མ་ཞང་གྲོམ་པ་སྐྱེས།

དེ་སྐབས་གཤིན་པོའི་མིང་བཏགས་པ་རྣམས་(མ་ཞང་དྲོན་པ་སྐྱེད་དམ་ཁྲོན་པ་སྐྱེས་ཞེས་པའང་སྣང)རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་ངུའི་དུས་ཀྱི་བློན་པོ། འདི་བོན་ལ་དགའ་བས་རྒྱལ་པོ་སྐུ་ན་མ་སོན་པའི་རིང་འདིས་སུ་ཆོས་བྱེད་པ་ཕོ་རེབ་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅད། བློན་ཆེན་ཆོས་ལ་དགའ་བ་མང་བལ་གཉིས་ལ་བཀྱོན་ཕབ་སྟེ་བོད་ནག་པོར་བཏང་། སྐབས་དེར་གསེར་གྱི་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང་། མཁར་བྲག་དང་མགྲིན་བཟང་གི་ལྷ་ཁང་སོགས་བཤིག ལྷ་ས་གཙུགས་ལག་ཁང་དུ་བཤས་ར་བྱས་པར་གྲགས། མཐར་རྒྱལ་པོ་དང་ཆོས་ལ་དགའ་བའི་བློན་པོ་རྣམས་གྲོས་མཛད་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་དང་སྟག་ར་ཀླུ་གོང་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་ཅེས་ལོ་རྒྱུས་ཡིག་ཚང་དུ་གསལ། སྐབས་དེར་གསོན་པོར་དུར་འཇུག་ཟེར་བ་ནི་མི་གསོན་པོར་སྦས་ཏེ་བསད་པ་མ་ཡིན་པར་མི་དང་འཕྲད་མི་ཆོག་པ་དང་། དུར་མཆོད་བྱེད་པོ་དང་དུར་དུ་གནས་པ་རྣམས་ལྟོ་དང་གོས་སོགས་མཁོ་བའི་ཡོ་ཆས་སྐྱེལ་མི་དུར་སར་ཡོང་སྐབས་ཐག་རིང་ནས་དུང་ཞིག་གཏོང་དགོས། རང་རང་གི་ཁྱིམ་དུ་ཡིབ་ནས་སྡོད་དགོས། ཁོང་ཚོ་ཕྱིར་ལོག་རྗེས་གཤིན་པོའི་མིང་ཅན་རྣམས་ཕྱིར་ཐོན་ནས་རང་རང་ལ་ཐོབ་འོས་པའི་ཟས་གོས་ལ་ལོངས་སུ་སྤྱོད། ཁོ་ཚོའི་སྒོ་ཕྱུགས་སེམས་ཅན་ལ་ཤི་བའི་མཚན་མ་བཏབ་ཡོད་པས་གསོན་པོ་སུས་ཀྱང་བདག་ཉར་མི་བྱེད། དེས་ན་གོང་གསལ་གྱི་བློན་པོ་གཉིས་གསོན་པོར་དུར་དུ་བཅུག་ཅེས་པ་དེའང་དེ་ལྟར་ཡིན་པ་ཤེས་དགོས་སོ། །

མ་ཞང་གྲོམ་པ་སྐྱེས།

Tags:

🔥 Trending searches on Wiki བོད་སྐད:

སེར་པོ།ཧོར་ཚོ་པ་དགུ་རིན་སྤུངས་སྲིད་སྐྱོང་དུས་རབས།༡༠ (གྲངས་ཀ།)སེ་དྲོད།བསྟན་འགྱུར་དཀར་ཆག་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།ན་གི།ལྕང་མ།ཁི་ནོ་ཏོ་མོ་ནོ་རི།རི་སྐྱེས་མེ་ཏོག་འགའི་མིང་རྣམ་དབྱེ་བརྒྱད་ནང་སོག་རང་སྐྱོང་ལྗོངས།སི་ཧྥུན་ཁོ་སི། (ཨའི་ཅི།)བོ་ལོ་ནིམ།ཟླ་༢ཚེས་༢༣ཉིན་རྒྱན་དྲུག་མཆོག་གཉིས་མཛོ།རྒྱ་གར་གི་ལོ་རྒྱུས།གྲི།དབང་གི་རབ་ཏུ་བྱེད་པ་ཏཻ་ལོ་པ།ཟླ་བ།རོའུ།ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས།རྒྱ་ཚ་རྫོང་།ཨ་ངྷི་སེའུ།རེ་སཱ། (གསུང་རབ།)ཕོ་ལན།རུ་ཝན་ཌ།རྒྱུད་བླ་མ་ནང་ཆེན་རྒྱལ་རབསབྱི་ལ་དོམ་ཆུང་།ཀ་ནི་ཀ་མི་ལ་རས་པ་ཟླ་༢ཚེས་༡ཉིན་བོད་རྒྱལ་ཁབ་ཀྱི་རྒྱལ་གླུཏ་རེ་སི་ས་ལམ་རྒྱུག་ཆུ།ཀོ་ལོམ་སྦི་ན།རྒྱ་གར་གྱི་ཆོས་ལུགས།ཝང་པོ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།ཧི་མ་ལ་ཡསྤུར་རྒྱལ་བཙན་པོའི་དུས་རབས།རྨི་ལམ་བརྟག་ཐབས་གཟའ་པ་སངས།ཨ་མ།དོན་གྲུབ་རྒྱལ།དག་ཡིག་མཁས་པ་དགའ་སྐྱེད་༩༽སྡུད་པའི་ཚིག་ཕྲད་བཤད་པ།མངོན་རྟོགས་རྒྱན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ།ཟླ་བ་བརྒྱད་པའི་ལེགས་བཤད་ཝེ་ཁེ་རིག་མཛོད་ནང་འཕྲད་སྲིད་པའི་དཀའ་རྙོག་སེལ་ཐབས།པི་ས་ནེལ་ལོ།ནེའུ་ཧམ་ཕུ་ཤར།ཁུརོ་ཤི་ཡ།ཡངས་པ་ཅན་རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ཀོ་ནཀ་རི་ནིའུ་ཛི་ལེན་ཌི།ལྷོ་བྲག་སྲས་མཁར་དགུ་ཐོག།རྗེ་རིན་པོ་ཆེའི་ལོ་ཚིགས་ས་ར་ཇི་བོ་🡆 More