ཁྲོ་བོ་རགྴ་སྤྱི་འདུལ་གྱི་སྔགས་སྒྲུབ་རྒྱུན་ཁྱེར་ཉུང་འདུས

བསྐྱེད་པ་ནི། སྐད་ཅིག་རང་རིག་ཆུ་ལས་ཉ་ལྡིང་ཚུལ། །བསྭོ་རཾ་དམར་ནག་སྤྲོ་བསྡུ་ཡོངས་གྱུར་བ། །བདག་ཉིད་ཆེ་མཆོག་སྤྱི་འདུལ་དམར་ནག་འབར། །དབུ་འབུམ་ཁྲོ་ཞལ་གདངས་ཤིང་མཆེ་བ་གཙིགས། །ལྗགས་འདྲིལ་ཤངས་གཉེར་སྤྱན་ལྡོག་སྐྲ་སྨིན་སྨར། །དམར་སེར་བཟོད་དཀའ་དུས་མཐའི་མེ་ལྟར་འབར། །སྤྱི་གཙུག་རྟ་ཁྱུང་དབུ་བརྙན་རྔམ་སྐད་སྒྲོག །གཡས་འབུམ་མཚོན་ཆས་དགྲ་བགེགས་རྩད་ནས་གཅོད། །གཡོན་འབུམ་རི་རབ་སྲིད་གསུམ་རྡུལ་དུ་བརླགས། །ཞབས་འབུམ་བདུད་སྲིན་དྲེགས་པ་སྡེ་བརྒྱད་གཟིར། །དུར་ཁྲོད་ཆས་བརྒྱད་དཔའ་རྟགས་བརྒྱད་ཅུས་བརྒྱད། །རཾ་ལས་ཡུམ་ཆེན་མུ་ལེ་དབུ་སྟོང་མ། །གཡས་སྟོང་མཚོན་ཆ་གཡོན་སྟོན་མཆོད་པ་སྟབས། །ཞབས་སྟོང་བདེ་སྟོང་རོལ་བའི་ཡབ་ལ་འཁྲིལ། །ལུས་གནས་ཁྲོ་ཚོགས་དབལ་མོ་སྡེ་དཔོན་དང་། །དྲེགས་ཚོགས་ཕོ་ཉ་ལས་མཁན་སྤྲུལ་བའི་ཚོགས། །སྐར་ཆེན་ལྷག་ལྟར་གསལ་བའི་ཐུགས་ཀ་རུ། །བསྭོ་རཾ་འོད་འཕྲོས་འོག་མིན་བོན་དབྱིངས་ནས། །ཡེ་ཤེས་སེམས་དཔའ་སྐད་ཅིག་སྤྱན་དྲངས་བསྟིམས། །ཞེས་བསྐྱེད་པའོ། །དེ་ནས་སྤྱན་འདྲེན་ཕྱག་བཤགས་མཆོད་པ་བཅས་ནི། བསྭོ་ཆེ་མཆོག་སྤྱི་འདུལ་དབྱིངས་ནས་སྤྱན་འདྲེན་གཤེགས། །དགྱེས་པར་བརྟན་བཞུགས་གུས་པས་ཕྱག་འཚལ་ལོ༑ ༑བག་མེད་སྡིག་བསགས་འགལ་འཁྲུལ་ཆགས་ཉམས་བཤགས། །ཕྱི་ནང་གསང་བ་ཡང་གསང་མཆོད་སྤྲིན་འབུལ། །ཨ་ༀཱ་ཧཾཱུ་ཟུར་ནམ་དེ་ཤོ་མང་ས་རཀྟ་ཀིང་ནི་གཡུ་འབྲང་བདུད་རྩི་ཧ་ར་ཁ་རཾ་ཁ་ཧི། ཞེས་འབུལ་ལོ། །དེ་ནས་སྐུ་བསྟོད་ནི། བསྭོ་བོན་ཉིད་དབྱིངས་ནས་ལོངས་སྤྱོད་རྫོགས་སྐུ་ཤར། །ཆེ་མཆོག་རགྴ་སྤྱི་འདུལ་སྤྲུ་བའི་སྐུ། །སྐུ་གསུམ་བདག་ཉིད་ཀློང་དགུ་ཞི་ཁྲོའི་གཙོ། །ཐུགས་རྗེ་ཆེར་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད། དེ་ནས་འཕྲོ་འདུ་འཛབ་བསྐྱེད་ནི། བདག་ཉིད་ཐུགས་ཀར་ཉི་ཟླ་པད་མའི་གདན། །བསྭོ་རཾ་རཾ་སྔགས་འཕྲེང་འོད་ཟེར་ནི། །གཡས་འཁོར་འོད་འཕྲོས་སྟོང་གསུམ་འཇིག་རྟེན་གྱི། །རྒྱལ་བའི་ཚོགས་མཆོད་བྱིན་བསྡུས་འགྲོ་རྒྱུད་སྦྱངས། །སྣོད་བཅུད་གཞལ་ཡས་ལྷ་སྐུའི་འཛབ་དབྱངས་སྒྲོག །དྲེགས་ཚོགས་ཚར་བཅད་ནུས་མཐུ་བྱིན་འཕྲོག་ནས། །བདག་བསྟིམས་ཆེ་བཙན་ཟླ་བྲལ་འོད་སྐུར་གྱུར། །སྐུ་གསུང་ཐུགས་ཀྱི་སྙིང་པོ་མང་དུ་བཟློས། བསྭོ་རཾ་རཾ།ཨ་རཾ་རཾ༑ རགྴ་བསཱོ་ཧ་ཧ་རཾ་རཾ། ནཾ་ཁྲི་ཡཾ་ཡཾ་རཾ་རཾ་སད་སད་ཧ་ཧ་ཐིས། བསཱོ་རཾ་ཐུན་རཾ་ཐུན། མ་ཙ་དུ་ཨ་ཡ་ཤ་ལ་ན། རཾ་རཾ་ཛ་ཛ་རྦད་རྦད་ཐུན་ཐུན། རགྴ་ཐུན་རུ་ཏྲ་ཐུན་ར་ཙ་ཏྲི་དུ་ནན། རཾ་ར་ཙ་མ་དུ་སྙིང་ལ་རགྴ་ཐུན་རཾ་རཾ་སོད་སོད། ཨ་ཡ་མ་ར་ཙ་ཏྲི་ཕུ་རུ་ཛཿ འཛབ་བསྟོད་ནི། བསྭོ་ཆེ་མཆོག་རགྴ་སྤྱི་འདུལ་ལྷ་ཚོགས་ལ། །སྙིང་པོ་འཛབ་དབྱངས་འཕྲོ་འདུའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་བདག་གཞན་སྐྱོན་སྒྲིབ་སྦྱོངས། །སྒྲུབ་གཤེན་རྒྱུད་ལ་མཐུ་ནུས་དབང་བྱིན་ཕོབས། །བར་ཆོད་སྐྱོན་སོལ་མཆོག་ཐུན་དོངས་གྲུབ་སྩོལ། །འཕྲིན་ལས་ལྷུན་འགྲུབ་ཁྱེད་ཞལ་མྱུར་མཐོང་ཤོག །དེ་ནས་ཁྲོ་བོའི་ཚོགས་ཀྱི་ཐུགས་དམ་གནད་ནས་བསྐུལ་ཏེ། གནོད་བེྱད་བསྒྲལ་ཞིང་དབྱིངས་སུ་བསྟིམས། བསྭོ་བསྐལ་བའི་མེ་རི་དགུ་འབུམ་ཀློང་དཀྱིལ་ནས། །ཆེ་མཆོག་སྟོབས་ལྡན་རགྴ་སྤྱི་འདུལ་བསྐུལ། །བདག་ནི་བླ་མེད་གཡུང་དྲུང་བོན་སྒྲུབ་ཀྱི། །བྱང་ཆུབ་ལམ་ལ་བར་ཆོད་དགྲ་བགེགས་རྣམས། །ཁྲོ་རྒྱལ་འཁོར་བཅས་དྲག་རྩལ་སྟོབས་བསྐྱེད་ལ། །རང་དབང་མེད་པར་བཀུག་ཅིང་བསྒྲལ་ནས་ཀྱང་། །ཨེ་ཀློང་གྲུ་གསུམ་འབར་བའི་ཞལ་དུ་དྲོངས། །མགུལ་དབྱིངས་ལོངས་སྤྱོད་འཁོར་ལོ་ཚིམས་གྱུར་ནས། །ཐུགས་རྒྱུད་བདེ་བའི་ཀློང་དུ་སྐྱེ་མེད་བསྟིམས། །སྒྲུབ་གཤེན་འདོད་པའི་ལས་ཚོགས་མ་ལུས་པ། ད་ལྟར་མྱུར་དུ་སྒྲུབས་ཤིག་ས་མ་ཡ། །ཞེས་ཁྲོ་རྒྱལ་སྤྱི་འདུལ་ཀྱི་སྔགས་སྒྲུབ་ཉེར་མཁོ་ཉུང་འདུས་རྒྱུན་ཁྱེར་བདེ་བ་འདི་ནི། སྤྱི་རྟིང་བོན་མང་གི་རྫོགས་ཆེན་ཁྲིད་ཀྱི་སྐབས་སུ་སློབ་བུ་མང་པོས་བསྐུལ་ངོར། བདག་བོན་པོ་མུ་ལ་པྲཛྙས་སྦྱར་བའོ། ལེགས་སྦྱར་བྱིན་རླབས་ལྷ་མཆོག་ཞལ་མཐོང་ཤོག བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།      རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་ཕམ་རྒྱལ་རྩོད་དུས་གསུངས་པ་ནི། ཞི་བར་གྱུར་ཅིག་བདུད་ཀྱི་སྡེ། །སྟོང་པར་གྱུར་ཅིག་ངན་སོང་གསུམ། །དར་ཞིང་རྒྱས་གྱུར་གཡུང་དྲུང་བོན། །དེ་བཞིན་ཡོངས་ཁྱབ་སེམས་ཅན་རྣམས། །བྱང་བར་གྱུར་ཅིག་སྡིག་དང་སྒྲིབ། །འཕེལ་བར་གྱུར་ཅིག་དགེ་བའི་ཚོགས། །བཀྲ་ཤིས་ཐོབ་ཅིག་ཡོན་གྱི་བདག །ཐོས་པར་གྱུར་ཅིག་སྟོན་པའི་བཀའ། །བཙན་པར་གྱུར་ཅིག་སྨོན་ལམ་མཐའ། །ཕྱོགས་བཅུའི་དུས་གསུམ་བདེ་བར་གཤེགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གཉིས་མེད་ངང་ལ་མཉམ་གྱུར་ཅིག །སྟོན་པའི་ཐུགས་རྗེ་ཆེ་བར་ཤོག ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སེམས་ཅན་བདེ་སྐྱིད་འཛོམས་པར་ཤོག །མུ་དགེ་སྡིག་ཚོགས་ནུབ་པར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །འཁོར་བ་སེམས་ཅན་ཐམས་ཅད་ཀྱང༌། །སྡུག་བསྔལ་མྱ་ངན་རྒྱུན་ཆད་ནས། །བཀྲ་ཤིས་དམ་པ་ཐོབ་པར་ཤོག ། ཅེས་མདོ་གཟེར་མིག་ལས་བྱུང་བའོ། །བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་ཕུལ་བ་དང༌། །བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། ྋ །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། །ཆགས་མེད་ཀྱི་རང་གྲོལ་ལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆགས་པར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་གྱི་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང༌། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། །སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང༌། །བརྩེ་བའི་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག ྋ །སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང༌། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་ནམ་རྟག་ཏུ་བཀྲ་ཤིས་ཤོག ། ཅེས་བདབ་བོ། །གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །། 

Tags:

🔥 Trending searches on Wiki བོད་སྐད:

རིན་ཆེན་དོན་གྲུབ།ཆོས་འཁོར་གྱི་སྐོར།ཏིལླི་པའི་རྣམ་ཐར་ཚོགས་བདགས་ཡི་སྙིང་པོ།ཕའེ།ཨ་སི་ཐ་ན་པོ་དོལ་སིགཀརྨ་བཀའ་བརྒྱུད་པའི་སྐུ་ཕྲེང་རིམ་པར་བྱོན་པ་བཅུ་བཞི་རོམ་ཐང་གནས་ཁྲ་མོ།ལྦེ་ཁེ་རིག་མཛོདགཡུ་སོང་ཁ་ལ་ཞིང་ཆེན།རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།ཞེ་ཁུ་སི་པེར།སུའུ་ཧྲི།ཆུ་རྟ།ཁོ་ཧྥེ།ལྟུང་བཤགས་ཀརྨ་པ་དུས་གསུམ་མཁྱེན་པ་པུ་རུ་ཟིལ་གྱི་སྒྱུ་རྩལ།གཤིན་རྒྱལ།རྒྱལ་པོ་གཟུགས་ཅན་སྙིང་པོའི་འབུལ་བ་དབྱངས་ཅན་མ།ཆུ་སྲིན།འཇམ་དཔལ་མཚན་བརྗོད་ཨཱལ་ཇི་ཡར་སི།རྩམ་པ།མཚོ་ཆེན་རྫོང་།དེ་སྒྲ་སྒྲོལ་མའི་ལོ་རྒྱུས་ཨ་པོ་ལོ་སི།ཟླ་བ།པ་སང་ས།སློབ་དཔོན་དབྱུག་པ་ཅན་བོད་ཡིགབར་དོའི་ངོ་སྤྲོད་བསྡུས་པ་ཁམསསྡེ་སྲིད་སངས་རྒྱས་རྒྱ་མཚོ།མེས་དབོན་རྣམ་གསུམ།སངས་རྒྱས་ཀྱི་མཚན་གཤམ་གསལ།རྒྱལ་ཁབ་དག་གི་མིང་།སི་ཀ་པི་ནོ།སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།གཅན་ཚ།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུཀ་རཡི་ནི།བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཉན་ཐོས་ལུགས་ཀྱི་དཔྱད་ཞིབ་ནང་ཆེན་རྒྱལ་རབསགཙུག་གཏོར་རྣམ་རྒྱལ་མ།སེན་ཊི་ཀི་ཊི་སི་དང་ནེ་བི་སི།ཀྲོང་སྐད།མ་རབས་སྤུན་གཉིས་དང་ཡ་རབས་སྤུན་གཉིས།བོོད་ཀྱི་དམངས་གླུ་༨༥ (གྲངས་ཀ།)འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྟོད་ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་ཏོག་དབྱིབས་ཡོངས་ཁྱབ་རིམས་ནད།དམྱལ་ཁམས་བཅོ་བརྒྱད།ཡེ་ཤུའི་འཁྲུངས་སྐར།གཟའ་སྤེན་པ།བོད་ཀྱི་རྒྱལ་རབས་རྣམ་དབྱེ་བརྒྱད་ཁ་བཏགས།🡆 More