མྱུག་གསོ།

ས་གནས་དེ་གར་འདེབས་པར་འཚམ་པའི་ནད་འགོག་ཐུབ་ཅིང་སྤུས་ཀ་ལེགས་པ། ཐོན་འབབ་མང་བ། ཉར་ཚགས་སླ་བ། ཚོང་ཟོག་གི་ངོ་བོ་བཟང་བ། ཚོང་རའི་དགོས་མཁོ་དང་འཚམ་པ་བཅས་ཀྱི་སོན་འདེམས་དགོས།

སོན་འདེམས་པ།

མྱུག་གསོའི་ས་བཅུད།

ལོ་༣ཡན་ལ་འབྲས་བུ་འདོགས་པའི་རིགས་ཀྱི་སྔོ་ཚལ་འདེབས་མྱོང་མེད་པའི་ཞིང་ས་སོབ་སོབ་སྤུས་ལེགས་དང་ཁྱིམ་ལུད་ལ་ཚགས་བརྒྱབ་རྗེས་༦:༤ཡི་སྡུར་ཚད་ལྟར་སྦོལ་དགོས་པ་དང་། སྨི་གྲུ་བཞི་མ་རེར་ཡང་བསྐྱར་ཏན་ལིན་ཅཱ་བསྲེས་ལུད་སྤྱི་རྒྱ་༠.༥~༡རྒྱག་དགོས།

སོན་གྱི་གཡོག་བྱེད།

༼ ༡ ༽དུག་སེལ་བྱེད་ཐབས། ས་གནས་དེ་གའི་ནད་ཀྱི་གནོད་སྐྱོན་གཙོ་བོར་དམིགས་ཏེ། གཤམ་གྱི་དུག་སེལ་བྱེད་ཐབས་སྤྱོད་དགོས། ཆུ་དྲོན་མོར་སོན་སྦོང་བ། ཆུའི་དྲོད་ཚད་༥༥℃ཡི་ནང་དུ་སོན་སྐར་མ་༢༠སྦངས་ནས་དཀྲུག་དགོས། ཆུའི་དྲོད་ཚད་༣༥℃ལ་སླེབས་རྗེས་ཆུ་ཚོད་བདུན་སྦངས་ནས་འདོན་དགོས། དེ་རྗེས་བརྒྱ་ཆ་༡༠ཡི་ལིན་སྐྱུར་ནཱ་གསུམ་གྱི་གཤེར་ཁུར་སྐར་མ་༢༠སྦངས་རྗེས་ཆུ་ནས་བཏོན་ཏེ་ཆུ་ཐིགས་སྐེམ་དགོས། ༼ ༢ ༽མཆེ་བ་གཏོང་དུ་འཇུག་པ། དུག་སེལ་བྱས་རྗེས་ཀྱི་སོན་རས་རློན་པས་བཏུམས་ནས་སྣོད་ཆས་ཀྱི་ནང་དུ་བླུགས་ཏེ། མཆེ་བ་གཏོང་དུ་འཇུག་དགོས་པ་དང་། མཆེ་བའི་མ་གཏོང་བའི་སྔོན་གྱི་གཉིས་ལ་དྲོད་ཚད་༣༠℃རྒྱུན་འཁྱོངས་བྱེད་དགོས་ཤིང་། དེ་རྗེས་དྲོད་ཚད་༢༥℃རྒྱུན་འཁྱོངས་བྱེད་དགོས།

སོན་འདེབས་སྟངས།

ཟླ་བ་༢པའི་ཟླ་དཀྱིལ་དུ་དྲོད་ཁང་དུ་བཏབ་ནས་མྱུ་གུ་གསོ་དགོས། སོན་གྱི་ཆེ་ཆུང་དང་འདེབས་པའི་སྟུག་ཚད་ལ་གཞིགས་ནས། སྤྱིར་བཏང་འདེམས་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་རེར་སོན་ཁེ་༨ནས་༡༠བར་རྒྱག་དགོས། ས་ཁོད་སྙོམས་རྗེས། གཏིང་ཆུ་མང་ཙམ་གཏོང་དགོས་པ་དང་། སོན་ཆ་སྙོམས་པར་གཤོ་དགོས། སོན་བཏབ་རྗེས་ས་༣༣༣ཞིབ་ལི་སྨི་༡གཡོག་དགོས་པ་དང་། འགྱིག་ཤོག་འགེབས་པའི་ནུབ་མོར་རྩྭ་གཡོག་དགོས། ལྗང་པའི་གཡོག་བྱེད།

དྲོད་ཚད།

དགུན་དཔྱིད་ལྗང་པ་གསོ་བའི་དྲོད་ཚད་སྒྲིག་སྐབས། གཙོ་བོ་རླུང་འགྲོ་དང་དྲོད་ཇུས་འགེབས་དངོས་ལ་རྟེན་དགོས། སོན་བཏབ་ནས་ལྗང་པ་སྙོམས་པར་སྐྱེ་བའི་ཉིན་མོའི་དྲོད་ཚད་༣༠℃ནས་༣༣℃བར་དང་མཚན་མོའི་དྲོད་ཚད་༢༠℃ནས་༡༨℃བར་ཡིན་དགོས། མཚན་མོ་དུས་ཐུང་དྲོད་ཚད་དམའ་ཤོས་༡༣℃ལས་དམའ་མི་རུང་། ལྗང་པ་སྙོམས་པར་སྐྱེ་བ་ནས་ལྗང་པ་མཐུག་སེལ་གོང་ཉིན་མོའི་དྲོད་ཚད་༢༥℃ནས་༣༠℃བར་དང་། མཚན་མོའི་དྲོད་ཚད་༡༧℃ནས་༡༦℃བར་ཡིན་དགོས། མཚན་མོའི་དུས་ཐུང་དྲོད་ཚད་དམའ་ཤོས་༨℃ལས་དམའ་མི་རུང་། ལྗང་པ་མཐུག་སེལ་ནས་བར་འཕྲོད་བར་ཉིན་མོའི་་དྲོད་ཚད་༢༥~༣༠℃བར་དང་། མཚན་མོ་འི་དྲོད་ཚད་༢༠℃ནས་༡༥℃བར་ཡིན་དགོས། མཚན་མོའི་དུས་ཐུང་དྲོད་ཚད་དམའ་ཤོས་༡༠℃ལས་དམའ་མི་རུང་།

བཞའ་ཚན།

ལྗང་པ་གསོ་སའི་བཞའ་ཚད་ལ་བལྟས་ནས་ཆུ་འོས་འཚམ་རྒྱག་དགོས། ནད་འགོག་སྨན་ཆུ་༥༠%ཡི་པའེ་ཅུན་ཆིང་དང་ཟུང་དུ་འབྲེལ་ནས། བརླན་རུང་བའི་སྨན་ཕྱེའི་གཤེར་ཁུ་ལྡབ་༡༠༠༠ངམ་ཡང་ན་༧༠%ཡི་ཏའེ་སེན་མིན་ཞིན་གྱི་བརླན་རུང་བའི་སྨན་ཕྱེའི་ལྡབ་༥༠༠ཡི་གཤེར་ཁུ་ཐེངས་༡ནས་༢བར་གཏོར་དགོས། ལྗང་པ་མཐུག་སེལ་དང་སྲབ་ཏུ་གཏོང་བ། ལོ་མ་ངོ་མ་༣ནས་༤ཡི་བར་སྐྱེ་བའི་དུས་སུ་ལྗང་པ་མཐུག་སེལ་བྱེད་དགོས། རྣང་མ་མ་བཅད་ནས་ལྗང་པ་མ་བཙུགས་གོང་ལ་ཆུ་ཐེངས་གཅིག་གཏོང་དགོས་པ་དང་། དེ་རྗེས་ལྗང་པ་བཀོག་ནས་ལྗང་པ་མཐུག་སེལ་རྣང་མའི་ནང་དུ་འཛུགས་དགོས། ཁུང་བུ་རེར་སྡོང་བོ་གཉིས་རེ་དང་ ཁུང་བུའི་བར་ལ་ལི་སྨི་༥དགོས། ལྗང་པ་མཐུག་སེལ་བྱས་རྗེས་འགྱིག་ཤོག་གཡོག་དགོས་པ་དང་། ཉིན་གུང་ཉི་མ་སྒྲིབ་དགོས། གལ་སྲིད་ལྗང་པ་གསོ་སར་བཞའ་ཚན་ཆེ་དྲགས་ན་སྐེམ་དགོས།

ལྗང་སྦྱོང་།

སྡོང་རྐང་རྩ་སྤོས་མ་བརྒྱབ་གོང་གི་ཉིན་༥-༧བར་ཉིན་མོ་རླུང་འགྲོ་མང་དུ་གཏོང་བ་དང་རླུང་འགྲོའི་དུས་ཡུན་རིང་དུ་གཏོང་དགོས། མཚན་མོ་དྲོད་ཚད་༡༠℃བར་ཆག་ན་འགྲིག ལྗང་པ་རྒྱས་པའི་དམིགས་ཚད། ལྗང་པ་སྐྱེས་ནས་ཉིན་༩༠སོང་བ་དང་། སྡོང་རྐང་གི་མཐོ་ཚད་ལི་སྨི་༢༠ཟིན་པ། སྡོང་པོའི་སྦོམ་ཚད་ཧའོ་སྨི་༤ཟིན་པ། ལོ་འདབ་༡༢རྒྱས་པ། རྩ་བ་ལེགས་པ། ནད་དང་འབུའི་གནོད་པ་མེད་པ་བཅས་རེད།

པར་རིས་བར་འཁྱམས།

ད་དུང་གཟིགས།

  • མྱུ་གུ།

ཕྱི་ཕྱོགས་དྲ་མཐུད།

དཔྱད་གཞིའི་དཀར་ཆག

Tags:

མྱུག་གསོ། སོན་འདེམས་པ།མྱུག་གསོ། མྱུག་གསོའི་ས་བཅུད།མྱུག་གསོ། སོན་གྱི་གཡོག་བྱེད།མྱུག་གསོ། སོན་འདེབས་སྟངས།མྱུག་གསོ། དྲོད་ཚད།མྱུག་གསོ། བཞའ་ཚན།མྱུག་གསོ། ལྗང་སྦྱོང་།མྱུག་གསོ། པར་རིས་བར་འཁྱམས།མྱུག་གསོ། ད་དུང་གཟིགས།མྱུག་གསོ། ཕྱི་ཕྱོགས་དྲ་མཐུད།མྱུག་གསོ། དཔྱད་གཞིའི་དཀར་ཆགམྱུག་གསོ།

🔥 Trending searches on Wiki བོད་སྐད:

ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་འོད་རིག་པ་སེ་ཨུལ།ཡུ་ཊོབ་མཁས་འཇུག་སྡོམ་བྱང་ཡི་ལའ་ཁོ།རྣམ་དབྱེ་བཞི་བ་དགོས་ཆེད་སྨོན་ལམ་ཆེན་མོ།བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།མཎྜལ།ཏིང་ངེ་འཛིན།ཀུན་བཟང་བླ་མའི་ཞལ་ལུང་རྒྱལ་སྤྱིའི་མིག་མངས།གཞིས་ཀ་རྩེ།ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཁ་ན་ཌ།བཤེས་སྤྲིངས་དབུས་མཐའ་རྣམ་འབྱེད་དོམ་ཁྲཆོས་ལུགས།༢༠༠༣ལོ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།དམག་དཔུང་ཚོགས་བཞི།༢༠༠༦ལོ།རུས་སྦལ།ཟླ་༡ཚེས་༢༧ཉིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།མི་ལ་རས་པ་པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་བསྟན་འཛིན་རྒྱ་མཚོ།ཚད་མ་རྣམ་འགྲེལ།སྒྲོལ་མའི་མཎྜལ་བཞི་ཆོག་སིལ་རྔ།ཞི་བ་ལྷ།བོད་ཡུལ།ཟླ་༥ཚེས་༢༠ཉིན་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་པ་བུ་ལོ་པི་ཀ་སོ།གསེར་གདུང་འཛམ་གླིང་རྒྱན་གཅིག་དུས་ཚོད།བྷཧ་རཡིན།རིག་བྱེད་བཞི།༡༩༩༩ལོ།རྒྱལ་བ་བསྟན་འཛིན་རྒྱ་མཚོ་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་སྨྱུང་གནས་ལ་ཉེ་བར་མཁོ་བའི་གདམས་པ་འཛམ་གླིང་སྤྱི་བསངས།རིན་ཆེན་ཚ་སྦྱོར་ཆེན་མོ་སུམ་ཅུ་པ་སྒྲོལ་མའི་ལོ་རྒྱུས་ཨེ་ཤེ་ཡ།༡༩༩༠ལོ།བསམ་ཡས་གཙུག་ལག་ཁང་ལམ་གཙོ་རྣམ་གསུམ་མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་བློ་སྦྱོང་ཚིག་རྐང་བརྒྱད་མ་གཡང་དྲུང་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་དྲུག ་ལུགས་ཀྱི་བསྟན་བཅོས།ཚ་རོང་ཟླ་བཟང་དགྲ་འདུལ་ཤེས་བྱའི་རྣམ་གྲངས་ཀུན་བཏུས།ཁམས་དཀར་གཏོང་བ་ཟླ་༢ཚེས་༦ཉིན་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ལོ་རྒྱུས་དབུ་བརྙེས།ལྷ་ཐོ་ཐོ་རི་གཉན་བཙན་ཀྱེེ་རྡོ་རྗེ་གསར་འགྱུར།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།🡆 More