པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་

རབ་ཆུང་བཅུ་གཅིག་པའི་ཆུ་ཡོས་(༡༦༦༣)ལོའི་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཡབ་ཞབས་དྲུང་བསོད་ནམས་གྲགས་པ་དང་ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་གཙང་ཐུབ་རྒྱལ་བྲུལ་ཚང་དུ་སྐྭ་གཏམས། ལདུང་རྒྱུད་བོན་ཡིན་པར་གྲགས། ཤིང་འབྲུག(༡༦༦༤)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་པན་ཆེན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་མཛད། མེ་ལུག(༡༦༦༧)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་བཀྲས་ལྷུན་དུ་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། དགུང་ལོ་བརྒྱད་ལ་ཕེབས་པ་ལྕགས་ཁྱི(༡༦༧༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོས་དགེ་ཚུལ་གྱི་སྡོམ་པ་བསྩལ། དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྔགས་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གོང་མ་ཁང་ཤིས་ཕོ་ཉ་མངགས་ཏེ་གདན་ཞུ་ལན་དུ་མ་བྱུང་རུང་ཡང་ཕེབས་མ་ཐུབ། རབ་ཆུང་བཅུ་གཉིས་པ་མེ་གླང(༡༦༩༢)ལོར་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་དགེ་བསྙེན་དང་། རབ་ཆུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་འབོགས་པར་མཛད། དགུང་ལོ་ང་གཅིམ་པ་རབ་ཆུང་བཅུ་གཉི་ས་པའི་ཆུ་སྤྲུལ(༡༧༡༣)ལོར་གོང་མས་པཎ་ཆེན་ཨིར་ཏི་ནི(པཎ་ཞེས་པ་ལེགས་སྦྱར་གྱི་སྐད་པཎྜི་ཏའི་དསྡུས་མིང་། བོད་སྐད་དུ་མཁས་པའི་དོན་དང་། ཨེར་ཏེ་ནི་ཞེས་པ་སོག་སྐད། བོད་སྐད་དུ་རིན་པོ་ཆེ་ཞེས་པའི་དོན)ཞེས་པའི་མཚན་འཕར་དང་འཇའ་ས་ཐམ་ག་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་ཐ་སྙད་དེ་ལྟར་གྲགས། མེ་བྱ(༡༧༢༠)ལོར་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱིས་དམག་ཁྲིད་དེ་ཤིན་ཅང་ནས་བོད་དུ་འཛུལ་དུས་པན་ཆེན་རིན་པོ་ཆེ་ལྷ་སར་བར་འདུམ་བྱེད་དུ་ཕེབས་ཀྱང་དོན་འབྲས་མ་བྱུང་བས་བཀྲས་ལྷུན་དུ་ཕྱིར་ཕེབས། ལྕགས་བྱི(༡༧༢༠)ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་པར་འཛད། རབ་ཆུང་བཅུ་གཅིག་པའི་ལྕགས་ཁྱི(༡༦༧༠)ལོ་བར་བཀྲས་ལྷུན་གདན་ས་ལོ་དྲུག་ཅུ་རེ་བརྒྱད་བསྐྱངས། ལམ་རིམ་མྱུར་ལམ་དམར་ཁྲིད་དང་རང་རྣམ་སོགས་བཀའ་རྩོམ་པོད་བཞི་བཞུགས། དགུང་ལོ་དོན་ལྔ་ལ་ཕེབས་པ་མི་སྦྲུལ(༡༧༣༢)ལོར་བླ་བྲང་ཡིད་དགའ་ཆོས་འཛིན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་རིལ་པོ་བཞུགས་པའི་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་རབ་ཆུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།

Tags:

🔥 Trending searches on Wiki བོད་སྐད:

ཕྱག་འཚལ།རྒྱ་སེ་མེ་ཏོགལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་མཚམས་སྦྱོར་སྙིང་བསྡུས།༡༩༩༦ལོ།ཕྱོགས་ཀྱི་གླང་པོ།སྨོན་འཇུག་སེམས་བསྐྱེད།སློབ་དཔོན་དཔའ་བོ།ལུགས་ཀྱི་བསྟན་བཅོས་རྡོ་རྗེ་གཅོད་པ་རྡ་རམ་ས་ལ།རིན་ཆེན་བྱུ་དམར་ཉེར་ལྔ་མི་ཁོམ་པའི་གནས་བརྒྱད།ཨོ་སེ་ཐེ་ལི་ཡ།དཔལ་དགོན་ཀླུ་གྲུབ།བྱ།སྲོང་བཙན་སྒམ་པོ་༢༠༠༠ལོ།དཀོན་མཆོག་རྗེས་དྲན་ཕོ་བྲང་པོ་ཏ་ལ་དེ་སྒྲ་འཛམ་གླིང་འཁྲུག་ཆེན་གཉིས་པ་ཐང་གཚད་མ་རིག་པའི་ཤེས་བྱ་སེང་ག་ཕོར།རིག་གནས་བཅུ།སི་ཝེ་དེན།སུད་སི།༢༠༡༥ལོ།ད་ལྟའི་བྱ་བ།སྤྱི་ཚོགས་རང་མོས་རེང་ལུགས།རིག་བྱེད་ཡན་ལག་དྲུགནང་གི་རྟེན་འབྲེལ་བཅུ་གསུམ་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བསྡུ་བ་ཐེངས་གསུམ་སྟག་ལུང་དགོན།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་དམིགས་བརྩེ་མ།པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཏིན་སྐད།ཁ་ཆེ་ཕ་ལུ།བཅོ་ལྔ་མཆོད་པ།མྱང་རལ་ཉི་མ་འོད་ཟེར་ཀུན་མཁྱེན་ཇོ་མོ་ནང་པ་དོན་གྲུབ་རྒྱལ།ཨཱལ་གྷོར།མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་ཚེ་སྨོན་གླིང་ཀའོ་ཧྲན་མི།ཡོ་རོབ་གླིང་།དངོས་ཁམས་རིག་པ་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དུས་རབས།ཨ་བྲ་ཡང་ན་ཨབ་ར།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།སིད་ནེ་ཟློས་གར་ཁང་།གསོ་རླུང་།དར་མ་འུ་དུམ་བཙན།བོང་བ་རི་ཡེ་ཤུའི་ཆོས་ལུགསསྒྲིབ་གཉིས་་སྡེ་སྲིད་སངས་རྒྱས་རྒྱ་མཚོ།ལྕགས་རིགས་བསྟན་བཅོས།གནམ་གྲུསྒྲོལ་མའི་ལོ་རྒྱུས་རིག་བྱེད་བཞི།🡆 More