་དག་ཀྱང་འགྲོ་ལུགས་འདིའི་ཐོག་ཕན་ཚུན་བརྗེ་སྒྱུར་བྱེད་ཐུབ།

ཡིག་སྒྱུར་སྒྲིག་ལམ།

གསལ་བྱེད་སྒྲ་སྒྱུར།

ka [ká] kha [↘︎kʰá] ga [ɡà/↗︎kʰà] nga [ŋà]
ca [tɕá] cha [↘︎tɕʰá] ja [dʑà/↗︎tɕʰà] nya [ɲà]
ta [tá] tha [↘︎tʰá] da [dà/↗︎tʰà] na [nà]
pa [pá] pha [↘︎pʰá] ba [bà/↗︎pʰà] ma [mà]
tsa [tsá] tsha [↘︎tsʰá] dza [dzà/↗︎tsʰà] wa [wà]
zha [ʑà/↗︎ɕà] za [zà/↗︎sà] 'a [ɦà/↗︎ʔà] ya [jà]
ra [rà] la [là] sha [↘︎ɕá] sa [↘︎sá]
ha [há] a [↘︎ʔá]

སྐབས་འདིར་སྔོན་འཇུག་དང་འབྲེལ་བའི་སྒྲ་སྒྱུར་ཡིག་འབེབས་སྐབས། གཡང་ལྟ་བུ་ལ་ g.yang ཞེས་དཀྱིལ་དུ་ཨིན་ཚག་བེད་སྤྱོད་གཏོང་དགོས་པ་ཡིན། དེ་མིན་པར་ gyang ཞེས་བྲིས་ན་གྱང་ཞེས་པར་ཆགས་འགྲོ།

དབྱངས་ཡིག་སྒྲ་སྒྱུར།

དབྱངས་ཡིག་གི་སྐབས་ཨ་ཡིག་ལ་ a གཞིར་བཞག་པའི་ཐོག་ནས། གཞན་གུག་སྐྱེད་ཀྱི་འགྲོ་ལུགས་རྣམས་གཤམ་གསལ་ལྟར་ཡིན།

ཨི  i ཨུ  u ཨེ  e ཨོ  o

ཝའི་ལི་སྒྲ་སྒྱུར་གྱི་དཔེ་མཚོན།

ཝའི་ལི་སྒྲ་སྒྱུར་གྱི་འགྲོ་ལུགས་ལྟར། རྩིས་འཕྲུལ་ཐོག་ཡིག་འབེབས་བྱེད་པ་ནི་ཧ་ཅང་སྟབས་བདེ་ཞིང་ཤེས་སླ་བ་ཞིག་རེད། ལྟ་བུ་ཨིན་ཡིག་གི་རྣམ་པར་བསྒྱུར་ན།
wa'i li sgra sgyur gyi 'gro lugs ltar/ rtsis 'phrul thog yig 'bebs byed pa ni ha cang stabs bde zhing shes sla ba zhig red/

རྒྱ་བསྐྱེད་ཝའི་ལི་སྒྲ་སྒྱུར།

རྒྱ་བསྐྱེད་ཝའི་ལི་སྒྲ་སྒྱུར་ (Extended Wylie Transliteration) ནི། བོད་ཡིག་ཐོག་ཡོད་པའི་རྐྱེན་ཡིག་དང་སྔགས་ཡིག་སོགས་འབྲི་ཐུབ་པའི་ཆེད་སྔར་གྱི་འགྲོ་ལུགས་གཞིར་བཞག་པའི་ཐོག་ནས་རྒྱ་སྐྱེད་བྱས་པ་ཞིག་ཡིན།

འབྲེལ་ཡོད་ཡིག་ཁུངས།

ཁུངས་ཡིག་དཔྱད་གཞི།

དཔྱད་གཞིའི་དཀར་ཆག:

Tags:

ཝའི་ལི་སྒྲ་སྒྱུར། ཡིག་སྒྱུར་སྒྲིག་ལམ།ཝའི་ལི་སྒྲ་སྒྱུར། ཝའི་ལི་སྒྲ་སྒྱུར་གྱི་དཔེ་མཚོན།ཝའི་ལི་སྒྲ་སྒྱུར། རྒྱ་བསྐྱེད་ཝའི་ལི་སྒྲ་སྒྱུར། འབྲེལ་ཡོད་ཡིག་ཁུངས།ཝའི་ལི་སྒྲ་སྒྱུར། ཁུངས་ཡིག་དཔྱད་གཞི།ཝའི་ལི་སྒྲ་སྒྱུར།བོད་ཡིག

🔥 Trending searches on Wiki བོད་སྐད:

པུ་ལྡེ་གུང་རྒྱལ།བསམ་གཏན་ས་དྲུག་མཉེན་ཆས་བླ་མ།ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཕོ་རོགཁ་ཆེ་ཕ་ལུ།ལམ་གཙོ་རྣམ་གསུམ་ཀླད་མཚོ་འཁྱོམས་པ་ ཀླད་འཁྱོམས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།གནམ་རི་སྲོང་བཙན།ཆབ་མདོ།བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་བཞི་མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤདམར་སྨུག་གིམཚོ་ཕགཨ་ཧྥུའུ་རྒན་སི་ཐན།ངང་ལགདམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད་ཟླ་༩ཚེས་༢༠ཉིན་སློབ་དཔོན་དཔའ་བོ།འཁོར་ལོ་སྡོམ་པ།ཆུ་ཤིང་བསྟན་་བཅོས་ཤན་རྩ་རྫོང་།པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་ལོ་གྱོན་མའི་གཟུངས་༢༠༤༧ལོ།ཕོ་བྲང་ཡུམ་བུ་བླ་སྒང།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།ཇོ་མོ་གླང་མ།བར་དོའི་ངོ་སྤྲོད་བསྡུས་པ་བཀའ་བསྡུས་སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས།དགེ་འདུན་དཀོན་མཆོགསྤྱི་ཚོགས་རང་མོས་རེང་ལུགས།སྐད་རིགས།ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་རྡོ་རྗེ་བྲག་དགོན།ལྕང་སྐྱ་རོལ་པའི་རྡོ་རྗེ་འཆད་རྩོད་རྩོམ་གསུམ་ཕེན་སུལ་ཝེ་ནའི་ཡ།རྡོ་རྗེ་གཅོད་པ་རིགས་གསུམ་མགོན་པོ།དུང་དཀར་བློ་བཟང་འཕྲིན་ལས།སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས་དང་འབྲི་ཐབས།སྤྱོད་འཇུགའོད།༢༠༤༠ལོ།གདུགས་དཀར་མཆོག་གྲུབ་མ་རང་དབང་ཅན་གྱི་ཚིག་ཕྲད་དྲུགསྒྱུ་འཕྲུལ་གྱི་འཇུག་སྒོ་དབང་གི་ཕྱག་བཞེས་ཕྱག་འཚལ་སྐབས་འདོན་རྒྱུའི་སྨོན་ཚིགསངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་དོན་འགྲུབ་རྒྱལ༢༠༣༢ལོ།པཎྜི་ཏ་སྨྲི་ཏི་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གཙོ་ངོས།སའི་གོ་ལ།ཁོ་ཕེན་ཧ་ཀེན།༢༠༢༣ལོ།རྒྱ་གར་ཧོ་ལན།གསོ་རིག༢༠༣༧ལོ།གནས་བརྟན་བཅུ་དྲུག་🡆 More