རི་བོ་རྩེ་ལྔའི་བོད་ཀྱི་རྡོ་རིང་

དེར་ཕྱི་ལོ༢༠༡༣ལོར་ཕྲན་གུས་པབྱ་བའི་ལོ་རྒྱུས་ཀྱི་བསྟན་འཆོས་དཔེ་རྙིང་ཕྱག་བྲིས་མ་ཞིག་ལ་མཇལ་པ་ཡིན། ཕྱིས་སུ་བརྟག་དཔྱད་བྱས་པ་བརྒྱུད་ལོ་རྒྱུས་ཀྱི་བསྟན་བཅོས་དེ་ནི་དུས་རབས་བཅོ་ལྔ་པར་འཁྲུངས་པའི་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན༼༡༤༢༦-?༽གྱིས་མཛད་པར་གསལ་ཞིང་མཚན་བྱང་ཆ་ཚང་ལཞེས་སུ་འབོད་པ་དེ་རེད། དེར་མུ་མཐུད་དུ་མཛད་པ་པོའི་སྐོར་ལ་འཚོལ་ཞིབ་བྱས་པ་བརྒྱུད་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་རྭ་ཅན་གྱི་ཨང་རྟགས༼༡༦༧༽ན་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིཞེས་པ་ཞིག་ཀྱང་བཞུགས་ཡོད། ད་ལྟ་ནི་ལོ་རྒྱུས་ཀྱི་བསྟན་བཅོས་དཔེ་རྒྱུན་ཧ་ཅང་དཀོན་པོ་འདི་ཉིད་གང་སར་སྤར་དུ་བཏབ་ནས་ཀུན་གྱིས་གཟིགས་ཐུབ་པ་དེ་ལྟར་ཡིན།

འདིར་གང་གླེང་པར་བྱ་བ་ནི། ལོ་རྒྱུས་ཀྱི་བསྟན་བཅོས་དེ་ལས་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་ནག་རི་བོ་རྩེ་ལྔར་བཀའ་མཆིད་ཀྱི་རྡོ་རིང་ཞིག་བཙུགས་པ་དེའི་ཁུངས་ལ་ཅུང་ཟད བརྟག་དཔྱད་བྱ་རྒྱུ་དེ་ཡིན། དེའི་ལུང་ཚིག་དངོས་ནི་འདི་ལྟ་སྟེ། “དེ་ནས་རྒྱལ་པོ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་བཞེངས། རྡོ་རིང་བཙུགས་ཏེ་མཛད་པ་བཀའ་ཁྲིམས་ལྟར་བྱས་པའི་ཡི་གེ་ཡང་བྲིས་ནས་བཞག་གོ”བྱ་བ་འདི་རེད། འདི་ཉིད་ཁུངས་སུ་བཟུང་ནས་དཔྱད་ན། བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་རི་བོ་རྩེ་ལྔར་བཙུགས་པའི་རྡོ་རིང་དེ་ནི་སྤུ་རྒྱལ་གྱི་རྡོ་རིང་རྣམས་ལས་ཧ་ཅང་སྔ་ཤོས་ཀྱི་གྲས་སུ་གཏོགས་ཅིང་། ད་ལྟའི་བར་ཕལ་ཆེར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་འགོར་གྱི་ཡོད།

ཡིན་ནའང་བོད་ཀྱི་རྒྱལ་རབས་རྣམས་སུ་དེའི་སྐོར་གྱི་ས་བོན་ཙམ་རེ་གླེང་པ་ལས་གནས་ཚུལ་ཞིབ་པར་བཀོད་པ་ནི་ཤིན་ཏུ་ཉུང་པས་རེ་ཞིག་ཁུ་སིམ་མེར་འཇོག་དགོས་བྱུང་ཡོད་ནའང་། ཧ་ཅང་སྟབས་ཡག་པ་ཞིག་ལ། དུས་རབས་བཅུ་དྲུག་པར་སྟོད་ལུང་ཞྭ་དམར་པའི་སློབ་དཔོན་གྱི་གྲས་མན་ལུང་གུ་རུ་དབང་ཕྱུག་གིས་བཀོད་པའི<ཤམ་བྷ་ལའི་ལམ་ཡིག>ན་དེའི་སྐོར་ཅུང་ཞིབ་པར་བྲིས་པ་འདི་ལྟ་སྟེ། “ནུབ་རི་བོ་རྩེ་ལྔ་ཞེས་བྱ་བ་ནི་རྒྱལ་མོ་བཟའི་ཕའི་རྒྱལ་པ་དེའི་ནུབ་ཕྱོགས་ན་ཡོད་དེ། དེ་ན་ཁྲོ་ནག་གི་ཁང་པ་ཞིག་ཡོད་པར་འདུག་ཅིང་། དེ་དང་ཉེ་བའི་ས་ཞིག་ན་རྡོ་རིང་ཆེན་པོ་དཀྱུས་སུ་འདོམ་བདུན་ཡོད་པ། ཞེང་དུ་འདོམ་གསུམ་ཡོད་པ་ཞིག་ལ་བོད་ཀྱི་ཡི་གེས་སངས་རྒྱས་ཀྱི་བཀའ་རྣམས་བྲིས་ཡོད་ཟེར་པ་ཞིག་འདུག་པས་རྡོ་དྲེགས་བཤུས་པའི་འོག་ནས་ཚིག་གཉིས་གསུམ་སྦྲེལ་ནས་ཀློག་ཐུབ་པར་འདུག བོད་ཀྱི་བློན་པོ་མགར་གྱིས་བཞེངས་པ་ཡིན་ཟེར། རྒྱ་ཡི་ཡུལ་ན་རྡོ་རིང་དེ་ལས་ཆེ་བ་མེད་ཟེར་རོ།།”ཞེས་འགོད་གནང་མཛད་ཡོད།

གོང་དུ་བཀོད་པ་ལྟར། དུས་རབས་བཅོ་ལྔ་པར་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་རྒྱ་ནག་རི་བོ་རྩེ་ལྔར་སྲོང་བཙན་གྱིས་རྡོ་རིང་བཙུགས་པར་གསུངས་པ་ནི། དུས་རབས་བཅུ་དྲུག་པར་མན་ལུང་གུ་རུ་དབང་ཕྱུག་གིས་དངོས་སུ་སྤྱན་གྱིས་གཟིགས་ནས་ལམ་ཡིག་ཏུ་བཀོད་པའི་རྡོ་རིང་འདི་ཉིད་ཡིན་པ་རྭ་འཕྲོད་པ་དང་། བོད་རྒྱལ་སྲོང་བཙན་སྒམ་པོའི་བཀའ་མཆིད་འདི་རྒྱ་ནག་རི་བོ་རྩེ་ལྔར་དངོས་སུ་ལག་བསྟར་གནང་མཁན་ནི་ཁོང་གི་བློན་པོ་མགར་སྟོང་བཙན་ཡིན་པས་ཡུལ་དེའི་རྒྱ་རྣམས་ཀྱི་ཁ་རྒྱུན་ལའང་བློན་པོ་མགར་གྱིས་བཞེངས་ཟེར་པ་དེའི་དོན་ཡིན་པ་ཧ་ཅང་གསལ་པོར་གོ་ཐུབ་པ་རེད།

མདོར་ན་དུས་འགྱུར་སྔོན་ཙམ་ལ་ཨ་མདོའི་རྒད་པོ་ཞིག་རི་བོ་རྩེ་ལྔར་མཆོད་མཇལ་དུ་འགྲོ་དུས་སུ་དར་ལྕོག་སྣ་ཚོགས་འཐེན་ཡོད་པའི་རྡོ་རིང་ཞིག་འདུག་པར་རྒྱ་རྣམས་ཀྱིས་དེ་ནི་ཙང་མེན༼藏民༽ཏེ་བོད་ཀྱི་རྡོ་རིང་རེད་ཅེས་པའི་བཤད་རྒྱུན་ཞིག་ཡོད་པ་དེ་ལའང་བརྟག་དཔྱད་ནན་ཏན་བྱེད་འོས་པ་དང་། གཞན་ཡང་རྒྱ་བོད་ཀྱི་ཡིག་ཚང་དག་ན་འདི་དང་འབྲེལ་བའི་གནས་ཚུལ་བཀོད་པ་མཐོང་ཚེ་བརྗེད་ཐོ་ལ་ལམ་སེང་ཁ་གསབ་གནང་རྒྱུ་དང་གོ་སྐབས་བྱུང་ན་རི་བོ་རྩེ་ལྔར་ཡུལ་དངོས་བརྟག་དཔྱད་བྱས་ནས་འདི་དང་གོ་བསྡུར་བྱེད་ཐུབ་པར་རེ་སྐུལ་ནན་ཏན་ཞུས་ཡོད། ༼མཆན། མན་ལུང་གུ་རུ་ཆེ་ཆུང་གཉིས་ལས། མན་གུང་གུ་རུ་བསོད་ནམས་ནི་དུས་རབས་བཅུ་བཞི་བར་འཁྲུངས་པ་དང་རྣམ་ཐར་ཡང་ལམ་ཡིག་གི་ཚུལ་དུ་བཀོད་པ་ཞིག་མཇལ་རྒྱུ་ཡོད་ལ། ཕྱི་མ་ནི་སྟོད་ལུང་ཞྭ་དམར་པའི་བླ་མའི་གྲས་ཏེ། དུས་རབས་བཅུ་དྲུག་པར་འཁྲུངས་པའི་མན་ལུང་གུ་རུ་དབང་ཕྱུག་ཡིན་ཞིང་དུས་འཁོར་གྱི་གཞུང་ལ་ཧ་ཅང་མཁས་པ་ཞིག་ཡིན། འདི་ལའང་ཤམ་བྷ་ལའི་ལམ་ཞིག་ཡོད། འདི་གཉིས་ཀྱི་ཞིབ་ཆ་སོགས་ཕྱིས་སུ་བརྗེད་ཐོར་འགོད་པར་འགྱུར་བས་དེར་སྒུག་པར་བྱའོ།།༽

Tags:

🔥 Trending searches on Wiki བོད་སྐད:

༧༨ (གྲངས་ཀ།)སི་ནི་གཱལ།ལྷོ་ཀོ་རི་ཡ།སྨི།ཀ་ནི་ཀ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་རི་མོ།ཁམས་གསུམ་ཟངས་ཆས་སྤྱོད་པའི་དུས་རབས།བྱ་ཏེ་དཔལ་དུས་ཀྱི་འཁོར་ལོ་བོད་ཀྱི་སྣོད་བཅུད་ཆགས་ཚུལ།མལ་ཏ།དུས་ཚོད།རྣམ་དབྱེ་བརྒྱད་ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་མགོ་ལོག་ཨའི་ཅི།སྣར་ཐང་དགོན།ཨ་མེ་རི་ཁ་གླིང་ཆེན།ཞོ་ཁོགམི་བཟོས་རིག་ནུས།ཆུ་ངོགས་གཏམ་རྒྱུད།བཙན་གཡེམ།མཁས་འཇུག་སྡོམ་བྱང་དབུལ་ཕོངས།ལྦེ་ཁེ་རིག་མཛོདདཀར་ཆག་མཆིམས་ཕུ་མ།ཊ་ཁར་ཏ།སྐར་མ་གནམ་རྒྱལ།སྐྱར་མོ།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །རྒྱལ་བ་བྱམས་པ།ཀོ་ཀིའི་གླུ་དབྱངས། (Google)བེ་ཤིང་།དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།ཁྲི་ལྡེ་གཙུག་བརྟན།མི་ཕམ་མཁས་འཇུག་དབང་ཕྱུགཐའི་ལེན།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་གླང་ཆེན།ནང་བསྟན།ཟླ་༩ཚེས་༤ཉིན་སྒྲོལ་མའི་ལོ་རྒྱུས་༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།སྨྱུག་རྩ།ཆོས་ཀྱི་བདག་མེད་ཚད་མ་རིག་པའི་ཤེས་བྱ་གློག་རྡུལ་འཕྲིན་སྒམ།ལེགས་སྦྱར་སྐད།རང་བཞིན་བརྗོད་པའི་རྒྱན་བཞི་ཧེན་ཐའེ།སེང་ག་གླིང་།རྡོ་རིང་བསྟན་འཛིན་དཔལ་འབྱོར་འཕར་སྤྱང་།གཙོ་ངོས།ཐང་རྒྱལ་རབས།ཨོ་ཧེའོ།ཡང་འཇུག་གཉིས་ཨ་ཤོམ།ཕྱོགས་ཀྱི་གླང་པོ།མི་རིགས་རིང་ལུགས།རིག་གནས་གསར་བརྗེ་ཆེན་པོཝི་ཏི་ནམ།བྱང་སྣེའི་དོམ་དཀར།ནག་ཆུ་ས་ཁུལ།དགའ་ལྡན་གསེར་ཁྲི་རིམ་བྱོན་༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གློག་བརྙན།🡆 More