རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ།

རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ།

༡མཆོད་མེ་འབུལ་དུས་ཀྱི་སྨོན་ལམ།

ཨོཾ་ཨཱཿ་ཧཱུཾ།  

མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་།།

ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས།།

མུན་པའི་བསྐལ་བ་ཡོངས་སུ་བསལ་བྱས་ནས།།

འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག།

མར་མེ་འདི་ཡི་བསོད་ནམས་ཀྱིས།།

མ་རིག་མུན་པ་སེལ་བར་ཤོག།

ཡེ་ཤེས་སྤྱན་དང་ལྡན་པར་ཤོག།

ཤེས་རབ་རྩ་ཁ་འབྱེད་པར་ཤོག།

༢བསང་འབུལ་དུས་ཀྱི་སྨོན་ལམ།

སངས་རྒྱས་ནམ་མཁའ་གང་ལ་སྐུ་བསང་གསོལ། རྒྱུན་དུ་ས་གཞི་གང་ལ་སྐུ་བསང་གསོལ། གནས་བཟང་རི་ཁྲོད་གང་ལ་སྐུ་བསང་གསོལ། འགྲོ་བ་སེམས་ཅན་རྣམས་ལ་སྐུ་བསང་གསོལ།།

༣ཡོན་ཆབ་འབུལ་དུས་ཀྱི་སྨོན་ལམ།

ཆུ་མོ་ཡན་ལག་བརྒྱད་ལྡན་མཆོད་པ་འདི། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། ཡན་ལག་བརྒྱད་ལྡན་རྣམས་ཀྱི་བྱིན་རླབས་འཇུག་པར་ཤོག།

༤ཉལ་ཁའི་སྨོན་ལམ།

དམ་པ་ཆོས་ཀྱི་སྙིང་ལ་ཉལ། ཤེས་རབ་རལ་གྲི་སྔས་མགོར་བརྒྱབ། སྡུག་སྔལ་རྒྱ་མཚོ་གདན་ལ་གཏིང་། བདག་ཤི་བའི་སྔས་མགོ་རུ། རྩ་བའི་བླ་མ་ཕེབས་པར་ཤོག། སྲིད་པའི་བར་དོ་ཡང་བར་ཤོག།

༥ཟས་ཕུད་དང་ཇ་ཕུད་འབུལ་བའི་སྨོན་ལམ།

སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། སྐྱབས་གནས་མཀོན་མཆོག་གསུམ་ལ་མཆོད་པ་འབུལ། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ། དཀོན་མཆོག་གསུམ་དང་ནམ་ཡང་མི་བྲལ་ཞིང། དཀོན་མཆོག་གསུམ་ལ་རྒྱུན་དུ་མཆོད་པ་ཡིས། དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག

༦ཕྱག་འབུལ་སྨོན་ལམ།

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། རྡོ་རྗེ་འཛིན་པ་ངོ་བོ་ཉིད། དཀོན་མཆོག་གསུམ་གྱི་རྩ་བ་སྟེ། བླ་མ་རྣམས་ལ་སྐྱབས་སུ་མཆི།

Tags:

རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ། ༡མཆོད་མེ་འབུལ་དུས་ཀྱི་སྨོན་ལམ།རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ། ༢བསང་འབུལ་དུས་ཀྱི་སྨོན་ལམ།རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ། ༣ཡོན་ཆབ་འབུལ་དུས་ཀྱི་སྨོན་ལམ།རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ། ༤ཉལ་ཁའི་སྨོན་ལམ།རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ། ༥ཟས་ཕུད་དང་ཇ་ཕུད་འབུལ་བའི་སྨོན་ལམ།རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ། ༦ཕྱག་འབུལ་སྨོན་ལམ།རྒྱུན་སྤྱོད་སྨོན་ལམ་བསྡུས་པ་འགའ།

🔥 Trending searches on Wiki བོད་སྐད:

ཚ་བའི་དམྱལ་བ་བརྒྱད་གཡོ་སྐར།ཁེན།རྒྱ་ནགདབུགས་མི་བདེ་བའི་ནད་རྩིས་རིགསློབ་དཔོན་དཔའ་བོ།ལྡུམ་སྒོང་།པ་སི་ཐེར།གསོ་བ་རིག་པ་ཨུ་རུ་སུའི་སྐད།གསང་སྔགས་ལམ་གྱི་མཚན་ཉིད་མདོར་བསྡུས་པ་ཀེ་ར་ལཱ།འཇམ་དཔལ་དབྱངས།ཁུར་འཛིང་།ལུང་སྡེ་བཞི་སྨུག་པོའི།ཁྲིམས་རྩོད་པ།གསར་བྱུང་གི་གནས་ཚུལ།ལཱོ་མེ།གང་པོ་ཨཱལ་གྷོར།ནང་།རྒྱལ་དར།བཀྲ་ཤིས་ལྷུན་པོ་དགོན།ཆེན་པོ་གསུམ་ཀོའོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས།འཕགས་བོད་ཆོས་འབྱུང་། ཡལ་འདབ་གཉིས་པ།ལུས་རྟེན་བཟང་པོའི་འབྱོར་བ་བཅུ་བསྟོད་པ་ཆུ་འཛིན་དཀར་པོ་མ།རིན་ཆེན་ལྕགས་རིལ་ཆེན་མོ་རུས་མི་གཅིག་པའི་རྒྱལ་རབས་ཚན་པ་ལྔ།ཁ་ལའོ་ཊ་མོ་ནེ།རིང་བསྲེལ་།ཟླ།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གངས་རིན་པོ་ཆེ།བཙན་གཡེམ།བློ་གྲོས་འབྱུང་གནས།ཆུ་བོ་གངྒཱ་ཨཱན་དྷ་ར་མངའ་སྡེ།ཟླ་༤ཚེས་༢༡ཉིན་སྤྲུལ་སྐུ་ཨོ་རྒྱན་ཉི་མ།རིན་ཆེན་ཚ་སྦྱོར་ཆེན་མོ་ཨོ་སི་ཐྲི་ཡ།རོས་ནེ་དེ་ཁར་ཏེ།ཀུན་མཁྱེན་འཇིགས་མེད་གླིང་པ་མ་ཎི་བཀའ་འབུམ།ཞི་བདེ་རྒྱ་མཚོ་ཆེན་པོ།རང་བྱུང་གི་ཚན་རིགམ་སེ་ཌོ་ནིཡ། (རྒྱལ་ཁབ།)དམྱལ་ཁམས་བཅོ་བརྒྱད།རྣམ་པར་སྣང་མཛད།རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།ཞབས་བྲོ།མེ།བཀའ་བསྡུས་ཁྲི་སྲོང་ལྡེ་བཙན།ཡམ་བུ།བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་པ།ཨུ་ཟ་བེ་ཀི་སྟན།སོག་ཡུལ།ཨིན་རྡུ་ནི་ཤིས་ཡ།མཆོག་གི་སྤྲུལ་སྐུ་རྣམ་གསུམ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།🡆 More