ལུས་ངག་གི་ལས་

ལུས་ངག་གི་ལས་ནི་དང་བས་ཕྱག་འཚལ་བའམ་མདོ་འདོན་པ་དང་། སྡང་བས་གཞན་ལ་བརྡེག་པ་དང་ཚིག་རྩུབ་སྨྲ་བ་ལྟ་བུའི་ལས་རྣམས་ལ་ཟེར་ཞིང་། ལས་དེ་རྣམས་རང་སྡེ་བྱེ་སྨྲ་དང་ཐལ་འགྱུར་བ་གཉིས་ཀྱིས་གཟུགས་ཅན་དུ་འདོད་དེ་དེ་གཉིས་ཀྱིས་ལུས་ངག་གི་ལས་དེ་རྣམས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁོངས་སུ་བསྡུ་ཞིང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་མཚན་ཉིད་པར་འདོད་པ་ཡིན་པས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གང་ཞེ་ན་ལུས་ངག་གི་ལས་དེ་རྣམས་ཡིད་ཤེས་ཁོ་ནའི་ཡུལ་དུ་གཟུགས་ཀྱི་རྣམ་པར་སྣང་ཞིང་མིག་ཤེས་ལ་སོགས་བློ་གཞན་གྱིས་རིག་པར་བྱར་མེད་པས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཟེར། དེ་ལ་དབྱེ་ན་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་། བར་མའི་གཟུགས་ཏེ་གསུམ་ཡོད་ཅིང་། སྡོམ་པ་ནི་དགེ་བ་དང་། སྡོམ་མིན་ནི་མི་དགེ་བ། བར་མ་དགེ་མི་དགེ་གང་རུང་ངོ། །མདོ་སྡེ་པས་ལས་ཡིན་ན་གཟུགས་མ་ཡིན་པར་འདོད་དོ། །རྗེ་རིན་པོ་ཆེའི་《འདུལ་བ་རྒྱ་མཚོའི་སྙིང་པོ》ལས། བཟློག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤོངས་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས།། འདོད་པའི་གཟུགས་ནི་རྣམ་པ་གཉིས། །རང་གི་སྡེ་པ་གོང་འོག་མ། །ཞེས་གསུངས་སོ།། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ཨ་ལ་པ་མ།ཆུ།ནེལ་སོན་མཱན་ཌེ་ལ།ཟླ་༡ཚེས་༡༥ཉིན་གངས་རིན་པོ་ཆེ།མི་ཆོས་གཙང་མ་བཅུ་དྲུག་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།གློག་ཀླད།ཀུན་མཁྱེན་སྟོན་པ་བཞི་ལྡནརིང་བསྲེལ་གསུམ།པ་ར་གུ་ཡེ།མཚན་ཉིད་རིག་པ།མོའོ་ཀའོ་བྲག་ཕུགགུ་རུ་ཆོས་ཀྱི་དབང་ཕྱུག་ལིའུ་པང་།སྐྱབས་འགྲོ་བསྟན་འཛིན་རྒྱ་མཚོ།ཚོ་ཁག་གི་ཆགས་སྤྱོད།རྡོར་དྲིལ་སོགས་མཆོད་ཆས་རྣམས་ཀྱི་མཚོན་དོན་སྐོར་སློབ་དཔོན་ཐུ་མི་སམ་བྷོ་ཊ།རྫོང་ཁ།ཟླ་༢ཚེས་༡༢ཉིན་ཁྲི་སྲོང་ལྡེ་བཙན།སོག་ཡུལ།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ནང་པ་སངས་རྒྱངས་ཀྱི་ལྷ་ཉི་མ།རིག་གནས་གསར་བརྗེ་ཆེན་པོརིས་ཡགཧོ་ལན།ལ་ཏིན་སྐད།རིག་གནས་བཅུ།ཡེ་མེན།ཕ་དམ་པ་སངས་རྒྱས།སིབ་རུས།དོམ།ཁྲི་ལྡེ་གཙུག་བརྟན།ཆགས་པ་མཐོ་རུ་འཕེལ་བ།ཨུ་རུ་སུའི་སྐད།རྒྱལ་སྲས་ལག་ལེན།དུང་དཀར་བློ་བཟང་འཕྲིན་ལས་ཡམ་བུ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།ཟླ་༣ཚེས་༢༨ཉིན་ཀླུ་སྡེ།མར་པ།དབྱི་སི་ལམ་ཆོས་ལུགས།ལྷག་པ།ནུར་སུལྟནབསང་མཆོད་ཆོས་ཀྱི་བདག་མེད་སེང་གེ་རྣམ་རྒྱལ་སན་པི་ཏི་པོགཞི་བདེ་རྒྱ་མཚོ་ཆེན་པོ།པདྨ་ལས་འབྲེལ་རྩལ་སེ་ལེ་ནིམ།གེམ་བྷི་ཡ།ཡིག་བརྒྱ་རིན་ཆེན་ཚ་སྦྱོར་ཆེན་མོ་དངུལ་ཆུ་དྷརྨ་བྷ་དྲ་ཟླ་༢ཚེས་༡༦ཉིན་སེ་པན་སྐད།བསྟོད་པ་ཆུ་འཛིན་དཀར་པོ་མ།རྔ་བོ་ཆེ།རྒྱུད་བླ་མ་སྲིད་པ་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ་སྨན་ཁང་འཇར་མན་🡆 More