ཚོགས་བསགས་

བསག་བྱའི་ཚོགས་ཀྱི་ངོ་བོ་ནི་ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པའི་ཐབས་སུ་གྱུར་པའི་དགེ་བ་ཐབས་དང་ཤེས་རབ་ཅི་་་རིགས་ཀྱིས་བསྡུས་པའོ། །དེ་ལ་དབྱེ་ན་བསོད་ནམས་ཚོགས་དང། ཡེ་ཤེས་ཀྱི་ཚོགས་གཉིས་ཡོད། འདིར་སྐབས་སུ་བབ་པ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ་ཅུང་ཞིག་བརྗོད་པར་བྱ་སྟེ། གྲངས་མེད་གསུམ་ཞེས་པའི་གྲངས་མེད་ནི་བགྲང་དུ་མེད་པའི་གྲངས་མེད་མ་ཡིན་གྱི་གྲངས་ཀྱི་གནས་དྲུག་ཅུ་པའི་གྲངས་མེད་ཚུལ་ཡིན་ཞེས་མཁས་པ་མང་པོས་བཞེད་ཅིང། གྲངས་མེད་གསུམ་གྱི་ཚོགས་བསགས་ཚུལ་ལའང་ཐེག་དམན་གྱི་ལུགས་དང་ཐེག་ཆེན་གྱི་ལུགས་གཉིས་ཡོད་པ་ལས་དང་པོ་ནི། གྲངས་མེད་གསུམ་ལ་ཤཱཀྱ་ཐུབ་པ་ནས་སངས་རྒྱས་འོད་སྲུངས་ཀྱི་བར་དུ་དེ་བཞིན་གཤེགས་པ་འབུམ་ཕྲག་གཉིས་དང་ཁྲི་ཕྲག་གསུམ་ལ་བསྙེན་བཀུར་མཛད་དེ་ཚོགས་བསགས་པ་ཡིན་ཅིང། དེ་ཡང་མངོན་པ་མཛོད་ལྟར་ན་ཤཱཀྱ་ཐུབ་པ་ནས་རིན་ཆེན་གཙུག་ཏོར་ཅན་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་དང་་་པོ་དང། དེ་ནས་མར་མེ་མཛད་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་གཉིས་པ། དེ་ནས་རྣམ་གཟིགས་འཇིག་རྟེན་དུ་བྱོན་པའི་བར་ལ་གྲངས་མེད་གསུམ་པ་སྟེ། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པར་གསུངས་ཤིང། མཛོད་ལས། རྣམ་གཟིགས་མར་མེད་རིན་ཆེན་གཙུག། །གྲངས་མེད་གསུམ་གྱི་ཐ་མར་བྱུང། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །དེ་མིན་འདུལ་བ་ལུང་སོགས་ལས་གསུང་ཚུལ་མི་འདྲ་བ་ཡོད་པས་གཞུང་གཞན་ལས་ཤེས་པར་བྱའོ། །གཉིས་པ་ནི་ཡོངས་སུ་གྲགས་པའི་དབང་དུ་བྱས་ན། སྔོན་རྒྱལ་པོའི་བུ་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ། སངས་རྒྱས་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་བསྙེན་བཀུར་བ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་གྱུར། དེ་ནས་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་ཚེ་སངས་རྒྱས་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ནས་བཟུང་གྲངས་མེད་གཉིས་པས་ས་བདུན་པ་་་་་་་་ཐོབ་པར་གྱུར། དེ་ནས་བྲམ་ཟེ་ཁྱེའུ་ཆོས་ཀྱི་སྤྲིན་ཞེས་བྱ་བར་གྱུར་པའི་ཚེ་སངས་རྒྱས་མར་མེ་མཛད་འཇིག་རྟེན་དུ་བྱོན་པ་བསྙེན་བཀུར་བས། དེས་ཀྱང་བྲམ་ཟེ་ཁྱེའུ་འདི་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན། དེ་ནས་བཟུང་སྟེ་གྲངས་མེད་གསུམ་པའི་ཚོགས་བསགས་ཏེ་ས་བརྒྱད་པ་མི་གཡོ་བ་ནས་ས་བཅུ་པ་སངས་རྒྱས་ཀྱི་ས་ཡི་བར་བགྲོད་པར་གསུངས། ཇི་སྐད་དུ། གང་ཚེ་མར་མེ་མཛད་ཀྱིས་ང། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཅེས་སོ། །

Tags:

🔥 Trending searches on Wiki བོད་སྐད:

གཙོ་ངོས།མཛོད་ནས་བསྟན་པའི་སྲིད་པའི་བྱུང་རབས་སྐོར་ལ་དཔྱད་བསྡུར་བྱས་པ་ཨི་ཐི་ཨོ་པི་ཡ།སྐྱབས་འགྲོ་ཀོང་གོ་སྤྱི་མཐུན་རྒྱལ་ཁབ།བོད་ཀྱི་རྒྱལ་རབས་བླེཀ་པིངཀ་ཌབ་ནིམ།༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚ་ལུ་མ་སྐྱུར་མོ།རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་མངལ་སྐྲན་དམུ་དགེ་བསམ་གཏན་རྟེན་འབྲེལ་ཡན་ལག་བཅུ་གཉིས།འབྲུག་ཡུལ།ཨཱལ་གྷོར།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་གྲངས་གནས་ཀྱི་ཀློག་སྟངས་ཕྱོགས་བཅུའི་མུན་སེལ་ཧྲན་ཏུང་ཞིང་ཆེན།ཀན་སུའུ་ཞིང་ཆེན།སྨན་རི་དགོན།ཚེ་ཏན་ཞབས་དྲུང་རབ་རྟོག་གི་རྒྱན་གསུམ།ཨུཀ་རཡི་ནི་སྐད།ས་མོའ།༡༧༣༣ལོ།ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་རྩ་རྫས་ཀྱི་དུས་འཁོར་རེའུ་མིག།ཤི་བ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།འདོད་པའི་བསྟན་བཅོས།དབྱི་སི་ལམ་ཆོས་ལུགས།ཚད་མ་རིག་པ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན།བཀའ་བརྒྱུད་པ།བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་འབྱུང་རྩིས་ཟླ་ཟེར་ལམ་གཙོ་རྣམ་གསུམ་རྙིང་མ།འབྲས་འཛམ་གླིང་འཁྲུག་ཆེན་གཉིས་པ་ཨོ་སི་མིམ།༡༩༢༣ལོ།དཀོན་མཆོག་གསུམ།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།གུ་རུའི་རྣམ་ཐར།ཀརྨ་པ་མི་བསྐྱོད་རྡོ་རྗེ་རྒྱན་དྲུག་མཆོག་གཉིས་ཟླ་༨ཚེས་༡༤ཉིན་ཕོ་བྲང་པོ་ཏ་ལ་༡༩༡༤ལོ།ལྕགས་རིགས་བསྟན་བཅོས།པདྨ་འབྱུང་གནས།རྫ་དཔལ་སྤྲུལ་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་རྡོ་རྗེ་གཅོད་པ་རྒྱལ་དར།ཁབ་ལེན་རླུང་།༢༠༢༤ལོ།བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་རབ་བྱུང་བརྩི་ཚུལ་གཏམ་པད་མའི་ཚལ་གྱི་ཟློས་གར་རྭ་སྒྲེང་དགོན་པ།🡆 More