ཕྱག་འཚལ།

༆༆། ། ཕྱག་འཚལ་སྐབས་འདོན་རྒྱུའི་སྨོན་ཚིག་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་བཞུགས་སོ།། བདག་གི་མཆོག་གསུམ་དམ་པར་ཕྱག་འཚལ་བས། །བདག་དང་འགྲོ་ཀུན་སྡིག་སྒྲིབ་དག་པར་ཤོག །ལག་གཉིས་མཉམ་པར་ཐལ་མོ་སྦྱར་བ་ཡིས། །ཐབས་དང་ཤེས་རབ་ཟུང་འཇུག་ཐོབ་པར་ཤོག །ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །འོག་མིན་དགའ་ལྡན་གནས་སུ་བགྲོད་པར་ཤོག །ཐལ་མོ་སྨིན་མཚམས་དཔྲལ་ བར་སྦྱར་བ་ཡིས། །ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག །ཐལ་མོ་མགྲིན་པའི་ཐད་དུ་སྦྱར་བ་ཡིས། །ངག་གི་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག །ཐལ་མོ་སྙིང་གའི་ཐད་དུ་སྦྱར་བ་ཡིས། །ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་ཤོག །ཐལ་མོ་སྦྱར་བ་སོ་སོར་ཕྱེ་བ་ཡིས། །གཟུགས་སྐུ་གཉིས་ཀྱི་འགྲོ་དོན་བྱེད་པར་ཤོག །རྐང་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། །འཁོར་བ་ངན་སོང་གནས་ལས་ཐར་བར་ཤོག །ལག་གཉིས་སོར་བཅུ་་ས་ལ་བཙུགས་པ་ཡིས། །ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པར་ཤོག །མགོ་བོ་དཔྲལ་བ་ས་ལ་བཙུགས་པ་ཡིས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་ཤོག །ཡན་ལག་བཞི་པོ་བརྐྱངས་བསྐུམས་བྱེད་པ་ཡིས།།འཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ་པར་ཤོག །རྩ་རྒྱུད་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡིས།།རྩ་མདུད་ཐམས་ཅད་མ་ལུས་གྲོལ་བར་ཤོག །སྒལ་ཚིགས་དབུ་མར་དགྱེ་དགུགས་བྱེད་པ་ཡིས།།རླུང་རྣམས་མ་ལུས་དབུ་མར་ཚུད་པར་ཤོག །ས་ལ་ཐུག་ནས་ཡར་ལ་ལང་བ་ཡིས། །འཁོར་བར་མི་གནས་ཐར་ལམ་ཐོབ་པར་ཤོག །དེ་ནས་ལན་མང་དུ་མར་ཕྱག་འཚལ་བས། །ཞི་བར་མི་གནས་སེམས་ཅན་འདྲེན་པར་ཤོག །བདག་སོགས་བརྐྱངས་ཕྱག་ཕུལ་བའི་དགེ་བའི་མཐུས། །གནས་སྐབས་ཚེ་རིང་ནད་མེད་ཕུན་ཚོགས་ཤོག །འཆི་ཚེ་བདེ་བ་ཅན་དུ་སྐྱེས་ནས་ཀྱང་། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཕ་མ་སེམས་ཅན་བདེ་དང་ལྡན་གྱུར་ཅིང་། །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་། །བྱང་ཆུབ་སེམས་པ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །སརྦ་མངྒ་ླ།།

Tags:

🔥 Trending searches on Wiki བོད་སྐད:

གཟའ་མིག་དམར།ཇིཨོར་ཇི་ཡ། (རྒྱལ་ཁབ།)༧༩ (གྲངས་ཀ།)དོན་གྲུབ་རྒྱལ།རུ་ཐོག་རྫོང་།ལྷ་མང་ཆོས་ལུགས།བར་དོའི་ངོ་སྤྲོད་བསྡུས་པ་༄༅།། ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་བཞུགས་སོ།།གདུགས་དཀར་མཆོག་གྲུབ་མ་ཚོ་ཁག་གི་ཆགས་སྤྱོད།ཟླ་༢ཚེས་༡༦ཉིན་མ་ལ་ཤི་ཡ།ཧུང་གྷ་རི།མ་ཁ།པི་ཝང་།རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།ཕུན་ཚོགས་དབང་རྒྱལ་རབ་གནས།འབྲུག་གི་རྒྱལ་དར།བདེ་སྐྱིད་ལྡན་པའི་སྡོང་བོའི་གྲོགས་རོ་མ།ཟེན།ལུས་རྟེན་བཟང་པོའི་འབྱོར་བ་བཅུ་ཧྥིན་ལན།གཅིག་གྱུར་བརྡ་ཆད།ཧོ་ལན།བློ་གྲོས་འབྱུང་གནས།ཁྱབ་​འཇུགསིལ་ཁུ།དཔེ་བྱད་བཟང་པོ་བརྒྱད་ཅུ་ཝ་ཏི་ཀན་གྲོང་ཁྱོར།སིབ་རུས།སྒྱུ་རྩལ།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་ཀ་མ་ལ་རཀྴི་ཏ་བོད་ཀྱི་རྩོམ་རིགསྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།མགྱོགས་ཡིག་ཡོན་ཏན་གཞིར་གྱུར་མ་ལེ་ཉིན།ཟླ་༢ཚེས་༡༩ཉིན་ཁྲག་ལོང་ཚ་ནད་ཨིསུ་ཊོ་ནིཡ།ཨར་ཇེན་ཊི་ན།གླིང་བུ།ཧེ་རུ་ཀའི་རུས་པའི་རྒྱན་དྲུག་Radio Free Asiaལང་ཀར་གཤེགས་པའི་མདོ་ཁུ་བྱུགརྨི་ལམ་བརྟག་ཐབས་འདོད་པའི་བསྟན་བཅོས།ཤ་གཟིགཚ་བའི་དམྱལ་བ་བརྒྱད་བོད་ཀྱི་རྒྱལ་རབས་དངོས་པོ་བཞི་འགལ་བ་གཉིས་བྱིས་སྒྲུང་ནང་བསྟན།དགྲ་འདུལ།སྲིད་པ་འཁོར་ལོ་རིན་ཆེན་ཚ་སྦྱོར་ཆེན་མོ་ཀུན་མཁྱེན་ཀློང་ཆེན་པ་ཧན་ཉི་པ།ང་རྒྱལ་བདུན་ཨ་ངྷི་སེའུ།རང་དབང་།འུ་འཐུང་སྲོག་ཆགས།རྫོགས་ཆེན།🡆 More