རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་

རྗེ་འདི་ཉིད་རྐང་ཚའི་ཆུ་ཆ་གྱོ་མོག་ཤིང་ལུང་མཚེར་ན་ཡབ་ནུ་ཞི་མགོན་སྐྱབས་དང་ཡུམ་སྐྱིད་ཀོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག(༡༩༠༤)ལོར་སྐུ་བལྟམས། དགུང་ལོ་བདུན་ལ་ཞྭ་དམར་པཎྜི་ཏའི་དྲུང་ནས་རབ་ཏུ་བྱུང་། དེ་ནས་རང་དགོན་དུ་ཕེབས་ཏེ་ཡི་གི་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། བཅུ་གཉིས་པ་ལ་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་ལ་ཕེབས་ནས་བསྡུས་གྲྭ། བློ་རྟགས། ཕར་ཕྱིན། སྒྲ་རིག་སོགས་རིག་གནས་ཀུན་ལ་གསན་སྦྱོང་གནང་། ཉི་ཤུ་པ་ཨ་ལགས་ཁ་རྒྱ་རིན་པོ་ཆེའི་དྲུང་དུ་བསྙེན་པར་རྫོགས། བླ་མ་དེ་ལས་ཐུགས་རྗེ་ཆིན་པོ་རྒྱལ་བ་རྒྱ་མཚོ། བདེ་གསང་འཇིགས་གསུམ་གྱི་དབང་སོགས་ཆོས་བཀའ་མང་དུ་གསན། ཉེར་བཞི་པ་རབ་བྱུང་བཅུ་དྲུག་པའི་མེ་ཡོས(༡༩༢༧)ལོར་འཤད་སྒྲུབ་དར་རྒྱས་གླིང་དགོན་པར་མཚན་ཉིད་གསར་དུ་འཛུགས་གནང་མཛད། དགུང་ལོ་ཉེར་བདུན་པ་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ནས་ཨ་ལགས་བླ་ཁོ་རིན་པོ་ཆེའི་དྲུང་དུ་དབང་ལུང་རྗེས་གསུམ་རྒྱ་ཆེར་གསན། དེ་དུས་བཀའ་ཆོས་ཟིན་བྲིས་སུ་བཏབ་པ་ནས་བླ་མ་་དགེ་བཤེས་རྣམས་ཀྱིས་གཟིགས་ཚེ་དབུ་མཇུག་བར་གསུམ་གྱི་ཚིག་དོན་ཡོངས་རྫོགས་ཐོན་པས་ཀུན་གྱིས་ཡ་མཚན་ངོ་མཚར་ཆེ་བའི་རྟགས་སུ་བསྔགས་བརྗོད་མཛད། རང་དགོན་ནས་རྗེ་གསེར་རྐང་བའི་ཕྱག་བཞེས་ལྟར་ཕྱག་དང་བསྐོར་བ་སོགས་འབུམ་བཅུའི་སྔོན་འགྲོ་བཅས་འཇིགས་བྱེད་བསྙེན་ཆེར་མཐར་ཕྱིན་མཛད། ཆེན་ཚང་མ་དང་སྐྱ་ནག་ཚོ་དྲུག་གི་དད་ལྡན་རྣམས་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། བཀའ་བརྒྱད་ཀྱི་དབང་སོགས་བཀའ་ཆོས་མང་དུ་བསྩལ། རང་དགོན་དུ་གཅོད་དབང་ལྡན་བཞི། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། ཚེ་དབང་། འཇམ་དབྱངས་དཀར་ནག་གི་རྗེས་གནང་། འཇིགས་བྱེད་བསྙེན་ཁྲིད་བསྡུས་གྲྭ། བདེ་གསང་འཇིགས་གསུམ་སོགས་ཀྱི་ཐིག་ཁྲིད། རྒྱ་རྩའི་ཁྲིད། ཐེག་ཆིན་གསོ་སྦྱོང་གི་ལུང་སོགས་ཁྲིད་དང་དབང་ལུང་རྗེས་གསུམ་གྱི་བཀའ་དྲིན་མང་དུ་བསྩལ། གསུང་རྩོམ་ཞུ་དག་བྱས་པ་དང་མ་བྱས་པ་བསྡོམས་པོད་བཅུ་གཅིག་ཙམ་བཞུགས། སྐུ་ཚེ་ཧྲིལ་པོར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་གཅེས་པར་སྲུང་ཞིང་། ཉིན་མཚན་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། དགུང་ལོ་བཞི་བཅུ་ཞེ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི(༡༩༤༦)ལོར་སྐུ་འབུམ་དུ་ཞི་བར་གཤེགས།

རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ།

Tags:

🔥 Trending searches on Wiki བོད་སྐད:

གསལ་བྱེད།སེམས་བསྐྱེད་ཉེར་གཉིས་ཁམས་གསུམ་ཏུ་ནི་ཤི་ཡ།མཆུ།ཆོས་འབྱུང་ཆགས་སྦྱོར་བྱེད་སྟངས་ཀྱི་ཐོ།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།གློག་རིག་པ།བྲག་ཕུག་མ་རཱ་ཏི་ཀདག་ཡིག་མདོར་བསྡུས་རིག་གནས་བཅུ།ལྕགས།སྐུ་ངོ་སྤེན་པ་ཚེ་རིང་།དམིགས་བརྩེ་མ།ལུས་ཀྱི་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ཁྱད་པར་དུ་འཕགས་པའི་བསྟོད་པ་སྙན་ངག་མེ་ལོང་བཞུགས་སོ།།ཀུན་གཞིའི་རྣམ་ཤེས་པུ་ར་ག་རི་ཡ།ཇོ་མོ་གླང་མ།དཔལ་དུས་ཀྱི་འཁོར་ལོ་ཀིབ།སྙིང་འབམ་སྨན་བླའི་སྟོང་མཆོད་ཨི་ཏ་ལིའི་སྐད།སྒལ་ཐག་སྲོག་ཆགས་འོན་པལྷའི་ཆུ་ཡན་ལག་བརྒྱད་ལྡན་༢༠༠༢ལོ།གཟའ་སྤེན་པ།རྗེ་བཙུན་ཏཱ་ར་ན་ཐ་སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་གཉའ་ཁྲི་བཙན་པོ་ལོ་སེང་ག་ཕོར།ཁ་ཐོག་གི་ཆགས་སྦྱོར།ཧ་རི་ཡཱ་ཎཱ།སློབ་དཔོན་ཐུ་མི་སམ་བྷོ་ཊ།ཞང་ཞུང་ཆོས་དབང་གྲགས་པ་སྐུ་གཟུགས་བཞེངས་པའི་ཕན་ཡོན།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།དགའ་ལྡན་ཁྲི་པ།ཟླ་བ་ལྔ་པམར་མེ་མཛད།ཧྥི་ལི་པིན།མི་འཕེལ་བའི་ནག་པོའི་ཆོས་བཞི།འཇོར་ཇི་ཡ། (ཨ་མེ་རི་ཁ།)དོམ་ཁྲ།ཚོགས་གླུ་སིལ་ཁུ།ཟློས་གར།སྨེ་བ་བརྩི་སྟངས་སྐར་ཆ།མཁན་སློབ་ཆོས་གསུམ།ཨིན་རྡུ་ནི་ཤིས་ཡ།རྩེད་ཆས།ཉ་ཟུང་སྐར་ཚོམ་ཀླུ་སྒྲུབ་དགོངས་རྒྱན།ནི་ཀོ་ལ་ས་ར་ཀོ་ཟི།བྱིས་སྒྲུང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་སངས་རྒྱས་ཀྱི་ས་ཆེན་པོ་ཨར་མེ་ནི་ཡ།བེ་ཏ།ཧུའུ་ནན་ཞིང་ཆེན།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽ཞི་བདེ་རྒྱ་མཚོ་ཆེན་པོ།དེང་ཞ་ཕིང།ཟླ་༨ཚེས་༨ཉིན་ཚེ་མདོསྣང་ས་འོད་འབུམ་༼མ་ཧ་བ་ར་ཏ།༽🡆 More