ངག་བྱིན་རླབས།

༄༅། །ངག་བྱིན་རླབས་ནི། ༈ རང་ཉིད་ཡི་དམ་ལྷར་གསལ་ལྕེ་ཡི་སྟེང་། །ཨ་ལས་ཟླ་སྟེང་ཨ་དཀར་འོད་འབར་བའི།།མདུན་ནས་གཡས་སྐོར་ཨོཾ་དང་དབྱངས་ཡིག་དཀར། །དེ་རྒྱབ་གསལ་བྱེད་སྭཱཧཱ་གཡོན་བསྐོར་དམར། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་སྔོ། །དེ་ལས་འོད་འཕྲོས་རྩ་གསུམ་མཆོག་གསུམ་གྱི། །བྱིན་རླབས་ལྷ་སྔགས་འོད་ཟེར་རྣམ་པར་བསྡུས། །སླར་ཡང་འོད་འཕྲོས་གྲུབ་པའི་རིག་འཛིན་དང་། །དྲང་སྲོང་བདེན་གྲུབ་རྣམས་ཀྱི་ངག་ནུས་མཐུས། །ཡིག་འབྲུའི་ཚུལ་བསྡུས་ལྕེ་ལ་ཐིམ་པར་གྱུར། །ཡི་དམ་ལྷ་སྔགས་ཀྱི་གཤམ་དུ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ༔སྭཱཧཱ། ཨོཾ་ཡེ་དྷཕ་རྨ་ཧེ་ཏུ་པྲ་བྷ་བ་ཧེ་ཏུནྟེ་ཥཱནཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎསཱཧཱ། དབྱངས་གསལ་རྟེན་སྙིང་རྣམས་སྦྲེལ་མར་རམ་སོ་སོར་གསུམ་མམ་བདུན་ནམ་ཉེར་གཅིག་ལོངས་ཁྱབ་དང་སྦྱར་ལ་བཟླས་མཐར། སྔགས་ཕྲེང་ཟླ་བ་རིམ་ཞུ་ཨ་ལ་ཐིམ། །དེ་ཡང་བདུད་རྩི་དཀར་དམར་རྣམ་པར་ཞུ། །ལྕེ་ལ་ཐིམ་པས་ནུས་པའི་སྟོབས་ལྡན་གྱུར།། བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག། །ཚིག་གི་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་ཤོག། །བདག་གིས་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག། འགྱུར་སྔགས་ནི། ཨོཾ་སམྦྷ་ར་སམྦྷ་ར་བི་མཱ་ན་སཱ་ར་མཧཱ་ཛམྦྷ་ཧཱུཾ། ཨོཾ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མཧཱ་ཛམྦྷ་ཧཱུཾ། ལན་བདུན། ཨོ་རུ་ཙི་ར་མ་ཎི་པྲ་བརྡྷ་ནཱ་ཡེ་སྭཱཧཱ། ཞེས་ལན་བདུན་བརྗོད་དོ།།

Tags:

🔥 Trending searches on Wiki ཇོང་ཁ:

གྲྀས༢༠༢༤མོང་སྒར་རྫོང་ཁགཨྀཊ་ལི་པོ་ལེནཌིཁྲོམ་སྒྱུར།དྲག་ཤོས་བསོད་ནམས་ཀུན་དགའ་གི་སྐོར།བལ་ཡུལ།ཀྲོང་གསར་རྫོང་ཁགཨཱལ་བེ་ནི་ཡསེམས་རྟོགས་ཁ་རྫོང་༢༠༠༤བྷེ་ལ་རོ་སུ་བྱ་རྒྱུ་བཟོ་ཐངས།སྤ་རོ་རིན་སྤུང་རྫོངལྷོ་ལྗོངས་ཡངས་པའི་གླིང་ལ། ༼རྫོང་ཁའི་ཞབས་ཁྲ།༽ཀུན་གསལ།༢༠༠༨རྒྱལ་ཆེན་སྡེ་བཞི་ཧྥ་རན་ས་ཀྱི་དར་ཆ།༢༠༠༥སྤ་རོ་རྫོང་ཁགརྒྱལ་ཡོངས་ ལས་རྟགས།༢༠༠༩༢༠༢༡ཡུ་ནའི་ཊེཊ་ཀིང་ཌམ༡༨༠༠མེ་ཏོགཐིམ་ཕུག་གི་ཡིག་འབྲུ་ཀོ་ལོམ་བི་ཡབར་ཆད་ལམ་སེལ་མ།འཁོར་བར་འཁོར་ཚེ་སྨོན་ལམ།གྷི་རིག་ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་མགར་ས་ བཀྲ་ཤིས་མཐོང་སྨོན་རྫོང་ཀམ་བོ་ཌི་ཡ།འབྲུག་བཞི་པའི་རྟོགས་བརྗོད།རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་ཁྱིབྱམས་པ་ལྷ་ཁང་ཁས་བླངས། Volunteerismཨུ་ཟི་བྷེ་ཁུ་སི་ཏན་།སིཔཱེན་༢༠༢༢ཧཱ་རྫོང་ཁགཞབས་དྲུང་ངག་དབང་རྣམ་རྒྱལ།བྱ་དཀར་གཡུལ་རྒྱལ་རྫོང་བཀྲིས་སྒང་རྫོང་ཁག🡆 More