རྫོང་ཁ།: འབྲུག་གི་རྒྱལ་ཡོངས་སྐད་ཡིག

རྫོང་ཁ་ཟེར་སླབ་དགོ་མི་རྒྱུ་མཚན་ནི། ཧེ་མ་དཔོན་གྱི་སྒོ་ཁ་དང་དམག་སྡེའི་དྲག་གྲས། ཤེས་ཡོན་ཅན་གྱི་མི་བརྒྱུད། གཞུང་སྐྱོང་དང་བདག་སྐྱོང་ཚུ་གི་ རྫོང་རེ་རེ་བཞིན་དུ་ནང་ལུ་ ཁ་སྐད་གཙོ་བོ་ཅིག་སྦེ་ ལག་ལེན་འཐབ་པ་ལས་བརྟེན་ཏེ་ རྫོང་ཁ་ཟེར་བཏགས་གནང་གནངམ་ཨིན་པས་ལགས།

རྫོང་ཁའི་མིང་དོན།

རྫོང་ཁ་ཞེས་པའི་མིང་ཐོགས་ཚུལ་ནི། ཆབ་སྲིད་འཛིན་སྐྱོང་གི་ལྟེ་བར་གྱུར་པའི་ས་གནས་སམ་རྫོང་ཁག་གི་ལས་ཁུངས་རྣམས་སུ་གཞུང་འབྲེལ་སྐད་ཡིག་ཏུ་བཀོལ་སྤྱོད་བྱེད་པའི་རྒྱུ་མཚན་གྱིས་སམ། རྫོང་གི་ལས་མི་ཚོས་རྒྱུན་ལྡན་བེད་སྤྱོད་པའི་ཁ་སྐད་ཡིན་པས་རྫོང་ཁ་ཞེས་གྲགས།

བཀོལ་སྤྱོད།

རྫོང་ཁའི་སྐད་ནི་འབྲུག་གི་རྫོང་ཁག་ཉི་ཤུ་ཐམ་པ་ལས། དབང་འདུས་ཕོ་བྲང་དང་། སྤུ་ན་ཁ་དང་། ཐིམ་ཕུ་དང་། མགར་ས་དང་། སྤ་རོ་དང་། ཧཱ་དང་། དར་དཀར་ནང་དང་། ཆུ་ཁ་རྫོང་ཁག་བཅས། ནུབ་ཕྱོགས་ཀྱི་རྫོང་ཁག་བརྒྱད་ཀྱི་ཡུལ་སྐད་ཡིན་ལ། གཞན་ཡང་གནའ་བོའི་དུས་འབྲུག་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཡང་། དེང་སང་རྒྱ་གར་གྱི་བྱང་བངྒཱ་ལའི་ཁོངས་གཏོགས་ཀྱི་ས་གནས་བཀའ་བློན་སྦུག་བཅས་ལའང་རྫོང་ཁའི་སྐད་རྒྱུན་ལྡན་དུ་བེད་སྤྱོད་གཏོང་བའི་མི་སྡེ་ཡོད། རྫོང་ཁ་འདི་ཕྱི་ལོ་ ༡༩༧༡ ལོར་མི་དབང་འབྲུག་རྒྱལ་གསུམ་པ་༸དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་སྐད་ཡིག་ཏུ་གཏན་འབེབས་མཛད་པ་ནས་བཟུང་། སློབ་གྲྭ་ཁག་གི་སློབ་ཚན་ནང་ངེས་པར་དུ་སྦྱོང་དགོས། སྐད་འདི་གོང་གསལ་འབྲུག་གི་ནུབ་ཕྱོགས་རྫོང་ཁག་བརྒྱད་པོ་ལས། གཞན་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་རྫོང་ཁག་ཚོའི་ཕ་སྐད་མིན། སྤྱིར་བཏང་རྫོང་ཁ་ལབ་མཁན་དྲུག་འབུམ་བཞི་ཁྲི་ལྷག་ཡོད་པ་ལས། ཕ་སྐད་དུ་སྤྱོད་མཁན་ནི་ཆིག་འབུམ་བདུན་ཁྲིག་ལྷག་ཡིན།

ལོ་རྒྱུས།

རྫོང་ཁ་ནི་འབྲུག་རྒྱལ་ཁབ་ནང་ཁ་སྐད་མི་འདྲ་བ་ཉི་ཤུ་རྩ་གྲངས་ཤིག་ཡོད་པའི་གྲས་ཤིག་ཡིན། རྫོང་ཁ་འདི་དུས་རབས་བཅུ་གཉིས་པ་ཙམ་ནས་དཔོན་པོའི་ལས་ཁང་དང་། དམག་སྡེའི་དམག་དཔོན་དང་། ཤེས་ཡོན་ཅན་གྱི་མི་བརྒྱུད་དང་། གཞུང་སྐྱོང་ལས་མི་ཚོའི་ཁ་སྐད་དུ་བེད་སྤྱོད་ཀྱང་། གཞུང་འབྲེལ་ཡིག་ཆ་དང་། ཁྲིམས་འབྲེལ་གྱི་ཡིག་ཆ་རྣམས་ལ་ནི་ཆོས་སྐད་དམ་བོད་སྐད་ཁམས་གཙང་སྤྱོད་པའི་སྲོལ་མཆིས་མོད། མཐར་ཕྱི་ལོ་ ༡༩༧༡ ནང་དཔལ་མི་དབང་འབྲུག་རྒྱལ་གསུམ་པ་༸དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་རྫོང་ཁ་འདི་འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཏུ་གསལ་བསྒྲགས་མཛད་ཅིང་། རྫོང་ཁ་རྒྱ་སྐྱེད་དང་གོང་འཕེལ་གྱི་ཆེད་དུ་རྫོང་ཁའི་སློབ་སྦྱོང་དང་འབྲེལ་བའི་དཔེ་དེབ་རྣམས་འབྲི་བ་དང་། པར་སྐྲུན་བྱེད་པ་སོགས་ཀྱི་ཆེད་ཕྱི་ལོ་ ༡༩༨༦ ལོར་མི་དབང་འབྲུག་རྒྱལ་བཞི་པའི་དགོངས་བཞེད་ལྟར་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཞེས་པའི་ཚོགས་སྡེ་ཞིག་འབྲུག་རྒྱལ་ཁབ་ཀྱི་ཤེས་རིག་ལྷན་ཁག་གི་ཁོངས་སུ་གསར་འཛུགས་མཛད།

རྫོང་ཁ་གོང་འཕེལ་ལྷན་ཚོགས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ནི། འབྲུག་གི་རྒྱལ་ཁབ་ནང་འབྲུག་གི་རྒྱལ་ཡོངས་སྐད་ཡིག་གམ་རྫོང་ཁའི་རྒྱ་སྐྱེད་ཀྱི་ཆེད་དུ་ཕྱི་ལོ་ ༡༩༨༦ ལོར་མི་དབང་འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ཐུགས་དགོངས་ལྟར་གསར་འཛུགས་མཛད་པའི་རང་དབང་ཚོགས་སྡེ་ཞིག་ཡིན། ཚོགས་སྡེ་འདི་ནས་གཙོ་བོ་རྫོང་ཁའི་བཀོལ་སྤྱོད་དར་སྤེལ་གྱི་ཆེད། རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་དང་སྤྱི་ཚོགས་ཞབས་ཞུ་ལྷན། སྐད་ཡིག་གི་སྒྲིག་གཏན་འབེབས་དང་རྒྱ་སྐྱེད་ཀྱི་ལས་དོན་སྒྲུབ་ཅིང་། རྩིས་འཕྲུལ་ཐོག་རྫོང་ཁའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཆ་རྐྱེན་སྒྲིག་སྦྱོར་དང་མཐུན་རྐྱེན་མཁོ་སྤྲོད་སོགས་ཀྱིས་རྫོང་ཁའི་སྐད་ལག་ལེན་དུ་འདེབས་པའི་ལས་འཆར་སྤེལ།

འབྲི་ཐབས་ལམ་ལུགས།

བརྡ་སྤྲོད་ཀྱི་རྣམ་གཞག

འདི་ལའང་གཟིགས།

དཔྱད་གཞིའི་དཀར་ཆག:

Tags:

རྫོང་ཁ། རྫོང་ཁའི་མིང་དོན།རྫོང་ཁ། བཀོལ་སྤྱོད།རྫོང་ཁ། ལོ་རྒྱུས།རྫོང་ཁ། རྫོང་ཁ་གོང་འཕེལ་ལྷན་ཚོགས།རྫོང་ཁ། འབྲི་ཐབས་ལམ་ལུགས།རྫོང་ཁ། བརྡ་སྤྲོད་ཀྱི་རྣམ་གཞགརྫོང་ཁ། འདི་ལའང་གཟིགས།རྫོང་ཁ།

🔥 Trending searches on Wiki བོད་སྐད:

ནང་བའི་དུས་ཆེན་བཞིཡེ་ཤུའི་ཆོས་ལུགས།བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་པཎ་ཆེན་ཤཱཀྱ་མཆིག་ལྡན་གཞས་པ་གཞས་མ།རི་མོ།མོ་ན་ཁོ་གྲོང་།ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ཆོས་ཀྱི་རྒྱལ་པོ།དཔལ་དུས་ཀྱི་འཁོར་ལོ་ཡོན་ཏན་གཞིར་གྱུར་མ་ནིའུ་ཛི་ལེན་ཌི།ཝ་དམར།ཤ་ལོ་མོ།ཁ་ཏར།མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདརྒྱུད་བཞི་སྒྲུང་གཏམ༼གཙུག་གཡུ༽འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུགཀརྨ་པ་དེ་བཞིན་གཤེགས་པ་འཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ་ལྷ་ས།པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐྱིད་ཟུར་རམས་ཕྱིས།ལེ་ཨོ་ན་ཏོ་ཏ་ཧྥིན་ཆི།རྒྱལ་སྤྱིའི༼ལྔ་གཅིག༽ངལ་རྩོལ་དུས་ཆེན།ཞི་མི།ལས་རིགས།སྨོན་གྲོལ་གླིང་དགོན།སོག་པོ།སྨུག་པོའི།གནས་ཉེར་བཞི་སྲོང་བཙན་སྒམ་པོ།སྨར་ཁམས་རྫོང་འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན།༢༠༡༤ལོའི་འཛམ་གླིང་བུ་པའི་མགྲན་སྡུར་གྱི་སྐོར།མི་ཅི་གྷན།༤༩ (གྲངས་ཀ།)ཀརྨ་གླིང་པ་རྫོགས་ཆེན་དགོན།ལོ་པོ་ཅུ་གྷལ།ནང་པའི་རྩ་གཞུང་ཀུན་བཏུས།ལྷ་གསོལ་འམ་བསང་གསོལབོད་ཀྱི་ཆོས་ལུགས་རོལ་ཆསཚ་རོང་ཟླ་བཟང་དགྲ་འདུལ་གཙུག་གཏོར་རྣམ་རྒྱལ་མ།རྨི་ལམ་ངན་པ་བཟློག་ཐབས་བདུན།རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་རྗེ་བཙུན་ཐོགས་མེད།ཐོན་མིའི་ཞལ་ལུང་ཊ་ཁར་ཏ།ཨ་ལག་ཤ་ངག་དབང་བསྟན་དར་པཎྜི་ཏ་སངས་རྒྱས་གསང་བ་སྡོམ་གསུམ་རྣམ་ངེས་བུད་མེད་ཀྱི་སྡོམ་པའི་སྐོརལམ་རིམ་བསྡུས་དོན་རྒྱལ་སྲས་ལག་ལེན།ཡོ་རོབ་གླིང་སྨིན་གླིང་གཏེར་ཆེན་པྲ་ཏིའི་སུམ་རྟགས་ཨ་ཁ་ར།ཆོས་ཀྱི་ཕུང་པོ་བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ཨེ་ཙིའི་ནདབཀྲ་ཤིས་རྟགས་བརྒྱད།རོའུ།🡆 More