ཀརྨ་གླིང་པ་

ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གཏེར་སྟོན་ཀརྨ་གླིང་པ་ནི། དྭགས་པོའི་ཡུལ་གྱི་སྟོད་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་སུ་འཁྲུངས། རྟེན་སྔགས་འཆང་། ཡོན་ཏན་དཔག་ཏུ་མེད་པ་མངའ་ཞིང་མངོན་ཤེས་དང་འཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་དུ་བཞུགས། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམས་ནས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་ཀྱི་གཏེར་བཏོན། ཆོས་བདག་བུ་ཆེན་བཅུ་བཞི་ལ་པདྨ་ཞི་ཁྲོའི་ཆོས་སྐོར་ཚང་བར་གནང་། དགོངས་པ་རང་གྲོལ་ཆོས་སྐོར་རྣམས་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་གནང་ནས་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་བཀའ་རྒྱས་བཏབ། ལུང་ནས་བསྟན་པའི་གཟུངས་མ་དང་རྟེན་འབྲེལ་མ་འགྲིགས་པས་ཞིང་ཁམས་གཞན་དུ་གཤེགས་སོ། །ཞི་ཁྲོ་དགོངས་པ་རང་གྲོལ་ནི་བརྒྱུད་པ་གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་རྒྱ་ཆེར་འཕེལ་ཏེ་དབུས་གཙང་ཁམས་གསུམ་དང་ཁྱད་པར་མདོ་ཁམས་ལྷོ་བྱང་ཀུན་ཏུ་དབང་ལུང་ཁྲིད་རྒྱུན་སྟོང་མཆོད་ལ་སོགས་པའི་ཕྲིན་ལས་ད་ལྟའི་བར་དར་རྒྱས་སུ་བཞུགས།

Tags:

🔥 Trending searches on Wiki བོད་སྐད:

ཕག་པ།སུམ་བ་བཅུ་པ།དགེ་ལུགས་པ།ཐང་གགསོ་བ་རིག་པ་ཆང་གི་ཉེས་པ་སུམ་ཅུ་པ་བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་སྤང་།མོ་ཟ་རེལ་ལ། (ཆུར་བ།)བོན།ཨ་ཧྥུའུ་རྒན་སི་ཐན།༢༠༠༢ལོ།ཟླ་༩ཚེས་༡༠ཉིན་རྗེ་བཙུན་ཐོགས་མེད།མཆོད་པ་བཤམས་ཚུལ་རྐང་རྩེད་སྤོ་ལོ།སུང་རྒྱལ་རབས།དཔལ་ལྡན་ཟླ་བ་གྲགས་པ་དཀོན་མཆོག་རྗེས་དྲན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ།ཚད་མ་རྣམ་འགྲེལ།༡༩༩༦ལོ།རང་བྱུང་གི་ཚན་རིགའདོད་པའི་བསྟན་བཅོས།མངོན་བརྗོད།་དག་ཡིག་ངག་སྒྲོན།བཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས་ཀཱ་རི་ཀ་ལྔ་བཅུ་བོད་ཀྱི་ལོ་ཚིགས་བརྩི་སྲོལ་རྡ་རམ་ས་ལ།དགུ་རོང་རྒྱལ་སྲས།རྩ་གཉིས་རྟགས་རིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ།ལོན་ཊོན།ས་སྡེ་ལྔ།ཁྱིམ་ཐབ་མེད་པར་གནས་པའི་མི་ཚེ།སློབ་ཆུང་དག་ཡིགཏུ་ནི་ཤི་ཡ།རྩམ་པ།ཀི་རྒི་ཟ་སྟན།བདེ་སྨོན་འགྲེལ་པ་གོང་ས་མཆོགམི་ཉག་རབ་སྒང་།ཤེས་རབ་སྙིང་པོ་དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།མཚོ་སྔོན་པོབོད་རྗེ་གཉའ་ཁྲི་བཙན་པོ་ཁྲི་ལ་འཁོད་དུས་སུ་བཏོན་པའི་དོགས་པ་དྲུག་ནི་གང་གང་ཡིན་ནམ་ལ་དྭགསལྟུང་བཤགས་ཅ་ཐའེ་ཅི།གཏེར་ཆུ།ཨི་སི་ར་ཨེལ།ཨུཀ་རཡི་ནི།ཉི་ནུས།ཀརྨ་པ་བདུད་འདུལ་རྡོ་རྗེ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་བདུད་འཇོམས་དག་ཡིག་སྐར་མའི་མ་ལག་དྭགས་པོ།འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུགསྦྲང་མ།འཇོལ་མོ།ལའོ་སུ།ཁཱར་ལ་མར་ཁེ་སི།པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཅུ་སྟག་མའི་མེ་ཏོགC+བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།ཏེ་ལོ་པ།🡆 More