དྲུག་གཅིག་བྱིས་པའི་དུས་ཆེན་

ཡོངས་ཁུངས། རྒྱལ་སྤྱིའི་བྱིས་པའི་དུས་ཆེན་བཙུགས་པ་ནི། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དམར་གསོད་ཆེན་མོ་ལི་ཏི་ཚེ་དམར་གསོད་དོན་རྐྱེན་དང་འབྲེལ་བ་ཡོད་ལ། སྤྱི་ལོ༡༩༤༢ལོའི་ཟླ༦པའི་ཚེས༡༠ཉིན། འཇར་མན་ཧྥ་ཤི་སིས་ཅེ་ཁེ་ལི་ཏི་ཚེ་སྡེ་བར་ལོ་བཅུ་དྲུག་ཡན་གྱི་སྐྱེས་པ༡༤༠དང་བྱིས་པ་ཡོངས་མེ་མདའི་དམར་གསོད་བྱས་པར་མ་ཟད། བུད་མེད་དང་བྱིས་པ༩༠ལྷག་གཅིག་བསྡུས་སུ་བཀག་འགོག་བྱས་ལ། སྡེ་བའི་ཁང་བ་ཡོད་ཚད་མེ་རུ་བསྲེགས། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས། འཛམ་གླིང་གི་ཡུལ་གྲུ་སོ་སོའི་དཔལ་འབྱོར་ཉམས་རྒུད་དུ་སོང་སྟེ། བཟོ་བ་ཁྲི་ཕྲག་མང་པོ་ལས་ཤོར་བྱུང་ཞིང་། ལྟོགས་སྐོམ་གྱི་སྡུག་བསྔལ་ཚད་མེད་མྱངས་པ་དང་། བྱིས་པའི་གནས་བབ་དེ་ལས་ཀྱང་སྡུག་ཏུ་ཕྱིན་ཏེ། འགོས་ནད་ལས་འཆི་བ་དང་། བྱིས་པས་ལས་གླ་རྒྱག་པ་སོགས་ཀྱི་རྣམ་པས་དཀའ་སྡུག་ཚད་མེད་མྱངས་སྟེ་འཚོ་བ་དང་ཚེ་སྲོག་ལ་ཁག་ཐེག་ཐོབ་མི་ཐུབ་པར་གྱུར། དེའི་རྐྱེན་ལི་ཏི་ཚེ་དམར་གསོད་དོན་རྐྱེན་དང་འཛམ་གླིང་ཡོངས་ཀྱི་དམག་འཁྲུག་ཁྲོད་འཆི་ཟིན་པའི་བྱིས་པ་དག་ལ་རྗེས་དྲན་བྱེད་པ་དང་། བྱིས་པར་མནར་གཅོད་གཏོང་བ་དང་གནོད་སྐྱོན་གཏོང་བར་ངོ་རྒོལ་དང་། བྱིས་པའི་ཁེ་དབང་ལ་ཁག་ཐེག་བྱེད་ཆེད། སྤྱི་ལོ༡༩༤༩ལོའི་ཟླ༡༡པར། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སི་ཁུ་རུ་ལས་འཛིན་ལྷན་ཚོགས་བསྡུས་སྟེ། རྒྱལ་ཁབ་སོ་སོའི་འཐུས་མི་དག་གི་ཁོང་ཁྲོ་ཆེན་པོས་སྒོ་ནས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་ཁབ་སོ་སོའི་ལོག་སྤྱོད་ཕྱོགས་གི་དམར་གསོད། བྱིས་པར་གནོད་སྐྱོན་གཏོང་བའི་ཉེས་པ་ཐར་འདོན་བྱས་མཐར། ཚོགས་འདུ་ལས་ལོ་རེའི་ཟླ༦པའི་ཚེས༡ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འཁེལ་བྱས། དེ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བྱིས་པའི་འཚོ་གནས་དང་བདེ་ཐང་། སློབ་གསོ་མྱངས་པ། གསོ་སྐྱོང་གི་དབང་ཆར་ཁག་ཐེག་དང་། བྱིས་པའི་འཚོ་བ་བཅོས་སྒྱུར་དང་མནར་གཅོད། གནོད་སྐྱོན་གཏོང་བ་བཅས་འགོག་པའི་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན། ད་ལྟ་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ཟླ༦པའི་ཚེས༡ཉིན་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས་ཡོད་ལ། སྐབས་དེར་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཙོ་བྱས་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོས་མོས་མཐུན་གྱི་རྣམ་འགྱུར་བསྟན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས༡༩༤༩ལོའི་ཟླ༡༢པའི་ཚེས༢༣ཉིན་གཏན་འཁེལ་བྱས་ཏེ། ཀྲུང་གོའི་བྱིས་པའི་དུས་ཆེན་ཏེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་གཅིག་གྱུར་བྱས་པ་རེད།

རྒྱལ་ཁབ་སོ་སོའི་གོམས་སྲོལ།

ཉི་ཧོང་། ཉི་ཧོང་ནི་འཛམ་གླིང་སྟེང་བྱིས་པའི་དུས་ཆེན་རོལ་ཐེངས་མང་བའི་རྒྱལ་ཁབ་ཡིན་ལ། ལོ་གཅིག་གི་ནང་དུ་བྱིས་པའི་དུས་ཆེན་ཐེངས་གསུམ་ལ་རོལ་བ་ཡིན། དུས་ཆེན་རོལ་སྟངས་ཐད་ནས་ཉི་ཧོང་རྒྱལ་ཁབ་ཀྱི་གོམས་སྲོལ་ཧ་ཅང་ཟབ་མོ་ལྡན་པ་ཡིན། ཟླ༣པའི་ཚེས༣ནི་བུ་མོའི་དུས་ཆེན་དང་ཟླ༥བའི་ཚེས༥ཉིན་བུའི་དུས་ཆེན་ཡིན། ཟླ༡༡པའི་ཚེས༡༥ཉིན་ལ་གསུམ་ལྡ་བདུན་གྱི་བྱིས་པའི་དུས་ཆེན་ཟེར་ལ། འདི་ནི་ཉི་ཧོང་གི་གོམས་སྲོལ་ནང་དུ་བྱིས་པ་ལོ་གསུམ་དང་ལོ་ལྔ། ལོ་བདུན་ཅན་གྱི་བྱིས་པ་དག་ལ་ཆེད་དུ་རོལ་བའི་དུས་ཆེན་ཞིག་ཡིན། ལྷོ་ཁོ་རེ་ཡ། ལྷོ་ཁོ་རེ་ཡའི་བྱིས་པའི་དུས་ཆེན༡༩༢༣ལོའི་བུའི་དུས་ཆེན་ལས་འཕེལ་འགྱུར་བྱུང་བ་ཡིན་ལ། ཟླ༥བའི་ཚེས༥ཉིན་ནི་རྒྱལ་ཡོངས་ཐུན་མོང་གི་དུས་ཆེན་དུས་ཆེན་ཡང་ཡིན། ཁོ་ལོམ་པི་ཡ། ཁི་ལོན་པི་ཡ་རྒྱལ་ཁབ་ནས་ལོ་རེའི་ཟླ༧པའི་ཚེས༤ཉིན་བྱིས་པའི་དུས་ཆེན་གཏན་འཁེལ་བྱས་ཡོད། པ་ཞི། པ་ཞི་རྒྱལ་ཁབ་ནས་ཟླ༨པའི་ཚེས༡༥ཉིན་བྱིས་པའི་དུས་ཆེན་དང་རྒྱལ་ཡོངས་ནད་འགོད་ཉིན་མོ་ཡང་ཡིན་པས། ཉིན་འདིར་རྒྱལ་ཡོངས་ཀྱི་བྱིས་པ་ཚོར་ལུས་ཕུང་བརྟག་དཔྱད་དང་ལོ་ལྔའི་མན་གྱི་བྱིས་པར་འགོག་ཁབ་བརྒྱག་པ་སོགས་བྱས་ཏེ། བྱིས་པའི་བདེ་ཐང་ལ་ཧ་ཅང་དོ་སྣང་བྱེད་པ་མཚོན། སུའེ་ཏེན། སུའེ་ཏེན་རྒྱལ་ཁབ་ལ་མཚོན་ནའང་ཟླ༨པའི་ཚེས༧ཉིན་བུའི་དུས་ཆེན་དང་ཟླ༡༢བའི་ཚེས༡༣ཉིན་བུ་མོའི་དུས་ཆེན་དུ་གཏན་འཁེལ་བྱས་ཡོད། ཨུ་རུ་སུ། ཨུ་རུ་སིའི་བྱིས་པའི་དུས་ཆེན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་དུས་མཚུངས་ཡིན་ཏེ། རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་མ་གཞི་ནས་ཨུ་རུ་སི་ལ་འབྲེལ་བ་ཡོད་པ་ཡིན། སི་ཕེན། སི་ཕེན་རྒྱལ་ཁབ་ལ་མཚོན་ན་ཟླ༡པོའི་ཚེས༥ཉིན་གཏན་འཁེལ་བྱས་ཡོད་དེ། ཡང་ཆོས་ལུགས་ཀྱི་དུས་ཆེན་ཞིག་ཀྱང་ཡིན། དབྱིན་ཇི། དབྱིན་ཇི་སྲིད་གཞུང་གིས་ལོ་རེའི་ཟླ༧པའི་ཚེས༡༤ཉིན་དབྱིན་ཇི་བྱིས་པའི་དུས་ཆེན་དུ་བདམས་ཡོད། འཇར་མན། འཇམ་འཐབ་སྐབས་སུ། འཇར་མན་ཤར་ནུབ་གཉིས་ཀྱི་དུས་ཆེན་མི་གཅིག་པར། འཇར་མན་ཤར་མས་ཟླ༦པའི་ཚེས༡ཉིན་གཏན་འཁེལ་དང་མིང་ལ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན(internationaler Kindertag)ཟེར་བ་དང་། འཇར་མན་ནུབ་མས་ཟླ༩བའི་ཚེས༢༠ཉིན་གཏན་འཁེལ་དང་མིང་ལ་འཛམ་གླིང་བྱིས་པའི་དུས་ཆེན(Weltkindertag)ཟེར།།སྤྱི་ལོ༡༩༩༠ལོར་འཇར་མན་གཅིག་གྱུར་བྱས་རྗེས། འཇར་མན་ནུབ་ནས་བྱིས་པའི་དུས་ཆེན་དང་མིང་རྒྱལ་ཡོངས་གཞུང་ཕྱོགས་གཅིག་གྱུར་ཏུ་གཏན་འཁེལ་བྱས་མོད། འཇར་མན་ཤར་མས་ས་ཁུལ་མང་ཆེ་བར་སྔོན་གྱི་སྲོལ་རྒྱུན་སྒྱུར་དཀའ་བར་ཡོད། སིང་ཀ་ཕོར། སིང་ག་ཕོར་གྱི་དུས་ཆེན་ཁྲིམས་སྲོལ་གྱི་དོན་ཚན་དང་པོར། ཟླ༡༠བའི་ཚེས༡ཉིན་གྱི་བྱིས་པའི་དུས་ཆེན་ལ་བྱིས་པ་ཡོངས་སུ་གནང་བ་སྟེར་དགོས་པར་མ་ཟད། མི་དར་མ་ཚང་ལའང་དེ་བཞིན་ཡིན་ཞེས་གཏན་འཁེལ་བྱས་ཡོད། དབྱི་སི་ལན་རྒྱལ་ཁབ། དབྱི་སི་ལན་རྒྱལ་ཁབ་མང་ཆེ་བར་དབྱི་སི་ལན་རྩིས་ཀྱི་ཟླ་དགུ་བའི་སྨྱུང་གནས་རྗེས་ཀྱི་ཉིན་བཅུ་བཞི་བ་ནི་བྱིས་པའི་དུས་ཆེན་ཡིན། ཧྥེ་གླིང་རྒྱལ་ཁབ། ཧྥེ་གླིང་གི་ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བར་རང་གི་བྱིས་པའི་དུས་ཆེན་ཡོད་ལ། རྒྱུན་ལྡན་དུ་ཟླ་གཅིག་གི་རིང་དུ་རྒྱུན་སྲིང་པ་ཡིན། གཞན་ཀྲུང་གོ་ནི་ཟླ༦པའི་ཚེས༡དང་ཀྲུང་གོའི་ཤང་ཀང་དང་ཐེ་ཝན་ནི་ཟླ༤བའི་ཚེས༤ཉིན། ཧིན་རྡུ་ཉི་ཞི་ཡ་ནི་ཟླ༧པའི་ཚེས༢༣ཉིན། ཐེ་ལན་ནི་ལོ་རེའི་ཟླ་དང་པོའི་གཟའ་འཁོར་གཉིས་པ་ཡིན།

Tags:

🔥 Trending searches on Wiki བོད་སྐད:

གཉའ་ལམ་རྫོང་།གླང་ཆེན།ཟླ་༩ཚེས་༡༩ཉིན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་དགེ་ལེགས་དཔལ་བཟང་་གཟའ་སྐར་རིག་པ།གོང་ས་མཆོགརུ་ཐར་ཧྦོར་ཌིམ།ཤར་ཕྱོགས་པ་འུ་དུམ་བཙན་པོ།མི་ཁོམ་པའི་གནས་བརྒྱད།ཚེ་མདོའཚོ་བ།ཚེ་སྨོན་གླིང་ཏོ་རི་ལུང་བཙན​།བྱང་སྣེའི་ཝ་མོ།དགེ་འདུན་ཆོས་ཀྱི་ཉི་མ།ལྷ་ས།༢༠༠༨ལོ།སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདསྤྲུལ་པ་ལྡེ་རྒྱལ་པོ།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ལུང་ཤར་རྡོ་རྗེ་ཚེ་རྒྱལ།སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་མངོན་བརྗོད་སྐར་མ་སྨིན་དྲུགགཙོ་ངོས།ཨ་མྱེ་རྨ་ཆེན།འབུར་མདའ།ཨ་ཤོམ།མི་ཅི་གྷན།དམིགས་བརྩེ་མ།རྫ་ཆུ་ཁ་ལྷོ་ཀོ་རི་ཡ།ཞབས་དཀར་ཚོགས་དྲུག་རང་གྲོལ་C+ཟླ་༤ཚེས་༢༤ཉིན་བརྒྱན་དྲུག་མཆོག་གཉིས་སྟོད་པ།རྣམ་བདུན་གྱི་དཔྱད་པ་སྨན།དབང་སྒྲོན་མཚོ།དབྱིན་ཇི་མཉམ་འབྲེལ།འབྲུག་ཡུལ།བོད་གནའ་རབས་ཡིག་གཟུགས་ལས་ཐ་གུའི་ཡི་གེ་རྒྱལ་བ་དགེ་འདུན་རྒྱ་མཚོ།མྱང་ཏིང་ངེ་འཛིན།ས་སྐྱ་པ།མཁན་ཆེན་ཞི་བ་འཚོ་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།རྩི་ཤིང་རིག་པ།ལྡེ་སྣོལ་པོ།སྣང་སྲིད་རིག་པ།ཁམས་དཀར་གཏོང་བ་བོད་པའི་དགོན་སྡེའི་ཐོ།སྲིད་པ་འཁོར་ལོ་གཤིན་རྗེ།འཕགས་ལམ་ཡན་ལག་བརྒྱད།མནོལ་བསང་ལྷ་ཆབ་སྔོན་མོ་ས་སྡེ་ལྔ།གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།བྱང་ཀོ་རི་ཡ།འཕྲེད་ཐིག༢༠༠༩རབ་བྱུང་བརྩི་ཚུལ་སྣང་ས་འོད་འབུམ་ཡབ་རྒྱལ་པོ་ཟས་གཙང་མ་དང་ཡུམ་སྒྱུ་འཕྲུལ་ཆེན་མོ་དམྱལ་ཁམས་བཅོ་བརྒྱད།དམག་དོན།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།🡆 More