ཁམས་རི་བོ་ཆེ་

སྟག་ལུང་སངས་རྒྱས་དབོན་གྲགས་པ་དཔལ་གྱིས་དགུང་ལོ་ཉི་ཤུ་རྩ་བདུན་པ་རབ་བྱུང་ལྔ་པའི་མེ་གླང(༡༢༧༧)ལོར་དབྱི་ཤོད་རི་བོ་ཆེར་ཕྱག་བཏབ་པའི་དགོན་པའི་མིང་སྟེ(དེང་སང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ཀྲོན་ཆུས་ཁམས་རི་བོ་ཆེ་རྫོང་ཡོད་ས)སངས་རྒྱས་དབོན་རིན་པོ་ཆེས་ཐོག་མར་ས་གནས་དེར་གཟིམས་གུར་ཕུབ་ནས་ས་འདུལ་དང༌། བྱིན་འབེབས་མཛད་རྗེས་ཟླ་བ་དང་པོར་རྩིག་རྨང་འདིང་ཏེ། ཀ་བཞི་མའི་ལྷ་ཁང་གཉིས་དང༌། ཀ་དྲུག་གི་ལྷ་ཁང༌། ཆོས་ཁྲི་ཁང༌། ནག་ཚང་ཆེན་མོ་རྣམས་བརྩིགས། དེ་ནས་ལོ་ཤས་ནང་གྲྭ་པ་མང་དུ་འདུས་པ་རྣམས་ཀྱིས་སོ་སོའི་གྲྭ་ཚང་བརྩིགས་པས་གླིང་ཡང་རྒྱ་ཆེར་གྱུར། རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོ་ནས་རིམ་བཞིན་སྐུ་གསུང་ཐུགས་རྟེན་རྣམས་བཞེངས་པའི་འགོ་བརྩམས་སྟེ། ཞོར་ལ་ཆོས་བཀའ་ཡང་ཡང་གནང་བས་སྐུ་ཚེའི་སྨད་དུ་གོན་པ་དེར་གྲྭ་པ་སུམ་སྟོང་ཙམ་འཚོགས་པ་བྱུང་། དེ་རྗེས་ཆོས་རྗེ་ཨུ་རྒྱན་མགོན་པོས་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ(༡༣༢༠)ལོར་ལྷ་ཁང་ཆེན་མོ་བཞེངས་འགོ་ཚུགས་ཏེ། ཕྱིའི་རྩིག་པ་རིམ་པ་གཅིག་གྱང་དང༌། ནང་གི་རྩིག་པ་རིམ་པ་གཉིས་རྡོ་ཆེན། འོག་ཁང་སྐུ་འཁོར་མཚོན་བྱེད་ཀྱི་ལྷ་ཁང་ཁྲ་བོ་མི་ཚད་བདུན་གྱི་མཐོ་དམན་ཙམ། བར་ཁང་གསུང་གི་འཁོར་ལོ་མཚོན་བྱེད་ལྷ་ཁང་དམར་པོ་མི་ཚད་ལྔའི་མཐོ་དམན་ཙམ། སྟེང་ཁང་ཐུགས་ཀྱི་འཁོར་ལོ་མཆོན་བྱེད་ལྷ་ཁང་དཀར་པོ་མཐོ་ཚད་མི་ཕྲེང་ལྔའི་ཚད་ཙམ་ཡོད་པ། གཙུག་ལག་ཁང་གི་རྒྱ་ཁྱོན་ངོས་གཅིག་ལ་གཞུ་འདོམ་བརྒྱ་དང་སུམ་ཅུ་སོ་གསུམ(འདོམ་གང་ལ་སྤྱི་ཁྲེ་གང་དང་སྐར་མ་བརྒྱད་ཅུ་ཡོད་པར་ཆ་བཞག་ན་སྤྱི་ཁྲེ༢༣༩་༤)རེ་ཡོད་པ། ལྷ་ཁང་འོག་མའི་རྒྱ་ཁྱོན་ཀ་བ་དྲུག་ཅུ་དང་ཀ་བ་རེའི་སྦོམ་ཚད་འདོམ་དོ་ལྷག་ཙམ། ཀ་བ་རེའི་བར་ཐག་སྤྱིར་བཏང་ལས་རིང་བ་ཞིག གཞན་ཡང་ཞབས་དྲུང་བླ་བྲང༌། ཡང་དགོན་བླ་བྲང༌། རྙིང་མ་གྲྭ་ཚང༌། སྟག་ལུང་གྲྭ་ཚང༌། གསར་མ་གྲྭ་ཚང་བཅས་ལ་གསེར་དངུལ། ཛེ་ཀཥིམ། ལི་དཀར་དམར། སྨན་འདམ་སོགས་ལས་གྲུབ་པའི་སྐུ་བརྙན་དང༌། མཆོད་རྟེན། སྨན་ཐང༌། སྒར་བྲིས་ཀྱི་ཐང་ཀ་ཆིག་སྟོང་ལྷག་ཙམ་དང༌། ཆོས་རྩིགས་གཅིག་པུར་ཡང་པོད་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་ཡོད་པ་སོགས་ཞིབ་པར་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི《དབུས་གཙང་གནས་བསྐོར་ལམ་ཡིག》སྡེ་དགེ་པར་མའི་གྲངས༡༤ནས༢༡བར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

སྐྱེ་དགུའི་བདག་མོ་དྲུག་པ་ཚེས་བཞི་ཁྱབ་འཇུག་གི་འཇུག་པ་བཅུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤསྨོན་འཇུག་སེམས་བསྐྱེད།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།མཚོ་སྔོན་པོའུ་འཐུང་སྲོག་ཆགས།Vanessa Lauསློབ་དཔོན་ཐུ་མི་སམ་བྷོ་ཊ།ཁ་དྲག་པ་མ་སྐྱེངས་ཤིང་ཞན་པ་ཡི་མི་ཆད་པར་གཅོད་པ་གཏེར་སྟོན་སངས་རྒྱས་གླིང་པ་རིན་ཆེན་འབྱུང་གནས།ལྟུང་བཤགས་ལེ་ལོ་གསུམ་ཁྲི་སྲོང་ལྡེ་བཙན་གྱི་སྲས་གསུམ་གཡུ་རྙིང་ཉེར་ལྔ་ཧ་ཝ་ཡི།ཟླ་༤ཚེས་༣ཉིན་རྒྱུ་སྐར།ངོར་ཆེན་ཀུན་དགའ་བཟང་པོ་རྒྱལ་སྲིད་སྣ་བདུན་ཨེ་ཛིའི་ནད་སྤང་།བདུད་འཇོམས་དག་ཡིག་དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།གཉེན་པོ་སྟོབས་བཞི་སྨད་འཚོང་མ།ཚའོ་ཚའོ།ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་རྒྱ་གར་སྐད།རྗེ་རིན་པོ་ཆེའི་ལོ་ཚིགས་༢༠༡༤ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ། ཟརངས་ཁྲགཀྲུང་གོགུ་རུ་ཆོས་ཀྱི་དབང་ཕྱུག་དྲག་རྩལ།རྟགས་ཀྱི་འཇུག་པ་ས་སྐྱའི་ལེགས་བཤད་རྩ་འགྲེལ་མཚོ་དབུས་གེ་སར་གླང་མདུན་དཔལ་འབྱོར་ཁབ་ལེན་ལྷ་ས་གཙུག་ལག་ཁང་ཁྲི་པི་གཡུལ་འགྱེད།ཁཱར་ལ་མར་ཁེ་སི།མི་གཡོ་བ།ཕུར་བུ་རྣམ་རྒྱལ།ཅ་ཐའེ་ཅི།ཟླ་༩ཚེས་༧ཉིན་སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ཁ་ཆེ་ཕ་ལུ།དམྱལ་ཁམས་བཅོ་བརྒྱད།འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྟོད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།ལིའུ་པེ།ལྟ་བའི་ བརྗེད་བྱང་ཆེན་མོ་ཁཱར​་ལ་མར་ཁེ་སི་རྡོ་རྗེ་གཅོད་པ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།རབ་གནས་ཀྱི་བཤད་སྦྱར་རྩམ་པ།རྗེ་བཙུན་མི་ཕམ་པའི་བྱམས་ཆོས་སྡེ་ལྔ་ཁུང་ཙིསྲིད་སྐྱོང༌།དགའ་གདོང་དགོནབོོད་ཀྱི་རྒྱལ་རབས་རིམ་བྱོན་མ་པ་པན།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།སྐུ་གཟུགས་བཞེངས་པའི་ཕན་ཡོན།ཐོག་རྗེ་ཐོག་བཙན།ཀོ་ཀིའི་གླུ་དབྱངས། (Google)🡆 More