འཇམ་སྤྲུལ་རིན་པོ་ཆེ།

འཇམ་སྤྲུལ་རིན་པོ་ཆེ།
ཇམ་དབྱངས་ཤེས་རབ་འོད་ཟེར་རིན་པོ་ཆེ།(༡༩༡༠-༡༩༨༧)

འཇམ་དབྱངས་ཤེས་རབ་འོད་ཟེར་རིན་པོ་ཆེ་མཆོག་གི་མཛད་ཕྲིན་ལོ་རྒྱུས་སྙིང་ཁུ་མདོར་བསྡུས་ན་འདི་ལྟར་ཏེ།

རིན་པོ་ཆེས་ཐོག་མར་མདོ་སྔགས་རིག་གཞུང་རྒྱ་མཚོའི་གནས་ལ་ཐོས་བསམ་གྱི་སློབ་གཉེར་མཐར་ཕྱིན་པ་གནང་། བར་དུ་དབེན་པའི་རི་ཁྲོད་འགྲིམས་ཤིང་སྒྲུབ་པའི་རྒྱལ་མཚན་བཙུགས། མཐའ་མ་གཞན་དོན་དུ་བསྟན་པ་དང་དགོན་པ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྐྱངས་ཤིང་མཐར་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་བཟུང་སྟེ་གཙོ་བོར་སྒྲུབ་པ་ཉམས་ལེན་གྱིས་དུས་འདའ་བར་མཛད་དོ། །

རིན་པོ་མཆོག་གི་མཛད་བཟང་ལོ་རྒྱུས་ཅུང་ཟད་རྒྱས་པར་བཀྲལ་ན་འདི་ལྟར་ཏེ། སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཚུལ་དང་སྐུ་ན་ཆུང་ངུའི་དུས་སུ་ཐོས་བསམ་སློབ་གཉེར་གནང་ཚུལ་ནི།

འཇམ་དབྱངས་ཤེས་རབ་འོད་ཟེར་རིན་པོ་ཆེ་མཆོག་ནི། མདོ་སྟོད་ནང་ཆེན་སྟག་གསར་ཚང་གི་མངའ་ཁོངས་གཏམ་གཞུང་འབོལ་དགེའི་ནང་སྨུག་པོ་གླིང་གི་གདུང་གི་རུས་བརྒྱུད་ཡབ་སྟག་གསར་དཀོན་མཆོག་བསྟན་དར་དང་། ཡུམ་དཔོན་བཟའ་དཀར་མཛེས་ལྷ་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ཁྱི་།སྤྱི་ལོ་ ༡༩༡༠ ལོར་ངོ་མཚར་བའི་བལྟས་བཟང་པོ་དང་བཅས་སྐུ་འཁྲུངས། བསྟན་འགྲོའི་དཔལ་མགོན་དམ་པ་གྲུབ་དབང་བཀྲ་ཤིས་ཆོས་འཕེལ་རིན་པོ་ཆེ་མཆོག་ནས་ནང་ཆེན་རྫ་ཉིན་གྱི་དགོན་པ་སྟག་གསར་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་མ་འཇམ་སྤྲུལ་སྐུ་ཕྲེང་གསུམ་པ།(འཇམ་སྤྲུལ་སྐུ་ཕྲེང་དང་པོ་འཇམ་དབྱངས་བསྟན་འཛིན་རྣམ་རྒྱལ། འཇམ་སྤྲུལ་སྐུ་ཕྲེང་གཉིས་པ་མཇམ་དབྱངས་ནོར་བུ་རྒྱལ་མཚན།)ཉིད་དུ་ངོས་འཛིན་མཛད་ཅིང་མཚན་ཡང་འཇམ་དབྱངས་ཤེས་རབ་འོད་ཟེར་ཞེས་གནང་།ཡོངས་འཛིན་བློ་གྲོས་བསྟན་འཛིན་གྱིས་ཐུགས་ཁུར་བཞེས་ཏེ་སྐུ་ན་ཆུང་ངུའི་སྐབས་ནས་འབྲི་ཀློག་སོགས་ལ་མཁས་པར་སྦྱངས།

མདོ་སྔགས་རིག་གཞུང་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་གནང་ཚུལ་ནི།

སྤྱི་ལོ་ ༡༩༢༣ དགུང་ལོ་བཅུ་གསུམ་ཐོག་ནང་ཆེན་ཟུར་མང་རྣམ་རྒྱལ་ལྷ་རྩེའི་ཆོས་གྲྭར་ཕེབས་ནས་བཀའ་གཏེར་གཉིས་ནས་རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པའི་སྐྱེས་ཆེན་མཁས་ཤིང་གྲུབ་པའི་དབང་ཕྱུག་མཁན་ཆེན་པདྨ་རྣམ་རྒྱལ་རིན་པོ་ཆེའི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་རིག་གནས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཐར་ཕྱིན་པར་མཛད། དེ་ནས་རིམ་བཞིན་ཐོས་དོན་སྒྲུབ་ལ་གཞོལ་བ་ནི་སྐྱེས་བུ་དམ་པའི་ངང་ཚུལ་ཡིན་པར་ཐུགས་ལ་དགོངས་ཏེ་དབེན་པའི་ཡོན་ཏན་རྒྱལ་བས་བསྔགས་པ་ལྟར་ལྡན་པའི་རི་ཁྲོད་དང་གངས་ཁྲོད་རྣམས་སུ་བྱོན་ཏེ་ཐོས་དོན་ཉམས་བཞེས་སྒྲུབ་པ་སྙིང་པོར་བརྩོན་ནས་དུས་འདའ་བར་མཛད། སྐབས་འགར་དོན་གཉེར་ཅན་གྱི་སློབ་བུའི་ཚོགས་ལའང་མདོ་སྔགས་ཀྱི་ཆོས་བཀའ་ཅི་རིགས་འཆད་སྤེལ་གནང་། གང་ཉིད་ཀྱི་འདྲེན་མཆོག་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་མཆོག་དགོངས་པ་རྫོགས་པའི་རྗེས་སུ་མདོ་ཁམས་ནང་ཆེན་ནས་བོད་དབུས་ཕྱོགས་སུ་ཞབས་སོར་བདེ་བར་འཁོད་དེ་ངེས་མེད་ཀྱི་རྣལ་འབྱོར་པའི་རྣམ་ཐར་བསྐྱངས་ཏེ་དེའི་ཕྱོགས་ས་ཁུལ་དུ་མར་སྐྱེ་འགྲོ་མང་པོར་དམ་ཆོས་ཀྱི་བདུད་བརྩིས་སྨིན་པར་མཛད་ཅིང་སྨིན་གྲོལ་གྱི་ས་ལ་བཀོད།

བསྟན་འགྲོའི་ཕན་བདེའི་དོན་དུ་དགོངས་སྟེ་བཀའ་གཏེར་གྱི་ཟབ་ཆོས་ཉམས་བཞེས་མཛད་ཚུལ་དང་བཤད་སྒྲུབ་ཀྱི་སྡེ་ཇི་ལྟར་སྐྱོང་ཚུལ་ནི།

གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་རྭ་སྒྲེང་གཏེར་ཆེན་སངས་རྒྱས་དབང་འདུས་དང་དགྱེས་འཛོམས་བྱུང་སྟེ་སྔོན་གྱི་ལས་སྨོན་དང་རྟེན་འབྲེལ་ལེགས་པར་འགྲིགས་ཏེ་རྭ་སྒྲེང་གཏེར་ཆེན་སངས་རྒྱས་དབང་འདུས་ཀྱི་གཏེར་ཆོས་པདྨའི་གསང་ཐིག་གི་ལུང་ཟིན་གྱི་ཆོས་བདག་ཉིད་དུ་གྱུར་ནས་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་ཁྲིག་དང་འབྲེལ་བ། ཆོག་ཁྲིག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་གདམས་ངག་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་གྱི་སྒོ་ནས་སྐལ་ལྡན་དུ་མར་འཆད་སྤེལ་རྒྱ་ཆེར་བསྐྱངས། གཞན་ཡང་༧སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སོགས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་མཁས་དང་གྲུབ་པའི་སྙན་པ་ཡོངས་སུ་གྲགས་པར་གྱུར། སྤྱི་ལོ་ ༡༩༤༣ དབུས་རུ་བྱང་ཕྱོགས་འདམ་རག་ཆེན་ སྦྲིད་ལྷར་འདུ་འཛིས་དབེན་པའི་ས་ཁུལ་དུ་ཕུ་བོ་༧སྐྱབས་རྗེ་ཞིང་སྒྲུབ་རིན་པོ་ཆེ་ངག་དབང་འགྱུར་མེད་བསྟན་འཛིན་ལྷན་ནས་སྒྲུབ་སྡེ་ཀུན་བཟང་མདོ་སྔགས་གླིང་ཕྱག་བཏབ་སྟེ་གཙོ་བོར་སྒྲུབ་པའི་བསྟན་པ་སྤེལ། དེ་བཞིན་རྒྱལ་ཚབ་ར་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་རྒྱལ་མཚན་མཆོག་དང་ཐུགས་འབྲེལ་ཆེན་པོ་བྱུང་བར་བརྟེན་རྒྱལ་ཚབ་མཆོག་གི་བཀའ་དགོངས་ལྟར་རྭ་སྒྲེང་ངར་སྒོམ་ཆེན་གྲྭ་ཚང་ཨོ་རྒྱན་གླིང་ཞེས་སྒྲུབ་སྡེ་ཞིག་གསར་འཛུགས་གནང་སྟེ་སྒྲུབ་པའི་བསྟན་པ་རྒྱ་ཆེར་སྤེལ། འདམ་རག་ཆེན་སྦྲིད་ལྷའི་དབེན་ཁྲོད་གཉན་ཆེན་ཐང་ལྷའི་ཤེལ་ཕུག་ཏུ་སྐུ་མཚམས་ཡུན་རིང་བཞུགས་པའི་རྐྱེན་གྱིས་ཀུན་གྱི་མཚན་ཡང་ཤེལ་དཀར་རིན་པོ་ཆེ་ཞེས་ཡོངས་སུ་གྲགས།

བོད་ནས་བཙན་བྱོལ་དུ་ཕེབས་ཏེ་མཛད་ཕྲིན་སྐྱོང་ཚུལ་ནི།

སྤྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ལ་བཙན་འཛུལ་གྱིས་རྐྱེན་པས་བཙན་བྱོལ་དུ་ཕེབས་དགོས་བྱུང་། བོད་ནས་རྒྱ་གར་དུ་ཕེབས་ནས་རྒྱ་གར་ཨོ་རི་ས་བོད་མིའི་གཞིས་སྒར་གྲོང་སྡེ་གསུམ་པར་བཞུགས་གནང་མཛད། སྐབས་དེར་འདི་གར་བདུད་འདུལ་རབ་བརྟན་གླིང་དགོན་པའི་ཆོས་ཕྱོགས་ཀྱི་འགན་འཛིན་ཡང་གནང་། རང་གཞུང་ཆོས་རིག་ལྷན་ཁང་གི་བཀའ་དགོངས་བཞིན་གཞིས་གྲོང་གསུམ་པའི་མི་མང་རྣམས་ལ་ཆོས་ཕྱོགས་ཀྱིས་སློབ་སྟོན་ཀྱང་མཛད། དེ་བཞིན་དུ་ས་གནས་དེའི་ཁུལ་གྱི་ན་གཞོན་དོན་གཉེར་ཅན་འགའ་ཤས་ལའང་རིག་གནས་སློབ་ཁྲིད་ཀྱང་མཛད། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བཀའ་དགོངས་བཞིན་དྷ་སར་བོད་གཞུང་ཤེས་རིག་ཟློས་གར་ཚོགས་པས་གདན་ཞུས་ལྟར་ཆོས་རྒྱལ་མངའ་བདག་ལྷ་བཙན་པོ་ཁྲི་རལ་གྱི་འཁྲབ་གཞུང་གསེང་འཇུག་གཞས་སྣ་དང་གདངས་དབྱངས་སོགས་ལ་སྔོན་ཡོད་ལ་ཞིབ་འཇུག་དང་གསར་རྩོམ་རིགས་ལ་ལེགས་བཅོས་མཛད་པ་སོགས་བསྟན་འགྲོར་སྨིན་པའི་མཛད་པ་བསྐྱངས།

རིན་པོ་ཆེ་མཆོག་གིས་བརྩམས་གནང་བའི་བསྟན་བཅོས་ཀྱི་སྐོར་ལ། 

རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་བསྟན་བཅོས་ནི། གླིང་རྗེ་གེ་སར་གྱི་རྟོགས་བརྗོད་འཆི་མེད་ལྷ་ཡི་རྔ་སྒྲ་དང་གླིང་དཀར་གྱི་རྟ་རྒྱུགས་ཀྱི་སྐོར་དང་གླིང་བྲོ་བདེ་ཆེན་རོལ་མོའི་ཟུར་རྒྱན། དེ་བཞིན་དུ་པདྨ་གསང་ཐིག་དགོངས་འདུས་ཀྱི་ཆོ་གའི་ཕྱོགས་སྒྲིག་དང་གསོལ་འདེབས་སྨོན་ལམ་སོགས་བརྩམས་གནང་ཡོད། མདོར་ན་བསྟན་འགྲོའི་དོན་དུ་དབང་ལུང་མན་ངག་གི་མཚོན་པའི་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྐལ་ལྡན་གྱི་སྐྱེ་འགྲོ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་ཏེ་མཐར་སྤྱི་ལོ་ ༡༩༨༧ ལོར་ངོ་མཚར་བའི་བལྟས་བཟང་དང་བཅས་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།

ཟུར་མཆན།

1.རྣམ་དག་བདེ་བ་ཅན་གྱི་ཞིང་སྒྲུབ་པདྨ་དྲྭ་བ།རྩོམ་པ་པོ་(Author):ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ།་ 2.ནང་ཆེན་ཟུར་མང་རྣམ་རྒྱལ་ལྷ་རྩེ།3.གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་འཆི་མེད་ལྷ་ཡི་རྔ་སྒྲ། (gling rje ge sar gyal po'i rtogs brjod'chi med lha yi rnga sgra), རྩོམ་པ་པོ་(Author):འཇམ་དབྱངས་ཤེེས་རབ་འོད་ཟེར།་(Jamyang Sherab Woeser Rinpoche ), Library of Tibetan works and archives publication-1984.
4. པདྨའི་གསང་ཐིག་དགོངས་འདུས་ཀྱི་བརྒྱུད་པའི་ཕྱག་ལེན་དཀྱུས་སུ་བཀོད་པ།རྩོམ་པ་པོ་(Author): གཏེར་ཆེན་སངས་རྒྱས་དབང་འདུས། (Great Treasure revealer Sangye Wangdue)

དཔྱད་གཞིའི་དཀར་ཆག:

Tags:

འཇམ་སྤྲུལ་རིན་པོ་ཆེ། འཇམ་དབྱངས་ཤེས་རབ་འོད་ཟེར་རིན་པོ་ཆེ་མཆོག་གི་མཛད་ཕྲིན་ལོ་རྒྱུས་སྙིང་ཁུ་མདོར་བསྡུས་ན་འདི་ལྟར་ཏེ།འཇམ་སྤྲུལ་རིན་པོ་ཆེ། རིན་པོ་མཆོག་གི་མཛད་བཟང་ལོ་རྒྱུས་ཅུང་ཟད་རྒྱས་པར་བཀྲལ་ན་འདི་ལྟར་ཏེ། སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ཚུལ་དང་སྐུ་ན་ཆུང་ངུའི་དུས་སུ་ཐོས་བསམ་སློབ་གཉེར་གནང་ཚུལ་ནི།འཇམ་སྤྲུལ་རིན་པོ་ཆེ། མདོ་སྔགས་རིག་གཞུང་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་གནང་ཚུལ་ནི།འཇམ་སྤྲུལ་རིན་པོ་ཆེ། བསྟན་འགྲོའི་ཕན་བདེའི་དོན་དུ་དགོངས་སྟེ་བཀའ་གཏེར་གྱི་ཟབ་ཆོས་ཉམས་བཞེས་མཛད་ཚུལ་དང་བཤད་སྒྲུབ་ཀྱི་སྡེ་ཇི་ལྟར་སྐྱོང་ཚུལ་ནི།འཇམ་སྤྲུལ་རིན་པོ་ཆེ། བོད་ནས་བཙན་བྱོལ་དུ་ཕེབས་ཏེ་མཛད་ཕྲིན་སྐྱོང་ཚུལ་ནི།འཇམ་སྤྲུལ་རིན་པོ་ཆེ། རིན་པོ་ཆེ་མཆོག་གིས་བརྩམས་གནང་བའི་བསྟན་བཅོས་ཀྱི་སྐོར་ལ། འཇམ་སྤྲུལ་རིན་པོ་ཆེ། ཟུར་མཆན།འཇམ་སྤྲུལ་རིན་པོ་ཆེ།

🔥 Trending searches on Wiki བོད་སྐད:

པུ་རུ་ཟི་ལི་ཡ།ཟངས་ཆས་སྤྱོད་པའི་དུས་རབས།རྡོ་རྗེ་གཅོད་པ་ལོ་རྟགས་ཀྱི་བདུན་ཟུར་ཊ་བི་རི་ཛ།ཏཱལ་་ལིན།རྟེན་འབྲེལ་ཡན་ལག་བཅུ་གཉིས།ཁྲི་ལྡེ་གཙུག་བརྟན།ས་སྐྱའི་ལེགས་བཤད་རྩ་འགྲེལ་འཇར་མན།ལུད་ཝིག་ཝིཏ་གེན་སི་ཏེ་ཡིན།༥༡ (གྲངས་ཀ།)ཡེ་ཤེས་སྐུ་མཆོག་རྣམ་བཤད་ཀུན་རྫོབ་བདེན་པ་ཨེ་ཤེ་ཡ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།ཕུ་ན་ཕུ་ཊི།༡༧༠༥ལོ།གཞུང་མེད་ལམ་སྲོལ།དབྱིན་ཡིགགེ་སར་རྒྱལ་པོ།ཨའི་ནུ་སྐད།ཏན་ནེ་སི་སྤོ་ལོ།སྟག་རྩེ་རྫོང་།ཇ་མའི་ཀཧྥ་ར་ཨན་ཇེ་ལི་ཁོ།ཚོར་བ་ལྔ་བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ཧྥ་རན་སིའི་དཀར་ཆག་མཆིམས་ཕུ་མ།ཁ་སི་ཐྲིས།སུམ་ཅུ་པའི་རྩ་ཚིག་གླང་ཆེན།ཨི་སི་ར་ཨེལ།སྡོམ་གསུམ་རྣམ་ངེས་སྨི།རྩ་བ།སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།ཝི་ཏི་ནམ།བུར་ཤིང་།མ་ལ་སུང་རྒྱུགས་འགྲན།ཁ་ལགནུ་མ།ཀི་རྒི་ཟ་སྟན།རང་བཞིན་བརྗོད་པའི་རྒྱན་བཞི་གདུགས་དཀར་མཆོག་གྲུབ་མ་གདོང་ཤོགཧང་ངེ་རྫོང་།ཀོ་ཀིའི་གླུ་དབྱངས། (Google)གློག་བརྙན།ལི་སྨིད།རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་བལ་ཡུལ།མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་གསང་སྔགས་རྙིང་མ་སྲོག་ཆགས་ཡུན་སེངཞང་ཀངཚོ་ཁག་གི་ཆགས་སྤྱོད།སྙན་ངགམར་ག་རེ་ཐ་ཁྲ་ཆེའར།ཁྱད་པར་དུ་འཕགས་པའི་བསྟོད་པ་རི་མོ།ཧྥིན་ལན།བོད་ཀྱི་སྣོད་བཅུད་ཆགས་ཚུལ།🡆 More