ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

རྒྱལ་ཁབ་ཀྱིས་ལྷག་བསམ་ཟོལ་མེད་དང་། ཁ་དན་ཚིག་གནས། སྐྱོན་བྲལ་ཡ་རབས་བཅས་ཀྱི་དྲ་རྒྱའི་བྱ་སྤྱོད་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྒྱུད་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བྱ་ཐབས་སྤྱད་ནས་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཆུ་ཚད་མཐོ་རུ་བཏང་སྟེ། དྲ་རྒྱ་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་ནང་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་ཁོར་ཡུག་ཡག་པོ་ཞིག་ཆགས་པ་བྱ་རྒྱུ་རེད། རྒྱལ་ཁབ་ཀྱིས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་དྲ་རྒྱ་ཁྲིམས་ལྟར་སྤྱོད་པའི་དབང་ཆར་སྲུང་སྐྱོང་བྱེད་པ་དང་། དྲ་རྒྱ་འབྲེལ་མཐུད་དང་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ལ་བདེ་འཇགས་དང་སྟབས་བདེའི་དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་དྲ་རྒྱའི་ཆ་འཕྲིན་ཁྲིམས་ལྟར་དང་། གོ་རིམ་ལྡན་པ། རང་མོས་བཅས་ཀྱི་སྒོ་ནས་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

མི་སྒེར་དང་རྩ་འཛུགས་གང་ཞིག་ཡིན་རུང་དྲ་རྒྱ་བེད་སྤྱོད་བྱེད་སྐབས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་འཇོག་བྱེད་དགོས། དྲ་སྦྲེལ་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག དྲ་རྒྱར་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་མེད་གཏོང་རྒྱུའི་ངན་སྐུལ་བྱེད་པ། རྒྱལ་ཁབ་ཁ་ཕྲལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་རྒྱུའི་ངན་སྐུལ་བྱེད་པ། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་སྒྲོག་སྤེལ་བྱེད་པ། མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་མཐོང་ཆུང་འུད་སྒྲོག་བྱེད་པ། གཏུམ་སྤྱོད་དང་ཆགས་སྲེད་རིགས་ཀྱི་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ། ཆ་འཕྲིན་རྫུས་མ་བཟོས་ནས་སྤེལ་ཏེ་དཔལ་འབྱོར་གྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ། དེ་བཞིན་མི་གཞན་གྱི་མཚན་སྙན་དང་། སྒེར་དོན། ཤེས་བྱའི་བདག་དབང་། ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་སྤེལ་མི་ཆོག

Tags:

🔥 Trending searches on Wiki བོད་སྐད:

ཨུ་རུ་སུའི་སྐད།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གཟའ་ཟླ་བ།བོད་ཀྱི་རྒྱལ་རབས་ཞི་བདེ་རྒྱ་མཚོ་ཆེན་པོ།ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།གེ་སར་རྒྱལ་པོ།གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགཁོ་ཕེན་ཧ་ཀེན།ལ་དྭགསབྱིས་སྒྲུང་བོན།བེ་ཤིང་།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་རབ་གནས།ལང་ཀར་གཤེགས་པའི་མདོ་ཡམ་བུ།འུ་འཐུང་སྲོག་ཆགས།བར་དོ་དྲུག་གི་རྒྱབ་ཆོས་འཁྲུལ་བ་རང་གྲོལ་ཧེལ་སིན་ཀི།རྒྱལ་སྲས་ཐོགས་མེད་བཟང་པོ།དགེ་ལྡན་ལེགས་བཤད་ཀྱི་དཔྱོད་བརྗོད་རགས་བསྡུས།ནེའུ་ཡོར་ཀ།ཀུན་ཏུ་བཟང་པོ།བཀབ་ནེཁ་ལའོ་ཊ་མོ་ནེ།དེབ་ཐེར་སྔོན་པོ་སྟོད་རྟ།ཁ་དོག་སྐོར་གླེང་བ།ཆོས་ཀྱི་བདག་མེད་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།ཚེ་མདོཀ་མ་ལ་རཀྴི་ཏ་སྨར་ཁམས་རྫོང་།ཨོ་སི་ཐྲི་ཡ།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།ཡེ་ཤུའི་ཆོས་ལུགས།དཔལ་ལྡན་རེ་མ་ཏི་ལེ་ལོ་ཅན་དང་བརྩོན་འགྲུས་ཅན།རྗེ་བཙུན་དམ་པ་ཧུ་ཐུག་ཐུ།འབྲུག་གི་རྒྱལ་དར།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་ཀུན་མཁྱེན་འཇིགས་མེད་གླིང་པ་སྒྲོལ་མའི་ལོ་རྒྱུས་ཀརྨ་པ་དུས་གསུམ་མཁྱེན་པ་མིང་ལྡོགས་སྐྱའི་ལེགས་བཤད་རྩ་འགྲེལ་ཆོས་འཁོར་གྱི་སྐོར།ཁེན།སིབ་རུས།X འཕྲོ་ཐིག་འོད་རིག་ཀརྨ་པ་རོལ་པའི་རྡོ་རྗེ་དགྲ་འདུལ།ཆེན་པོ་གསུམ་རིན་ཆེན་ལྕགས་རིལ་ཆེན་མོ་མ་ལ་ཤི་ཡ།བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།པུ་ར་ག་རི་ཡ།གསར་འགོད།ང་རྒྱལ་བདུན་སྐྱབས་འགྲོ་ཟླ་༢ཚེས་༡༢ཉིན་དཔལ་སྤུངས་དགོན།ཀེ་རི་སིའི་སྐད།ལྷོ་བྲག་སྲས་མཁར་དགུ་ཐོག།ཟླ་༢ཚེས་༡༩ཉིན་སུའུ་ཏན།🡆 More