ཁྱུང་པོ་སྤུངས་སད་ཟུ་ཙེ་

རྒྱལ་པོ་གནམ་རི་སྲོང་བཙན་དང༌། སྲོང་བཙན་སྒམ་པོ་གཉིས་ཀྱི་རིང་བློན་པོ་བྱས། ཐོག་མར་རྒྱལ་པོ་གནམ་རི་སྲོང་བཙན་གྱི་དུས་སུ་གཙང་སྟོད་ཀྱི་རྒྱལ་པོ་མར་མུན་གཡོ་ཐབས་ཀྱིས་མགོ་བོ་བཅད་ནས་བསད། དེའི་མངའ་འབངས་མི་སེར་ཐེམ་དུད་ཁྲི་གཉིས་ཙམ་གནམ་རི་སྲོང་བཙན་ལ་ཕུལ། དེ་རྗེས་བཙན་པོ་སྐུ་མཆེད་ལ་མོང་སྔོན་པོས་ངོ་ལོག་གི་གཡོ་བྱུས་བཤམས་པ་ཁྱུང་པོ་ཟུ་ཙེས་ཤེས་ནས་ཐེར་འདོན་བྱས་པས་རྒྱལ་པོའི་སྐུ་སྲོག་ལ་གནོད་པ་མ་བྱུང༌། ཁྱུང་པོ་ཟུ་ཙེ་ནི་སྤྱང་གྲུང་ལྡན་ལ་བློ་ཁོག་ཆེ་བ་དང༌། འཇོན་ཐང་ཆེ་བ། མིག་མངས་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་བྱེད་མི་ཐུབ་པ་སོགས་ལ་བརྟེན་ནས་སྲོང་བཙན་སྒམ་པོའི་བློན་ཆེན་གྲས་སུ་ཚུད། ལོ་ན་མཐོན་པོར་སླེབས་ནས་ལས་གནས་དགོངས་པ་ཞུས་ཏེ་ངལ་གསོ་བྱེད་ཆོག་པའི་གནང་བ་ཐོབ། དེ་ནས་སྲོང་བཙན་སྒམ་པོ་སྐུ་བཀྲོང་རྒྱུའི་ཇུས་ངན་གྲ་སྒྲིག་ལེགས་པར་བྱས་རྗེས། བཙན་པོ་སྐུ་ངོ་མ་ཟུ་ཙེའི་ཁྱིམ་དུ་སྐུ་མགྲོན་ལ་གདན་འདྲེན་ཞུ་སྐབས་བཙན་པོས་ཞལ་བཞེས་གནང་ཐོག སྔོན་ལ་བློན་པོ་མགར་སྟོང་བཙན་ཟུ་ཙེའི་ཁྱིམ་དུ་རྟོག་ཞིབ་བྱེད་པར་གཏོང་གནང་མཛད་པར། ཟུ་ཙེས་གོ་སྐབས་དེ་དང་བསྟུན་ནས་སྲོང་བཙན་སྒམ་པོ་སྐུ་བཀྲོང་རྒྱུའི་གྲ་སྒྲིག་ཡོད་པ་མགར་སྟོང་བཙན་གྱིས་གསལ་པོར་ཤེས་ནས་སྲོང་བཙན་སྐམ་པོར་སྙན་གསེང་ཞུས། མགར་སྟོང་བཙན་བཙན་པོའི་དྲུང་དུ་བྲོས་ཕྱིན་པ་ཟུ་ཙེས་ཤེས་རྗེས་རང་ཉིད་ཀྱི་བུ་ངག་རེ་ཁྱུང་ལ་ཐབས་ཤེས་བསླབས་པ་བཞིན་ཟུ་ཙེས་རང་སྲོག་བཅད། བུ་དེས་ཕ་ཡི་རོ་ཐོག་ནས་མགོ་བོ་བཅད་དེ་སྲོང་བཙན་སྒམ་པོར་ཕུལ་ནས་ཕ་ཡི་ནག་ཉེས་མཚང་འདོན་བྱེད་ཁུལ་བྱས་པར་བརྟེན། བུ་ལ་ཉེས་ཁྲིམས་མེད་པར་གུ་ཡངས་ཐོབ་ཐུབ་པ་བྱུང་བ་བཅས་ཞིབ་པར་ཏུན་ཧོང་ཡིག་ཆར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

རྐང་གླིང་།དག་ཡིག་མདོར་བསྡུས་ཚོགས་བསགས་འཇར་མན་སྐད།ཚ་བའི་དམྱལ་བ་བརྒྱད་འབོམ་སྦེམི་ཆོས་གཙང་མ་བཅུ་དྲུག་དངུལ་ཆུ་དྷརྨ་བྷ་དྲ་མངོན་སུམ་ཚད་མ་བཞི་ཤེར་ཕྱིན།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་བཀབ་ནེའདམ་གཞུང་རྫོང་།པདྨ་འབྱུང་གནས།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།ཞི་བྱེད་པ།འཕགས་མ་སྒྲོལ་མ་ལ་བསྟོད་པ།ཁམས་བཅོ་བརྒྱད་ཝ་ལེ་ཐ།བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་པ།མཐིང་ལྕགས།ཁེ་ཋ་ལོ་ནྱི་ལོ་སྐོར་བཅུ་གཉིས་སྨན་རྩིས་ཁང་།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་གནས་ཆུང་འཕོ་བ་དྲན་པ་རང་གྲོལ་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པའགལ་བ་གཉིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པུ་རུ་ཟི་ལི་ཡ།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་ཤིང་དཀྲོལ།སོག་ཡུལ།ལེ་ལོ་ཅན་དང་བརྩོན་འགྲུས་ཅན།བོད་རང་སྐྱོང་ལྗོངས།ལྷོ་ཨ་ཧྥེ་རི་ཁ།ཀུན་རྫོབ་བདེན་པ་དོལ་ཁུག་ཟླ་༢ཚེས་༡༢ཉིན་ཡིག་བརྒྱ་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།འཁོར་གཡུགས་གཙོག་སྐྱོན།འབྲུག་ཡུལ།ཀུན་སློང་གཉིས་Vampireརྒྱལ་བྱིན། བརྒྱ་བྱིན།རྫོང་ཁག་འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་བདེ་སྐྱིད་ལྡན་པའི་སྡོང་བོའི་གྲོགས་བྱང་ཀོ་རི་ཡ།ཡོ་ཀོ་ཧ་མ།དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།ངང་པ།མི་སྡུག་པ་བསྒོམ་པ་དགུ།ཧྥ་རན་སི།རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།འདོད་པའི་བསྟན་བཅོས།ཀྲུང་གོའི་རྒྱལ་རབས།སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་ཁ་ཆེ་ཕུ་ལུ་བཤེས་པའི་སྤྲིངས་ཡིགཉན་ཤུལ་མཁྱེན་རབ་འོད་གསལ།རྔ་བོ་ཆེ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།པུ་ར་ག་རི་ཡ།🡆 More