དམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད་

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད་བཞུགས་སོ༔རྩ་བའི་ངོ་སྤྲོད་གསུམ་ནི། ཤེལ་དང་ཉི་མ་འདྲ་འབག་གསུམ་མོ༔ ཤེལ་ནི་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་མེ་ལོང་ཡིན་ཏེ༔ རྡོ་རྗེ་སེམས་དཔའི་མེ་ལོང་ལ་རང་གིས་མིག་བཙུག་ནས་མ་ཡེངས་པར་བལྟས་པས༔ སངས་རྒྱས་ཀྱི་སྐུ་འོད་ཀྱི་ཕུང་པོ༔ ཁ་དོག་ལྔ་ལྡན༔ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་གྱིས་བཀྲག་གསལ་ལ་ཉམས་ང་བ༔ འོད་ཁ་དོག་ལྔ་ལྡན་མངོན་སུམ་མེར་གྱིས་འཆར་བ་དེ༔ དག་པ་ཡེ་ཤེས་ཀྱི་སྣང་བ་ཡིན་ནོ༔ དེ་བཞིན་དུ་རང་གི་རིག་པ་ལ༔ འོད་ཁ་དོག་ལྔ་ལྡན་དུ་ཡོད་དོ༔ རང་གི་རིག་པའི་རང་འོད་ངོ་ཤེས་པར་བྱས་ལ༔ རང་འོད་ལ་རྟག་ཏུ་བལྟའོ༔ དེ་ནི་དག་སྣང་ལ་བལྟ་བའི་ལྟ་བ་ཡིན་ནོ༔དེ་ཡང༔ དང་པོ་ཆོས་སྐུ་མཚོན་པའི་ཚེ༔ སློབ་མ་ལ་ཚིག་གི་ངོ་སྤྲད་པ་ནི༔ ཀྱཻ་སྣོད་ལྡན་རིགས་ཀྱི་བུ་རྣམས༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་མེ་ལོང་འདི༔ ཆོས་སྐུ་དངོས་ནི་མ་ཡིན་ཏེ༔ དཔེ་འདི་ཅི་འདྲ་བར་ཤེས་པར་བྱ༔ དཔེ་འདི་ལ་ཕྱི་ནང་མེད་པ་ལྟར༔ རིག་པ་ཆོས་ཀྱི་སྐུ་ལ་ཡང༔ ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག༔ དཔེ་འདི་ལ་མདུན་རྒྱབ་མེད་པ་ལྟར༔ རིག་པ་ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད་པར་ཤེས་པར་གྱིས་ཤིག༔ དཔེ་འདི་དག་པ་ཟང་ཐལ་བ་བཞིན་དུ༔ རིག་པ་ཆོས་ཀྱི་སྐུ་ལ༔ དྲི་མ་མེད་པར་ཟང་ཐལ་བར་ཤེས་པར་གྱིས་ཤིག༔ དཔེ་འདི་ལ་ཕྱི་ནང་མེད་པའི་ངང་ནས༔རྐྱེན་མེད་པའི་འོད་ལྔ་གསལ་བ་ལྟར༔ རིག་པ་ཆོས་ཀྱི་སྐུ་ཟང་ཐལ་གྱི་ངང་ནས༔གཟུགས་སྐུ་ནང་གསལ་དུ་གྲུབ་སྟེ༔ རིག་པ་སྟོང་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་ཤེས་པར་གྱིས་ཤིག༔ འདིའི་ནང་ནས་འོད་ལྔ་ཕྱི་རོལ་དུ་འཆར་ནུས་པ་ལྟར༔ ཆོས་སྐུ་ལས་གཟུགས་སྐུ་གཉིས་གདུལ་བྱ་ལ་འཆར་ནུས་པར་ཤེས་པར་གྱིས་ཤིག༔ དེ་ནི་ཆོས་སྐུའི་ངོ་སྤྲོད་དོ༔ ལོངས་སྐུའི་ངོ་སྤྲོད་ནི༔ ཞི་ཁྲོའི་འདྲ་འབག་ལ་མེ་ལོང་བསྟན་པའི་ཚེ༔ མེ་ལོང་འདི་དག་ཅིང་གསལ་བ་ལྟར༔ ཆོས་ཉིད་དག་ཅིང་གསལ་བ་ཤེས་པར་གྱིས་ཤིག༔ མེ་ལོང་འདིའི་ནང་ན་གཟུགས་བརྙན་སྣང་ལ་རང་བཞིན་མེད་པར་གནས་པ་བཞིན་དུ༔ ཆོས་ཉིད་ཀྱི་ཀློང་ནས་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་གནས་པར་ཤེས་པར་གྱིས་ཤིག༔ དེ་ནི་ལོངས་སྐུའི་ངོ་སྤྲོད་དོ༔ སྤྲུལ་སྐུའི་ངོ་སྤྲོད་ནི༔ མེན་ཤེལ་དང་མེ་ལོང་འདི་དག་ཅིང་གསལ་བ་ལྟར༔ མིག་རྒྱང་ཞགས་ཆུའི་སྒྲོན་མ་ནི༔དབྱིངས་རྣམ་པར་དག་པའི་ཆོས་ཉིད་དོ༔ མེ་ལོང་ལ་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་མ་བསྐྱེད་པར་སྣང་བའི་སྐུ་ལྔ་འོད་དུ་གསལ་བ་ནི༔ འདི་ཇི་ལྟ་བ་བཞིན་དུ་རིག་པ་འོད་གསལ་འགགས་མེད་དུ་གསལ་བ༔ སྤྲུལ་པའི་སྐུའོ༔ དེ་ནི་སྤྲུལ་སྐུའི་ངོ་སྤྲད་དོ༔ སྐུ་གསུམ་འདུ་འབྲལ་མེད་ངོ་སྤྲོད་ནི༔ དཔེ་ཉི་མའི་སྙིང་པོ་ལ་འོད་དང་ཟེར་མ་འགགས་པ་བཞིན་དུ་ཆོས་སྐུ་སྟོང་པའི་ངང་ལས་གཟུགས་སྐུ་འགགས་པ་མེད་པའི་སྐུ་གཉིས་ཀྱིས་བརྒྱན་ཏེ༔ དཔེ་ཉི་མ་དང་འོད་དང་མེན་ཤེལ་དབྱེར་མེད་པ་ལྟ་བུ༔ དོན་འདུ་འབྲལ་མེད་པར་ཤེས་པར་བྱའོ༔ དེ་ནི་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་སྤྲོད་དོ༔

Tags:

🔥 Trending searches on Wiki བོད་སྐད:

ཏཱ་ལའི་བླ་མ་ཧུང་གྷ་རི།ལྷ་སའི་སྐྱིད་ཆུ་ཇ་མི་ན།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།དབྱིན་ཡིགཨུ་རུ་སུ།དོན་གྲུབ་རྒྱལ།སོ་ལོ་མོན་གླིང་ཕྲན་ཚོ་ཁགལེ་ཨོ་ན་ཏོ་ཏ་ཧྥིན་ཆི།ཁོ་མོ་རོ་སུ།དབྱིབས་རྩིས་རིག་པ།ཨོ་སི་ལོ།ཁེ་ནི་ཡ།ཚའོ་ཚའོ།དགེ་འདུན་རྒྱ་མཚོ།མངོན་པར་ཤེས་པ་དྲུག་ཁ་ཆེ་ཕ་ལུ།ལོ་བདུན་རིང་གི་བོད།ཝིན་སུ་ཏོན་ཆུར་ཆེལ།མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་བུར་ཀི་ན་ཕ་སོ།ལྟུང་བཤགས་དྲི་མེད་ཀུན་ལྡན་ཚེ་བརྟན་སྒྲོལ་མ།ཡིག་བརྒྱ་དུང་དཀར་ཚིག་མཛོད་ཆེན་མོ་སྣ་མའི་མེ་ཏོགལང་ཚོའི་རྦབ་ཆུཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དབང་ཕྱུགཏིང་ངེ་འཛིན།མཆོག་གསུམ་སྨུག་པོའི།༄༅།། ས་ག་ཟླ་བ།ཁ་བཏགས།ཕོ་བྲང་པོ་ཏ་ལ་པོར་ཊོ་-ནོ་བོ།ཧང་ངེ་རྫོང་།ནག་ཆུ་ས་ཁུལ།རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ཨའི་ཅི།ཐེན་ནེ་སི།འཕྲེད་ཐིགརྒྱལ་པོའི་བརྟན་བཞུགས།བཙུན་མ།དམྱལ་ཁམས་བཅོ་བརྒྱད།དགའ་ལྡན་གསེར་ཁྲི་རིམ་བྱོན་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད།ཡང་འཇུག་གཉིས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།དགེ་སློང་ཆེན་པོ་ཞོལ་ཁྲེང་ངོ་སྤྲོད་མདོར་བསྡུས།བསོད་ནམས་ཕྱོགས་ཀྱི་གླང་པོ།ཁུང་ཙིའི་གཞུང་ལུགས།མར་ག་རེ་ཐ་ཁྲ་ཆེའར།ཧྥ་ར་ཨན་ཇེ་ལི་ཁོ།མེ་ཀེ་ལན་ཇུ་ལོ།བསམ་གྲུབ་ལྗོངས་མཁར་གི་ས་ཁོངས།ལིའུ་པང་།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།གསང་སྔགས་ལུགས་ཀྱི་མཆོད་པ་དང་བསྒྲལ་བའི་རྣམ་བཤད་མདོར་བསྡུས་པ་རྒྱ་གར་གི་ལོ་རྒྱུས།ཉི་ཧོང་སྐད།བོད་ཀྱི་རྒྱལ་རབས་པེ་རུ་ཇི་ནོ།གཙོ་ངོས།🡆 More