རླུང་རྟ་བསྡུས་པ།

༄༅། །རླུང་རྟ་བསྡུས་པ་བཞུགས་སོ།།


༈ ཨོཾ༑ ཕྱོགས་བཅུའི་ཞིང་བཞུགས་དཀོན་མཆོག་རྩ་བ་གསུམ། །ནོར་ལྷ་གཏེར་བདག་དམ་ཅན་གཞི་བདག་བཅས། །གུས་པས་ཕྱག་འཚལ་རྒྱུ་སྦྱོར་་་་་(རང་སྐྱེས་པའི་ལོ་རྟགས་བཙུགས།)་་་་ལོ་པའི། །སྲོག་ལུས་དབང་ཐང་རླུང་རྟ་ཟ་ཐང་ཀུན། །སྲིད་ན་ཆེ་བ་སྟག་སེང་ཁྱུང་འབྲུག་དང་། །འདོད་དགུ་ལྷུན་གྲུབ་རྒྱལ་སྲིད་རིན་ཆེན་བཞིན། །འབྱུང་ལྔའི་ལྷ་མོས་གྲོགས་བསྐྱེད་ཡར་ལ་སྤེལ། །རླུང་རྟ་ཕྱོགས་དུས་དར་ཞིང་རྒྱས་གྱུར་ཅིག །ཉམས་དང་རྒུད་པའི་རྐྱེན་རྣམས་དགྲ་ལ་བཟློག །ཆོས་སྲིད་ཕུན་ཚོགས་དགེ་མཚན་རྟགས་འབར་ཤོག །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།

ཨོཾ་ཨཱཿཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །འགོ་བའི་ལྷ་ལྔ་དགྲ་ལྷ་གཉན་པོ་རྣམས། །བསངས་མཆོད་བདུད་རྩིའི་ཕུད་ཀྱིས་དགྱེས་པར་བསྐང་། །བདག་གི་རླུང་རྟ་དར་བའི་འཕྲིན་ལས་མཛོད། །རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ། མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས། །དགྲ་ལྷ་ཝེར་མ་གཞི་བདག་འཁོར་དང་བཅས། །འདིར་གཤེགས་བདུད་རྩིའི་བསང་མཆོད་འདི་བཞེས་ལ། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྲུབ་མཛོད། །ཀྱེེ༑ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་།།ཡུལ་ལྷ་གཞི་བདག་གནས་གཏེར་སྲུང་མའི་ཚོགས། །འདིར་གཤེགས་བདུད་རྩིའི་བསང་གི་མཆོད་པ་བཞེས། །རླུང་རྟ་བསྐྱེད་ལ་ཅི་འདོད་འཕྲིན་ལས་མཛོད། །ཨོཾ་ཨཱཿཧཱུྃ། རྩ་གསུམ་ཆོས་སྐྱོང་གཏེར་གྱི་བདག །ཡུལ་འདི་གཞི་བདག་འཁོར་བཅས་ལ། །བསང་མཆོད་བདུད་རྩིའི་མཆོད་པར་འབུལ། །འགལ་རྐྱེན་བར་ཆད་ཞི་བར་མཛོད། །བསམ་དོན་མྱུར་འགྲུབ་འཕྲིན་ལས་མཛོད། །ཀྱེེ༑ ཚེ་དང་ལུས་དང་དབང་ཐང་སྲོག་རྣམས་དང་། །ཁྱད་པར་རླུང་རྟ་ཕྱོགས་བཅུར་འབར་བ་དང་། །ཕྱི་དང་ནང་གི་འདོད་པའི་དོན་རྣམས་ཀུན། །བགེགས་མེད་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད། །ཀུན་སརྦ་དུ་དུ་ཧོ། ཧོ༔རྫུ་འཕྲུལ་མྱུར་མགྱོགས་ཤུགས་ལྡན་རྟ། །སྟག་སེང་ཁྱུང་འབྲུག་རླུང་རྟའི་ལྷ། །དགྱེས་རྒུའི་མཆོད་པ་ འདི་བཞེས་ལ། །སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛོད།།

Tags:

🔥 Trending searches on Wiki ཇོང་ཁ:

ཊོ་ཀི་ཡཡོངས་འབྲེལ་ཤེས་ཡོན།སའུ་དི་ཨེ་ར་སྦི་ཡ་༡༨༠༣གཡང་རྩེ་རྫོང་ཁགཕྱོགས་བཅུ་མུན་སེལ།བཟའ་འཐུང་ཉེན་སྲུང་།མེ་མར།མགར་ས་ བཀྲ་ཤིས་མཐོང་སྨོན་རྫོང་བ་ཊི་ཀཱན་སྐུ་རྗེས་ ལྷ་ཁང་༢༠༠༩འབྲུག་རྒྱང་བསྒྲགས་ལས་འཛིནཡུ་ནའིཊེཊ་སི་ཊེསཀེ་ནི་ཡ་རྒྱ་གརགྷེམ་བི་ཡཚེ་སྒྲུབ།འབྲུག་ཡུལ་Canadaའབྲུག་གི་རི་དྭགས་སེམས་ཅན།ཀེ་ན་ཌ་ཨཱལ་བེ་ནི་ཡཏའི་ཝཱན་མཁའ་འགྲོ་འགྲོ་བ་བཟང་མོའི་རྣམ་ཐར།ཀ་ཀུ་རུཨས་ཊི་ཡརྟ་མགོམི་ཎི་ཡིག་དྲུག་བྱམས་པ་ལྷ་ཁང་འབྲུག་བརྒྱུད་འཕྲིན་ཚད། Ι Bhutan Telecomགྲྀསརྒྱལ་པོའི་བརྟན་བཞུགས།རྡོ་སྦྱིས་རྫོང་།ཨཛར་བཡེ་ཇནསྤ་རོ་རྫོང་ཁགལ་དྭགས།ཆོས་རྗེ་བྲག།༢༠༠༠ཨར་མི་ནི་ཡདཔལ་འབྲུག་ཞིབ་འཇུག་ལྟེ་བ་ཨ་ཅོ་གདོང་དཀར།བཀྲིས་སྒང་བཀྲིས་སྒང་རྫོང་ཁག༡༨༠༢མགར་ས་རྫོང་ཁགཨཱཎཨཎཌྷཨ་མཨཧཨིདོནབྱའི་རིགས་ཅིགའདེད་རིལབློ་སྦྱོང་ཚིག་དོན་བརྒྱད་མ་ཀོ་བིཊ་༡༩བཱརཱ་ཛིལ་ཨི་རཱན་🡆 More