འབྲུག་ཉེན་བཅོལ་ཚད་འཛིན། Ι Bhutan Insurance Limited

ང་བཅས་རའི་རྒྱལ་ཁབ་ཡར་རྒྱས་འགྱོཝ་ལས་བརྟེན་ དེང་སང་དུས་དང་བསྟུན་པའི་འཕྲུལ་རིགས་དང་ཤེས་རིག་ལ་སོགས་པ་ཚུ་ཡང་ཡར་རྒྱས་གོང་འཕེལ་དང་ འགྱུར་བཅོས་ལེ་ཤ་སོང་སྟེ་ཡོདཔ་ཨིན། དེ་སྦེ་ཡར་རྒྱས་འགྱོ་དགོ་མི་འདི་ཡང་ དབང་ཕྱུག་བརྒྱུད་འཛིན་གྱི་མི་དབང་རྒྱལཔོ་རིམ་བྱོན་ཚུ་གི་ ཐུགས་དགོངས་ལས་འཁྲུངས་པའི་ལོ་ལྔ་པའི་འཆར་གཞི་ གཞི་བཙུགས་གནང་མི་ལས་བརྟེན་གཞི་རྟེན་མཁོ་ཆས་ལས་འགོ་བཙུགས་ དུས་དང་བསྟུན་པའི་གོང་འཕེལ་ཚུ་ འཆར་གཞི་དང་སྲིད་བྱུས་ཚུ་དང་འཁྲིལ་ རིམ་པ་བཞིན་གོང་འཕེལ་འགྱོ་སྟེ་ཡོད། དེ་གི་ནང་ལས་ མི་སེར་ཚུ་ལུ་ཉེན་སྲུང་ལྡན་པའི་ཉེན་བཅོལ་གྱི་ཞབས་ཏོག་དང་ གདམ་ཁ་བྱིན་ཐབས་ལུ་ ཉེན་བཅོལ་དང་འབྲེལ་བའི་ཡིག་ཚང་ གཞི་བཙུགས་འབད་ཡོད་མི་ནང་ལུ་ འབྲུག་ཉེན་བཅོལ་ཚད་འཛིན་གྱིས་ཉེན་བཅོལ་གྱི་ཞབས་ཏོག་ཚུ་བྱིན་ཏེ་ མི་སེར་ཚུ་ལུ་ཁེ་ཕན་སྦོམ་འབྱུང་ཡོདཔ་ཨིན།

ལས་སྡེ་དང་ལས་འཛིན་གཙུག་སྡེ་ཚུ་གིས་ཞབས་ཏོག་ཚུ་ མཐིལ་ཕྱིནམ་སྦེ་ཕུལ་ཐབས་ལུ་ རང་སོའི་འཆར་སྣང་དང་དམིགས་གཏད་ཚུ་ གཞན་དང་མ་འདྲཝ་སྦེ་བཟོ་སྟེ་འོངམ་ཨིན། དེ་བཟུམ་སྦེ་Bhutan Insurance Limited (གནམ་ལོ་མེད་༢༠༡༦) ནང་ལུ་བཀོད་མི་དང་འཁྲིལ་བ་ཅིན་ འབྲུག་ཉེན་བཅོལ་ཚད་འཛིན་གྱི་འཆར་སྣང་འདི་ ཚོང་མགྲོན་པ་ཚུ་ལུ་སྤུས་ཚད་ཅན་གྱི་ཞབས་ཏོག་ཕུལ་ནི་དང་ ཚོང་མགྲོན་པའི་རེ་འདོད་འགྲུབ་ཐབས་ལུ་ དེང་སང་གི་ཐབས་ལམ་ཚུ་ གསར་འཚོལ་འབད་དེ་ཉེན་བཅོལ་གྱི་མཐུན་རྐྱེན་ཚུ་ཕུལ་ནི་ཨིན་པས། དེ་བཟུམ་སྦེ་ དམིགས་གཏད་འདི་ཡང་ལས་མགྲོན་པ་ཚུ་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ཕྱག་ཞུ་ནི་དང་ རྒྱལ་ཁབ་ཀྱི་མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་བརྩོན་ནི། དེ་ལས་ རང་རྐྱང་དང་གཙུག་སྡེའི་རྒྱུ་དངོས་ཚུ་བློ་གཏད་ཚུགས་པའི་ཉེན་བཅོལ་ཐོག་ལུ་ ཉེན་སྲུང་འབད་ནི་འདི་ཨིན་པས། ལས་སྡེ་འདི་གིས་ཞབས་ཏོག་ཚུ་ཕུལ་བའི་སྐབས་ གཞི་རྩ་ཚུ་ཡང་འགན་འཁྲི་ཅན་སྦེ་ འབད་ནི་དྭངས་གསལ་གྱི་ཐོག་ལུ་འབད་ནི་ དྲང་བདེན་གྱི་ཐོག་ལུ་འབད་ནི་ འགན་ཁག་ཅན་སྦེ་འབད་ནི་ སྣ་ཁྲིད་འབད་ཚུགསཔ་འབད་ནི་ ཉེན་ཁག་ཚུ་འཐོན་པའི་སྐབས་འཛིན་སྐྱོང་འབད་ནི་ ཁྲིམས་ལུགས་དང་དུས་ཚོད་གུ་གནས་ནི་ དེ་ལས་ཚོང་མགྲོན་ཚུ་དང་འབྲེལ་བ་འཐབ་སྟེ་ དུས་རྒྱུན་ཞབས་ཏོག་ཡར་རྒྱས་གཏང་ནི་ཚུ་ཨིན་པས།

འབྲུག་ཉེན་བཅོལ་ཚད་འཛིན་གྱི་ལས་སྡེ་གིས་ མི་ངོམ་རང་རྐྱང་གི་རྒྱུ་དངོས་ཚུ་དང་ ལས་སྡེ་དང་ལས་འཛིན་ དེ་ལས་ཚོང་ལས་ཆུང་བ་དང་བར་མ་ཚུ་གི་དོན་ལུ་ ཉེན་བཅོལ་གྱི་ཞབས་ཏོག་ཚུ་ཕུལཝ་ཨིན་པས། ལས་སྡེ་འདི་སྤྱི་ལོ་༢༠༠༩ སྤྱི་ཟླ་༨ པའི་སྤྱི་ཚེས་༢༠ ལུ་གཞི་བཙུགས་འབད་བའི་ཉིནམ་ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་གྱི་རིང་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་དང་རྫོང་ཁག་བཅུ་བདུན་དེ་ཅིག་གི་ནང་ལུ་ དེང་སང་མི་སྡེ་བརྡ་བརྒྱུད་ཀྱི་མཐུན་རྐྱེན་ཚུ་ ལག་ལེན་འཐབ་ཐོག་ལས་ ཚོང་མགྲོན་ཚུ་དང་འབྲེལ་མཐུད་འབད་དེ་ ཞབས་ཏོག་ཚུ་སྟབས་བདེ་ཏོག་ཏོ་སྦེ་ཕུལཝ་ཨིན་པས། ལས་སྡེ་འདི་གིས་ཞབས་ཏོག་ཚུ་ ཁྱད་འཕགས་ཅན་སྦེ་ཕུལ་ཐབས་ལུ་ ལས་བྱེདཔ་ཚུ་གིས་རིག་པ་དང་ གནས་སྐབས་མ་འདྲཝ་སྦེ་ལག་ལེན་འཐབ་མ་ཚད་ རང་དབང་གི་སྡེ་ཚན་གཅིག་གཞི་བཙུགས་འབད་དེ་ དེ་གིས་ཞབས་ཏོག་ཚུ་ཡོངས་འབྲེལ་དང་ ངོ་རྐྱང་གི་ཐོག་ལུ་ དུས་ཚོད་ནམ་དགོ་རུང་ ཐོགས་ཆག་མེད་པར་ཕུལཝ་ཨིན་པས།

ལས་སྡེ་འདི་ འབྲུག་གི་ཚོང་སྡེ་བཅའ་ཡིག་༢༠༠༠ ཅན་མ་དང་འཁྲིལ་ ལས་འཛིན་གཅིག་སྦེ་ ཐོ་བཀོད་འགྲུབ་ཡོདཔ་མ་ཚད་འབྲུག་གི་དངུལ་འབྲེལ་གཙུག་སྡེའི་བཅའ་ཡིག་༡༩༩༢ ཅན་མ་དང་འཁྲིལ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་སྤྱིར་གཏང་ཉེན་བཅོལ་གྱི་ཚོང་འབྲེལ་འཐབ་ཆོག་པའི་ཆོག་ཐམ་གནང་ནུག། ལས་སྡེ་འདི་ ཨཱར་ཨེས་ཨཱི་བཱི་ཨཱེལ་(RSEBL)གི་མངའ་འོག་ལུ་ཐོ་བཀོད་འབད་དེ་ རྒྱལ་ཁབ་གོང་འཕེལ་གྱི་མ་རྩ་གཞི་བཙུགས་ཀྱི་ནང་ལུ་ ཕན་ཐོགསཔ་ཨིན་པས། དེ་བཟུམ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་གནང་བ་དང་འཁྲིལ་ རྒྱལ་ཁབ་ནང་ལུ་དངུལ་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་ཞབས་ཏོག་ཚུ་ འབྱིན་ནི་དང་རྒྱལ་ཁབ་ནང་ལུ་ སྒེར་སྡེ་ལས་འཛིན་གྱི་ལས་བྱེདཔ་ཚུ་གི་དོན་ལུ་ དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་དེ་ལས་དགོངས་ཞུའི་གསོལ་ར་མ་དངུལ་ ལ་སོགས་པའི་ཞབས་ཏོག་འབྱིན་ཆོག་པའི་ལས་སྡེ་ཅིག་ཨིན་པས།

ལས་སྡེ་འདི་གི་ཡིག་ཚང་ལྟེ་བ་ ཐིམ་ཕུག་དགོངས་རྫོགས་མཆོད་རྟེན་གྱི་ལྟག་ལུ་ གཞི་བཙུགས་འབད་ཡོདཔ་ད་ ཞབས་ཏོག་ཚུ་ཡར་དྲག་གཏང་སྟེ་ མི་སེར་ཚུ་ལུ་ ཞབས་ཏོག་སྤྱོད་ནིའི་གོ་སྐབས་འབྱིན་ཐབས་ལུ་ རྒྱལ་ཁབ་ཀྱི་ས་གནས་ ཕུན་ཚོགས་གླིང་ སྤ་རོ་ དབང་འདུས་ཕོ་བྲང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ ཡན་ལག་ཡིག་ཚང་ཚུ་གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ཚོང་མགྲོན་པའི་དགོས་མཁོ་དང་བསྟུན་པའི་རྒྱ་སྐྱེད་ཡིག་ཚང་ཚུ་ཡང་ བུམ་ཐང་ མོང་སྒར་ རྩི་རང་ བཀྲ་ཤིས་སྒང་ ཀྲོང་གསར་ བསམ་རྩེ་ གཞལམ་སྒང་ ངང་ལམ་ ཁུ་རུ་ཐང་ དགེ་འདུ་ ཧཱ་ བཀྲ་ཤིས་གཡང་རྩེ་ དར་དཀར་དཔལ་ལ་ ཐིམ་ཕུག་ བར་པའི་ས་ ཐིམ་ཁྲོམ་ལྟེ་བ་ སྤ་རོ་ལམ་གོང་གི་ས་གནས་ཚུ་ནང་ གཞི་བཙུགས་འབད་དེ་ ད་ལྟོ་ཚུན་གྱི་རིང་ཞབས་ཏོག་ཚུ་ཕུལཝ་ཨིན་པས།

ལས་སྡེ་འདི་ནང་ལས་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་ཕུལ་མི་ལས་བྱེདཔ་ཚུ་ཡང་ ལས་སྡེའི་དྲུང་ཆེན་བསོད་ནམས་དབང་མོ་དང་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དམ་དི་རྡོ་རྗེ་གཉིས་ཀྱི་གཙོས་པའི་ལས་བྱེདཔ་༡༡༥ དེ་ཅིག་གིས་ ལས་སྡེ་འདི་འཛིན་སྐྱོང་འཐབ་སྟེ་ཡོདཔ་ཨིན་པས། ལས་སྡེ་འདིའི་ཞབས་ཏོག་ མཐར་འཁྱོལ་ཅན་སྦེ་ཕུལ་ཐབས་ལུ་ ལས་སྡེའི་བཀོད་ཚོགས་ རྩིས་ཞིབ་པ་བཀོད་ཚོགས་ རྩིས་ཞིབ་ཚོགས་ཆུང་བཀོད་ཚོགས་ ཉེན་སྐྱོབ་ཚོགས་ཆུང་ དེ་ལས་ལས་འཛིན་གཞུང་སྐྱོང་ཚོགས་ཆུང་ཚུ་ ཐ་དད་སྦེ་ གཞི་བཙུགས་འབད་དེ་ མི་སེར་ཚུ་ལུ་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ཕུལ་ཚུགས་ཏེ་ཡོདཔ་ཨིན་པས།

ལས་སྡེ་འདི་ནང་ལས་ ཉེན་བཅོལ་གྱི་མཐུན་རྐྱེན་དང་ སྐྱིན་འགྲུལ་གྱི་མཐུན་རྐྱེན་ཁག་གཉིས་སྦེ་ཕུལཝ་ཨིན་པས། དང་པ་ཉེན་བཅོལ་གྱི་མཐུན་རྐྱེན་ནང་ལུ་ སྣུམ་འཁོར་དང་ མེ་རྐྱེན་གྱི་ཉེན་བཅོལ་སྣ་མང་གི་ཉེན་བཅོལ་ སྐྱིན་འགྲུལ་ཉེན་སྲུང་གི་ཉེན་བཅོལ་ མཁའ་འགྲུལ་དང་གྲུའི་ལམ་འགྲུལ་ཉེན་བཅོལ་ སྒེར་སྡེའི་ལས་བྱེདཔ་གི་ཟུར་ཕོགས་དང་ འཚོ་རྟེན་དགོངས་ཞུའི་གསོལ་ར་མ་དངུལ་ དེ་ལས་ལས་མི་རྒུད་འཐུས་ཀྱི་ཉེན་བཅོལ་ཚུ་ཕུལཝ་ཨིན་པས། སྐྱིན་འགྲུལ་གྱི་མཐུན་རྐྱེན་ནང་ལུ་ ཉེན་ལེན་ཚོང་ལཱའི་སྐྱིན་འགྲུལ་ ཚོང་འབྲེལ་དང་ཚོང་འབྲེལ་མིན་པའི་སྡོད་ཁྱིམ་བཟོ་སྐྲུན་གྱི་སྐྱིན་འགྲུལ་ བཟོ་གྲྭ་འཕྲུལ་ཁང་གི་སྐྱིན་འགྲུལ་ བགོ་བཤའ་ལས་བརྟེན་པའི་སྐྱིན་འགྲུལ་ སྣུམ་འཁོར་གྱི་སྐྱིན་འགྲུལ་ སྒེར་དོན་གྱི་སྐྱིན་འགྲུལ་ ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ལས་བརྟེན་པའི་སྐྱིན་འགྲུལ་ དེ་ལས་ཉེན་སྲུང་ལྡན་པའི་འཐེབ་བཏོན་སྤྲོད་དངུལ་ལ་སོགས་པའི་མཐུན་རྐྱེན་ཚུ་ ཡོདཔ་ཨིན་པས། ལས་སྡེ་འདི་གིས་མཐུན་རྐྱེན་གྱི་ཞབས་ཏོག་ཚུ་ ལས་སྡེའི་ངོ་ཚབ་དང་ ཕྱིར་འབྲེལ་ཡོངས་འབྲེལ་འཆར་སྒོ་ མི་སྡེ་བརྡ་བརྒྱུད་ཕེསི་བུཀ་(Facebook)དང་ ཨིནསི་ཀྲ་གརམ་(Instagram) དེ་ལས་ཨཱེམ་བིལ་(Mbil)ཟེར་ འགྲུལ་འཕྲིན་གྱི་ཐོག་ལས་སྤྱོད་ཚུགས་ནི་ཨིནམ་མ་ཚད་ ལས་བྱེདཔ་ངོ་རྐྱང་སྦེ་ དངུལ་འགན་ལེན་ཏེ་ ཁྱིམ་སྒོ་བཤལ་ཏེ་ཞབས་ཏོག་ཚུ་ཕུལཝ་ཨིན་པས། Bhutan Insurance Limited. (གནམ་ལོ་མེད་༢༠༡༦)

ཉེན་བཅོལ་གྱི་ཞབས་ཏོག་དེ་ཚུ་ལས་བརྟེན་ རྒྱལ་ཁབ་ནང་ལུ་ དུས་དང་བསྟུན་པའི་ཉེན་བཅོལ་དང་ དངུལ་འབྲེལ་ཞབས་ཏོག་ཚུ་ རྒྱལ་ཁབ་ནང་གི་མི་སེར་ཚུ་ལུ་ དུས་མཐུན་ཐོག་ དུས་ཨ་རྟག་ར་སྤྲོད་མི་ཅིག་ འབྲུག་ཉེན་བཅོལ་ཚད་འཛིན་འདི་འབདཝ་ལས་བརྟེན་ དེ་གིས་རྒྱལ་ཁབ་དཔལ་འབྱོར་གོང་འཕེལ་དང་ མི་སེར་ཚུ་གི་རྒྱུ་ནོར་ཚུ་ ཉེན་བཅོལ་འབད་དེ་ ཉེན་སྲུང་ལྡན་ཏོག་ཏོ་བཟོ་ཡོདཔ་ཨིན། དེ་གིས་ རྒྱལ་ཁབ་ཀྱི་དགའ་སྐྱིད་ཀྱི་ལྟ་བ་དང་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ཚུ་གྲུབ་ཚུགསཔ་མ་ཚད་ དུས་དང་བསྟུན་པའི་ཞབས་ཏོག་དང་མཐུན་རྐྱེན་ཚུ་ ང་བཅས་རའི་རྒྱལ་ཁབ་ཀྱི་མི་མང་ལུ་ སྤྱོད་ནིའི་གོ་སྐབས་འཐོབ་ཚུགསཔ་བཟོཝ་ཨིན། དེ་ལས་བརྟེན་ རང་གི་མི་ཚེ་ནང་ལུ་ ཉེན་བཅོལ་གྱི་ཞབས་ཏོག་ལས་བརྟེན་ ཚ་གྱང་ལང་མ་དགོ་པར་ རང་གི་རྒྱུ་ནོར་ལོངས་སྤྱོད་ ཁང་ཁྱིམ་དང་སྣུམ་འཁོར་ལ་སོགས་པ་ཉེན་བཅོལ་འབད་དེ་ ད་ལྟོའི་བར་ན་ཡང་ མི་སེར་ཚུ་ལུ་ ཉེན་བཅོལ་གྱི་གདམ་ཁ་འབྱིན་ཏེ་ ཉེན་སྲུང་དང་ལྡན་པའི་མཐུན་རྐྱེན་ཚུ་ ལོངས་སྤྱོད་དེ་ཡོདཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

Bhutan Insurance Limited.(གནམ་ལོ་མེད་ 2016) About Us.https://www.bhutaninsurance.com.bt/་ནང་ལས་འཐོབ་ཡོདཔ་ཨིན།

Tags:

🔥 Trending searches on Wiki ཇོང་ཁ:

༡༨༠༠༢༠༠༩༢༠༡༥བོད་སྐད།ཇ་པཱནཀུ་ཝེཊ་མེཀ་སི་ཀོབོདགཏུམ་རྔམ་འཆམ།ཁྲོམ་སྒྱུར། Urbanizationབུམ་ཐང་རྫོང་ཁགཕརཱནསི་མེ་མར།༡༩༠༠འབྲུག་རྒྱལ་ཡོངས་དཔེ་མཛོདཀྲོང་གསར་རྫོང་ཁགགསར་སྤང་རྫོང་ཁགའབྲུག་རྒྱལ་རྫོང་ཊོ་ཀི་ཡཞོང་གར་རྫོང་འཛམ་གླིང་རྒྱལ་ཁབ་དག་གི་མིང་རྫོང་དབྱིན་རྒྱ་གསུམ་ཤན་བསྦྱརཀྲོང་གསར་མར་པ་ལོ་ཙཱ་བཨེ་ཤར་ཡ་རླུང་རྟ་ཡར་བསྐྱེད་བསངས་མཆོད།ཨཕ་རི་ཀ་རྒྱ་མི།ནོ་ཝེ་འབྲུག་རྒྱལ་རྫོང་།ཧི་མ་ལ་ཡ།ཨ་པུའུ་ནོ་ཧ་ལུའུ་ཁ་སི།དར་དཀར་ན་རྫོང་ཁགའབྲུག་བཞི་པའི་རྟོགས་བརྗོད།མ་ལེ་ཤི་ཡ་ཏ་ཇག་ཀིསི་ཏཱན་གཡང་རྩེ་རྫོང་ཁགཡུ་ནའི་ཊེཊ་ཀིང་ཌམཐཱའི་ལེནཌ་མ་ཀའོཐིམ་ཕུ་རྫོང་ཁགམགོན་པོའི་བཤགས་པ།ཧཱ་རྫོང་ཁགའཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགཨེ་ཤར་ཡདངོས་ཁམས་རིག་པ༡༨༠༡མཚམས་བྲག་དགོན་པཨིང་ལིཤརྫོང་ཁ་བྱའི་རིགས་ཅིགསེམས་ཅན༢༠༠༥ཨོཾ་བྷ་གནས། OM Ba neyཆུ་ཁ་རྫོང་ཁགརྒྱལ་ཡོངས་སེམས་ཅན། ༼འབྲོང་གྱིམ་ཙི༽ལྷོ་ལྗོངས་ཡངས་པའི་གླིང་ལ། ༼རྫོང་ཁའི་ཞབས་ཁྲ།༽🡆 More