རྡོ་རིང་བསྟན་འཛིན་དཔལ་འབྱོར་

ངོ་སྤྲོད་མདོར་བསྡུས། རྡོ་རིང་བསྟན་འཛིན་དཔལ་འབྱོར(1760-?)ནི། རྩོམ་རིག་ལ་མཁས་ཤིང་། གོར་བོད་དམག་འཁྲུག་སྐབས་སུ། བོད་ཀྱི་སྐུ་ཚབ་ཀྱང་ཡིན། ཁོང་ནི1721ལོར། ཡབ་རྡོ་རིང་པཎྟིའམ་ཡང་ན་མགོན་པོ་དངོས་གྲུབ་རབ་བརྟན་དུ་འབོད་པ་དང་ཡུམ་རིན་ཆེན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ཀྱི་དྲུང་ནས་སློབ་གསོ་དང་སྦྱོང་བརྡར་ཐེབས་སྟབས། དགུང་ལོ5ནས་བཟུང་འབྲི་ཀློག་སྦྱོང་འགོ་བརྩམས་པ་དང་། དགུང་ལོ8ནས་བཟུང་། གྲྭ་ས་ཁག་ཏུ་ཕྱིན་ཏེ་བརྡ་སྤྲོད་དང་སྙན་གཞུང་། ཚད་མ་རིག་པ་སོགས་ལ་བརྩོན། 1781ལོར། བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱི་ཁོངས་སུ་ཐོག་མར་ཞུགས་པ་དང་ཆབས་ཅིག བཀའ་དྲུང་དུ་བསྐོས། 1783ལོར། གོང་མ་ཆན་ ལུང་གིས་བཀའ་བློན་དང་ཛ་སག་གི་ཆོ་ལོ་སྤྲད་དེ་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་ཅིང་། དེ་ནས་ལོ་ངོ10ལྷག་གི་རིང་ལ་བཀའ་བློན་གྱི་འགན་གཞེས།

བརྩམས་ཆོས། ཁོང་གི་གསུང་རྩོམ་ལ༼རྒྱལ་བུ་མུ་ཁྱུད་གྲགས་པའི་བསྟན་བཅོས།༽དང་། ༼སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞིའི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ།༽༼བློ་གསལ་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ།༽༼བྱ་སྤྲེལ་གཏམ་རྒྱུད།༽༼དགའ་བཞི་པའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ།༽བཅས་བཞུགས། རྡོ་རིང་བསྟན་འཛིན་དཔལ་འབྱོར་དང་རོལ་ཆ་ཡཱང་ཆིན(洋琴)ཞེས་པའི་སྐོར་ནི། ༼དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ༽ཞེས་བྱ་བའི་རྣམ་ཐར་ནང་གསལ་བ་ལྟར། བཀའ་བློན་བསྟན་འཛིན་དཔལ་འབྱོར་ནི་ཆུང་དུས་ནས་གངས་ཅན་རིག་པའི་གནས་ལ་བརྩོན་པ་ཆེས་ཆེར་གནང་ཞིང་། ཆེད་མངགས་དགེ་རྒན་བསྟེན་ནས་སྒྲ་སྙན་དང་གླིང་བུ་སོགས་རོལ་མོ་དང་། གླུ་གར་སོགས་སློབ་སྦྱོང་དཔྱིས་ཕྱིན་པ་གནངས། གོར་ཥས1788དང1790ལོ་གཉིས་ལ་བསྟུད་མར་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་བྱེད་སྐབས། བཀའ་བློན་བསྟན་འཛིན་དཔལ་འབྱོར་མཐའ་མཚམས་དོན་གཅོད་དུ་ཕེབས་པའི་གོང་མའི་དཔོན་དམག་གི་སྣེ་ཤན་དང་། གོར་བོད་འཆིང་སྒྲིག་བྱེད་པའི་རང་ཕྱོགས་གཙོ་བོའི་སྐུ་ཚབ་ལ་བཀས་མངགས་འདུག འོན་ཀྱང་། ཕྱིས་རང་འགན་གྲུབ་མིན་དང་དེ་བཞིན་མན་ཇུ་གོང་མའི་མཐའ་མཚམས་དོན་གཅོད་དུ་ཆེད་འབྱོར་བློན་པོ་སྤ་དཀྲུང(驻藏大臣巴忠)གིས་ནང་ཁུལ་དུ་གཡོ་དང་བཙན་གནོན་གྱི་བྱ་བ་རབ་རིམ་སྤེལ་ཐོག གོང་མར་མཐའ་མཚམས་གསང་གནད་སྙན་ཞུའི་ནང་། དངོས་མིན་གཡོ་ཞུས་སྣ་ཚོགས་བྱས་རྐྱེན། 1792ལོར། གོང་མ་ཆན་ལུང་གིས་བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་གོར་བོད་དམག་འཁྲུག་དང་འབྲེལ་ཡོད་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་གཙོ་གྲས་པེ་ཅིན་ལ་བཀས་བཀུགས་ནས་ངོ་ཐུག་ཞིབ་དཔྱོད་ནན་པོ་བྱས་མཐར། བཀའ་བློན་བསྟན་འཛིན་དཔལ་འབྱོར་གཙོས་བོད་ཀྱི་དཔོན་རིགས་ཚོས་གོར་བོད་དམག་འཁྲུག་དང་། བལ་ཡུལ་དུ་གོར་ཥའི་བཙོན་རར་སྡོད་རིང་དགྲ་བོར་མགོ་བཏགས་བློ་ལོག་པའི་ཉེས་པ་མེད་ཅིང་གོར་བོད་དམག་འཁྲུག་གི་ཉེས་དོན་རྣམས་བློན་པོ་སྤ་དཀྲུང་རང་ལ་རག་ལས་ཚུལ་གྱི་དོན། མཐའ་གསལ་དཀར་འདོན་གནང་འདུག་ནའང་། དམག་འཁྲུག་དེས་རྒྱ་བོད་བལ་གསུམ་ལ་བརྡབ་གསིག་བྱུང་དུ་བཅུག་པས། ཁོ་པའི་བཀའ་བློན་གྱི་གོ་གནས་ཕབ་ཙམ་གྱིས་ཉེས་པ་འཐུས་པ་བྱ་རྒྱུའི་བཀའ་བྱུང་རྗེས། བསྟན་འཛིན་དཔལ་འབྱོར་བློ་གུ་ཡངས་པོས་པེ་ཅིན་གྲོང་ནང་དུ་ཟླ་ཤས་བཞུགས་རིང་། གྲོང་ཁྱེར་དེའི་གནས་ཁྱད་པར་ཅན་ཁག་ལ་མཆོད་འབུལ་ཕྱག་བསྐོར་དང་། ཞོར་དུ་རོལ་ཆ་ཡང་ཆིན་གཏོང་ལུགས་ཆ་ཚང་བར་བསླབས་པ་དང་། ད་དུང་ཞྭེང(笙)ཞེས་པའི་རོལ་ཆ་སློབ་འགོ་འཛུགས་སྐབས། ཁོང་འབྲུམ་ནད་ཀྱིས་བཟུང་པས། རོལ་ཆ་གང་དེ་སློབ་འཕྲོ་ལུས། 1793ལོར། རྡོ་རིང་བསྟན་འཛིན་དཔལ་འབྱོར་བོད་ལ་ཕྱིར་ལོག་རྗེས། རོལ་ཆ་ཡཱང་ཆིན་བོད་ལ་དར་འགོ་བཙུགས་ལུགས་སོགས་ཁོང་གི་རྣམ་ཐར་ནང་དུ་བཀོད་འདུག དེ་བས། རྡོ་རིང་བསྟན་འཛིན་དཔལ་འབྱོར་ནི། བོད་ལ་རོལ་ཆ་ཡཱང་ཆིན་དར་ཁྱབ་གཏོང་མཁན་ཡིན་པ་མ་ཟད། ད་དུང་ནང་མ་ཁག་གཅིག་གསར་རྩོམ་གནང་བ་དང་། ནང་མ་དེ་ཚོའི་ནང་། ཅིང་ཤིའི་རོལ་གདངས(江西曲调)ཡང་བར་བཅུག་བྱས་ཡོད་པར་གྲགས།


༼བྱ་སྤྲེལ་གཏམ་རྒྱུད།༽ཀྱི་བརྗོད་བྱ་གནད་བསྡུས་ནི། སྔོན་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་བྱ་བ་རྩ་བ་ནགས་དང་། སྐེད་པ་སྤང་། རྩེ་མོ་གངས་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོ་གངས་སེང་གི་ཁྱུས་བདག་བྱས། སྤང་ནི་བྱ་ཚོགས་ཀྱིས་བདག་གིར་བྱས། འདབས་ཀྱི་ནགས་ནི་གཅན་གཟན་དང་སྤྲེའུ་ཡིས་བདག་གིར་བྱས། དེ་རྣམས་ཕན་ཚུན་ལ་འཚེ་བ་མེད་ཅིང་གནས་བདག་སྒེར་དུ་བཟུང་བའི་ཚུལ་གྱིས་གནས་སོ། རེ་ཞིག་གི་དུས་ན། སྤྲེའུ་འགའ་སྤང་རི་ལ་ཕྱིན་ནས་མེ་ཏོག་དང་སེར་ཤ་སྤང་རྒྱན་སོགས་ཤ་མོ་རྩི་ཏོག་ཟོས་པ་བྱ་བྱེའུ་རྣམས་ཀྱི་བློར་མ་བབས་ནས། ལྷ་བྱ་གོང་མོ་མངགས་ཏེ་སྤྲེའུ་རྣམས་སྤང་དུ་ཡོང་མི་རིགས་པའི་བརྡ་བཏང་བ་ན། སྤྲེའུ་ཚོགས་ཀྱིས་ཀྱང་དོན་དེ་ཁས་མ་བླངས་སྟབས། བྱ་སྤྲེལ་བར་དུ་རྩོད་གཞི་ཆེན་པོ་ཞིག་བྱུང་སྟེ། མཐར། གཡུལ་གཤོམ་རྒྱུའི་སྦྱོར་བ་རྩོམ་ལ་ཉེ་བ་ན། རི་བོང་བློ་ལྡན་དང་ཁྱིམ་བྱ་དེ་ཕོ་གཉིས་ཀྱིས་སྤང་རིའི་སུམ་ཆའི་གཅིག་སྤྲེའུ་ལ་བྱིན་ཏེ་བར་འདུམ་མཛད་པ་ལ་བརྟེན་ནས་བྱ་སྤྲེལ་རྣམས་ཀྱིས་སླར་ཡང་འཁོན་མེད་བདེ་སྐྱིད་ཀྱི་སྐལ་བ་ཉམས་སུ་མྱོང་ཐུབ་པ་གྱུར་ཚུལ་བསྟན་ནས་མཇུག་བསྡུས་ཡོད་དོ། གཏམ་རྒྱུད་འདིའི་ནང་དུ། རྩོམ་པ་པོས་བསྡུས་བརྗོད་ཀྱི་རྩོམ་སྟངས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་གོར་ཥའི་བཙན་འཛུལ་སྟོད་ཆའི་སྔ་རྗེས་ཀྱི་གནས་ཚུལ་རྣམས་ཇི་བཞིན་མཚོན་པར་བྱས་ཡོད། དེ་ཡང་ལོ་རྒྱུས་དངོས་ནི། ཐོག་མར་གོར་ཥས་གཉའ་སྐྱིད་རོང་གསུམ་དང་རྫོང་དགའ་སོགས་ལ་བཙན་འཛུལ་བྱས་ཏེ་རྩ་ཆེའི་རྒྱུ་དངོས་མང་པོ་འཕྲོག་བཅོམ་བྱས་པར་བརྟེན། བར་དུ་དོན་འདི་ལ་བོད་མི་རྣམས་འདུག་མ་བཟོད་པར་བོད་དམག་དང་གནམ་བསྐོས་གོང་མ་ཆེན་པོའི་དམག་རྣམས་རྫོང་དགའ་སོགས་ལ་འབྱོར་ཀྱང་། སྐབས་དེར། རེ་ཞིག་གོར་དཔུང་ལ་མཚོན་རྩེ་མ་གཏད་པར། ས་མཚམས་ཀྱི་དོན་དག་ཞི་ཆིངས་ཡོང་ཕྱིར་ཕན་ཚུན་ཕོ་ཉ་གཏོང་བ་སོགས་ཀྱག་ཀྱོག་མང་པོ་བརྒྱུད་དེ། མཐར་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡབ་དཔལ་ལྡན་དོན་གྲུབ་དང་ས་སྐྱ་བདག་ཆེན་གྱི་མགྲོན་གཉེར་གཉིས་ཀྱིས་གོར་ཥར་ཆིངས་མོལ་གྱི་འབྲེལ་བ་བཙུགས་པ་ལྟར། 1789ལོར། བོད་ཀྱི་སྐུ་ཚབ་རྡོ་རིང་བསྟན་འཛིན་དཔལ་འབྱོར་སོགས་དང་གོར་ཥའི་སྐུ་ཚབ་སྦམ་ས་ཧེབ་ལ་སོགས་སྐྱིད་གྲོང་དུ་འབྱོར་ཏེ་གྲོས་མོལ་བྱས་མཐར། བོད་མིས་གོར་ཥར་རྫོང་སྒོ་བླུ་རིན་རྒྱ་དངུལ་རྡོ་ཚད་སུམ་བརྒྱ་སྤྲོད་རྒྱུ་བྱས་ཏེ་ཆིངས་དོན་ཐག་གཅོད་བྱས་སོ། ལོ་རྒྱུས་དོན་དངོས་འདི་དང་བྱ་སྤྲེལ་གཏམ་རྒྱུད་དེ་གཉིས་ཀྱི་ཐོག་མའི་རྒྱུ་རྐྱེན་དང་། བར་གྱི་འཕེལ་རིམ། མཐའི་འབྲས་བུ་སོགས་ནི་ཉ་གས་བཏེགས་པ་ལྟར་ལྕི་ཡང་མེད་ཅིང་འཇལ་བྱེད་བྲེ་ལ་འཇལ་བ་ལྟར་མང་ཉུང་ཡང་མེད་སྟབས། དེ་ནི་སྐབས་དེའི་ལོ་རྒྱུས་དངོས་ལ་གཞི་བྱས་ཏེ་བྲིས་སྐད། སྒྲུང་ཐུང་འདི་ལེའུ་དྲུག་ཏུ་ཕྱེས་ཡོད། བརྗོད་བྱ་དང་རྗོད་བྱེད་གོ་སླ་ཞིང་བསྡེབས་ལེགས་པ་མ་ཟད། འཆད་པ་པོས་བཤད་ཆོག་ཅིང་དབྱངས་སུ་དྲངས་ཏེ་བླངས་ནའང་ཆོག་པས་སྒྲུང་འདི་མང་ཚོགས་ཁྲོད་དུའང་དར་ཁྱབ་ཆེན་པོ་བྱུང་ཡོད།

Tags:

🔥 Trending searches on Wiki བོད་སྐད:

ལྷོ་ཀོ་རི་ཡ།ཐང་གདེབ་ཐེར་སྔོན་པོ་སྟོད་སྐྱེ་དགུའི་བདག་མོ་སྟག་རི་གཉན་གཟིགས།སྲིད་པའི་འཁོར་ལོ།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།གཉའ་ཁྲི་བཙན་པོ།ཞིབ་འཇུག།སྨི་ཉི་ཝ།སྒྱུ་རྩལ།ཁ་ཆེ་ཕ་ལུ།མཁས་འཇུག་སྡོམ་བྱང་རྒྱལ་སྲས་ལག་ལེན།རྣམ་མཁྱེན་ཇོ་མོ་གངས་དཀརལ་དྭགསཨུ་གན་ད།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གནས་ཆེན་པོ་བརྒྱད་རྫོགས་ཆེན་དགོན།གནམ་རྩེ་ལྡེང་ནང་།ལུགརྩ།ཡེ་ཤུའི་ཆོས་ལུགསཀརྨ་ཤ་ཏམ་སངས་རྒྱས་ཀྱི་མཚན་གཤམ་གསལ།ས་སྐྱ་པ།སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།༢༠༢༠ལོ།བཅོམ་ལྡན་འདས།ཕག་གྲུའི་སྲིད་སྐྱོང་དུས་རབས།འཆད་རྩོད་རྩོམ་གསུམ་བཀྲ་ཤིས་བརྒྱད་པརོང་པ་ཤེས་རབ་སེང་གེ།སྤེན་པ།ཨུ་རུ་སུ།སློབ་དཔོན་དབྱུག་པ་ཅན་ཇ།དབྱིན་ཇི་མཉམ་འབྲེལ།ཁྱད་པར་བརྗོད་པའི་རྒྱན་ལྔ་མིའི་རིགས་དཔྱད་པའི་རིག་པ།འཛམ་གླིང་དཔེ་ཀློག་ཉིན་མོ་བྷེ་ལ་རསུ།གནུབས་སངས་རྒྱས་ཡེ་ཤེས་དགེ་འདུན་ཆོས་ཀྱི་ཉི་མ།ཧོར་གྱི་དཔོན་པོའི་གདུང་བརྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ་སྡོད་རྩར་ཁབ་རྒྱག་པ་བསྟོད་པ་ཆུ་འཛིན་དཀར་པོ་མ།མནོལ་བསང་ལྷ་ཆབ་སྔོན་མོ་སྙན་ངག་གི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།ཁུ་ནུའི་ངག་སྒྲོན་གཡག༢༠༣༧ལོ།ཉི་མ།ལྷོ་བྲག་སྲས་མཁར་དགུ་ཐོག།བྱང་ཀོ་རི་ཡ།ཤེར་སྙིང་བདུད་བཟློག་ཆོ་ག་མིགརྭ་སྒྲེང་དགོན།མི་དགེ་བ་བཅུལྷོ་ཡི་འཛམ་བུའི་ཀླུ་རི།ལྔ་སྡེ་བཟང་པོ་རྫ་ཆུ་ཁ་བསམ་གཏན་ས་དྲུག་🡆 More