རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བོད་གནས་གསར་འགྱུར་ཁང་གིས་བདག་གཉེར་ཞུ་བཞིན་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ནི་བཞུགས་སྒར་དྷ་རམ་ཤ་ལར་རྟེན་གཞི་བྱེད་པའི་ཁེ་མེད་གཞུང་འབྲེལ་མ་ཡིན་པའི་བོད་གནས་གསར་ཁང་ཞིག་དང༌། ༢༠༠༨ལོའི་ཟླ་༣ཚེས་༡༠ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་སྟབས་བསྟུན་ནས་བཙན་བྱོལ་དུ་གནས་པའི་བོད་ཀྱི་གཞོན་ནུ་ཁག་ཅིག་ནས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གསར་འཛུགས་ཞུས་ཏེ་གཙོ་བོ་བོད་ཀྱི་དངོས་ཡོད་གནས་ཚུལ་དང༌། དེ་དང་འབྲེལ་བ་ཆེ་བའི་བོད་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས། མང་གཙོ་ལམ་ལུགས་དང་འཕེལ་རྒྱས། གསར་འགོད་རང་དབང༌། ཁོར་ཡུག་སྲུང་སྐྱོབ། བུད་མེད་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ཞེས་པའི་དྲ་རྒྱ་ཞིག་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ཐོག་འགོད་འགྲེམས་ཞུ་བཞིན་པ་དང༌། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ཞེས་པའི་གསར་ཤོག་ཅིག་དྲ་རྒྱའི་ལམ་ནས་བདུན་རེའི་ནང་ཐེངས་གཅིག་འགྲེམས་སྤེལ་ཞུ་རྒྱུ་དང༌། རིམ་པས་སྐད་ཡིག་དེ་དག་ནས་དབྱིན་ཡིག་གསར་ཤོག་ཅིག་འགྲེམས་སྤེལ་ཞུ་རྒྱུ་ཡིན།

དྲ་རྒྱ་དང་གསར་ཤོག་གཉིས་ཀའི་ནང་བོད་ཙམ་མ་ཟད། གཙོ་བོ་རྒྱ་ནག་དང་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་གསར་པ་གང་བྱུང་བ་ཁག་ཀྱང་ཞིབ་སྡུར་དང་དཔྱད་ཞིབ་ཞུས་ཏེ་འགོད་འགྲེམས་ཞུ་བཞིན་ཡོད་ལ། དྲ་རྒྱ་དང་དྲ་རྒྱའི་གསར་ཤོག་གཉིས་ཀ་ྋགོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་དང་སྟབས་བསྟུན་ཏེ་༢༠༠༧ ལོའི་ཟླ་༡༢ ཚེས་༡༠ཉིན་དངོས་སུ་ཚོད་ལྟ་ཞུས་པ་ཡིན།

༼གནས་ཚུལ་གྱི་རང་དབང་ནི་རང་དབང་ཐམས་ཅད་བརྟག་པར་བྱེད་པའི་གཙོ་བོའམ་གཞི་མ་ཡིན། ཞེས་༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་ཚུལ་རང་དབང་གི་ཚོགས་ཆེན་ཐོག་གཏན་ལ་ཕབ་ཡོད།༽

བཙན་བྱོལ་བོད་མི་ཚོར་མང་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་བཅས་ཀྱི་རང་དབང་ཆེན་པོ་ཡོད་པ་དང༌། དེ་དག་གི་ལམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་བསྐྱར་གསོ་བྱེད་རྒྱུར་རྒྱ་ཆེའི་གཞིས་ལུས་བོད་མི་ཚོས་བཙན་བྱོལ་དུ་གནས་པའི་བོད་རིགས་སྤུན་ཟླ་ཚོར་རེ་བ་དང་ཡི་ཆེས་ཆེན་པོ་གནང་བཞིན་ཡོད་ལ། བཙན་བྱོལ་བོད་མི་རྣམས་ལྟར་རྒྱ་ནག་གི་ཆེས་གདུག་བརྩུབ་ཅན་གྱི་བཙན་གནོན་འོག་ཏུ་གཞིས་ལུས་བོད་མི་རྣམས་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། གསར་འགོད་དང་གནས་ཚུལ་གྱི་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པའི་གོ་སྐབས་མེད། དེར་བརྟེན་ང་ཚོས་བོད་གནས་གསར་འགྱུར་ཁང་འདི་བརྒྱུད་བཙན་བྱོལ་སྤྱི་ཚོགས་སུ་བོད་མིའི་གསར་འགོད་ཀྱི་སྤྱི་ཚོགས་ཀྱང་ནུས་པ་ལྡན་པ་ཞིག་འཛུགས་སྐྲུན་ཞུ་ཐུབ་རྒྱུའི་ཡི་ཆེས་ཡོད། དམིགས་ཡུལ་གཞན་ཞིག་ནི་བོད་ནང་ཙམ་དུ་མ་ཟད། བཙན་བྱོལ་དུ་གནས་པའི་བོད་ཀྱི་གཞུང་སྒེར་ཚོགས་སྡེ་ཀུན་གྱི་བར་དུ་འབྲེལ་ལམ་དང་གོ་རྟོགས་ཇེ་ལེགས་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་གསར་འགོད་པ་ཚོའི་འདས་པའི་ལོ་ངོ་ཞེ་ལྔ་ལྷག་གི་ཉམས་མྱོང་ལ་བལྟས་ན། འཛམ་གླིང་གི་གསར་འགོད་པ་གཞན་དང་འབྲེལ་ལམ་དང་སེམས་ཐག་ཇེ་ཉེར་སོང་ཡོད་ལ། ཁོང་ཚོས་ཀྱང་གསར་འགོད་རང་དབང་དང་འཛམ་གླིང་དུ་ཞི་བདེ་ཡོང་ཐབས་བཅས་ལ་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་ནུས་པ་བསྟན་ཡོད། དེར་བརྟེན་བོད་གནས་གསར་འགྱུར་ཁང་གི་ངོས་ནས་བོད་ནང་དང་བཙན་བྱོལ་དུ་བྱུང་བའི་དངོས་ཡོད་ཀྱི་གནས་ཚུལ་གསར་པ་ཁག་གིས་གཙོས་རྒྱལ་སྤྱིའི་གནས་ཚུས་ཁག་ཀྱང་ཕྱོགས་ལྷུང་མེད་པར་རང་དབང་གི་སྒོ་ནས་འགོད་འགྲེམས་ཞུ་རྒྱུ་ཡིན། དེ་ཡང་གཤམ་གསལ་རྣམས་ཀྱང་ཚུད་པ་ཡིན།

༡ བོད་ནང་གི་གནས་སྟངས་དང་ཡར་རྒྱས་བཅས་ཀྱི་སྐོར་ཁ་གསལ་གོ་བདེ་དང་བདེན་པའི་ལམ་ནས་འགོད་འགྲེམས་ཞུ་རྒྱུ།

༢ བོད་དོད་དང་འབྲེལ་བའི་དམིགས་བསལ་ལས་རིམ། བཅར་འདྲི་དང་བགྲོ་གླེང་གོ་སྒྲིག༣ གལ་གནད་ཆེ་བའི་གནད་དོན་ཁག་གི་ཐོག་བོད་ནང་དང་བཙན་བྱོལ་དབར་དུ་ཡོད་པའི་གནས་ཚུལ་གྱི་བར་ཐག་ཁ་སྐོང་ཐུབ་པར་བྱེད་རྒྱུ།

༤ བོད་དང་བོད་མི་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཁག་གི་ཐོག་རིག་པས་དག་བཤེར་དང་རྩོད་སྒྲུབ་བྱེད་རྒྱུར་སྐུལ་འདེགས་གཏོང་རྒྱུ།

༥ བོད་མིའི་གསར་འགོད་པ་ཚོས་རང་ཉིད་ཀྱི་དགོངས་ཚུལ་གསུང་རྒྱུའི་ཆེད་གླེང་སྟེགས་གང་མང་གོ་སྒྲིག་ཞུ་རྒྱུ།

༦ བོད་མིའི་གསར་འགོད་པ་ཚོར་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་འགྲོ་བ་མིའི་ཐོབ་ཐང༌། དེ་བཞིན་འཕྲོད་བསྟེན་དང་ཁོར་ཡུག་བཅས་ཀྱི་ཐོག་གོ་རྟོགས་སྤེལ་རྒྱུ།

༧ དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་ཀྱི་ཐོག་ལའང་དམིགས་བསལ་འགན་ཁུར་གྱི་གོ་རྟོགས་སྤེལ་རྒྱུ།༨ བོད་ནང་གི་ཁོར་ཡུག་གི་སྐོར་དམིགས་བསལ་སྙན་ཐོ་འདོན་རྒྱུ།

༩ བོད་ཀྱི་གཞས་སྣ་དང་སྲོལ་རྒྱུན་རྣམ་ཐར་སོགས་ཀྱི་སྐོར་དམིགས་བསལ་ལས་རིམ་གོ་སྒྲིག

བོད་གནས་གསར་འགྱུར་གྱི་གསར་ཤོག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་དྲ་རྒྱའི་གསར་ཤོག་ཏུ་གཙོ་བོ་བདུན་རེའི་ནང་དུ་བྱུང་བའི་བོད་དོན་དང་འབྲེལ་བའི་གསར་འགྱུར་དང་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཁག་དྲ་རྒྱའི་ལམ་ནས་དབྱིན་སྐད་དུ་འགོད་འགྲེམས་ཞུ་རྒྱུ་དང༌། དེ་ཡང་རྒྱལ་སྤྱིའི་ བོད་ཀྱི་ཆ་འཕྲིན་དྲ་བ་ཞེས་པའི་གསར་ཤོག་གིས་དམིགས་བསལ་བོད་ནང་གི་གནས་ཚུལ་དང༌། ལྷག་པར་དུ་བཙན་བྱོལ་དུ་མང་གཙོ་ལམ་ལུགས་ལག་བསྟར་གནང་ཕྱོགས་ཀྱིས་མཚོན་པའི་གནས་ཚུལ་ཡོངས་རྫོགས་འགོད་འགྲེམས་ཞུ་རྒྱུ། སྤྱིར་བཏང་བདུན་རེའི་གསར་ཤོག་ཏུ་བཀོད་པའི་གནས་ཚུལ་རྣམས་སྡེ་ཚན་གཉིས་སུ་ཕྱེ་ཆོག་པ་སྟེ་བོད་དང་བཙན་བྱོལ་གྱི་གསར་འགྱུར་དང་དམིགས་བསལ་ཆེད་སྒྲིག་ལེ་ཚན་ཡིན།

ད་དུང་རྩོམ་སྒྲིག་པའི་ཆེད་བརྗོད་དང་འཛམ་གླིང་གསར་འགྱུར། ཆོས་དང་ཆབ་སྲིད་ཀྱིས་མཚོན་པའི་དཔྱད་རྩོམ་དང་རྩོམ་ཡིག་སྣ་ཚོགས། མི་སྒེར་སོ་སོའི་བསམ་ཚུལ་བཅས་ཚུད་ཡོད། གང་ལྟར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ནི་བོད་མིའི་སྤྱི་ཚོགས་སུ་རང་དབང་ལྡན་པའི་བདུན་རེའི་དབྱིན་སྐད་གསར་ཤོག་ཐོག་མ་དེ་ཆགས་ཀྱི་ཡོད་ལ། རིམ་པས་སྐད་ཡིག་གཞན་གཉིས་ཀྱི་ཐོག་པར་འགྲེམས་ཞུ་རྒྱུའི་ལས་འཆར་ཡོད། གཤམ་གསལ་རྣམས་ཀྱང་གསར་ཤོག་གི་བརྗོད་གཞིའི་ནང་ཚུད་ཡོད།

༡ བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་བོད་ཀྱི་གསར་འགོད་རང་དབང་ཐོག་བཅར་འདྲི་དང་རྩོམ་ཡིག་སྤེལ་རྒྱུ།

༢ རྒྱ་ནག་གིས་དྲང་བདེན་མ་ཡིན་པའི་གསར་འགྱུར་ཁག་དང༌། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་ལ་འཁྱོག་བཤད་བྱས་པ་ཁག་ལ་ལན་འདེབས།

༣ རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་ཆོས་རིག་གིས་མཚོན་པའི་ཐོབ་ཐང་སོགས་ཀྱི་ཐོག་དོ་སྣང་ཆེན་པོས་འགོད་འགྲེམས་བྱེད་རྒྱུ།

༤ བོད་ནང་གི་གཏམ་བརྗོད་དང་གསར་འགོད་རང་དབང་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། འཇུ་བཟུང་དང་དོ་དམ་བཀག་ཉར་བྱས་པའི་བོད་མིའི་གསར་འགོད་པ་དང་རྩོམ་པ་པོ་བཅས་ཀྱིས་གཙོས་ཆབ་སྲིད་བཙོན་པ་རྣམ་པའི་་གནས་སྟངས། རྒྱ་ནག་གིས་གསར་འགོད་དང་གཏམ་བརྗོད་རང་དབང་བཅས་ཀྱི་ཐོག་བརྩི་མེད་རྡོག་རོལ་ཇི་ལྟར་གཏོང་གི་ཡོད་མེད་སྐོར་ཁ་གསལ་འགོད་རྒྱུ།

༥ སྤྱིར་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཀྱི་ལོ་རྒྱུས་དང་བྱུང་རབས། བཙན་བྱོལ་བོད་མིའི་གསར་འགོད་རང་དབང་བཅས་ཀྱི་སྐོར་ཡང་འགོད་འགྲེམས་ཞུ་རྒྱུ་བཅས་ཡིན།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ནི་བོད་ཀྱི་གསར་ཁང་གིས་གསར་འཛུགས་གནང་བའི་དྲ་ཐོག་གསར་ལམ་ཞིག་སྟེ། བོད་དང་བོད་མི་རིགས་སྐོར་གྱི་གནས་ཚུལ་དང་གསར་འགྱུར་ཁག་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་མཁོ་སྤྲོད་སྒྲོག་འདོན་གནང་མཁན་ཞིག་ཡིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་རྒྱ་ནག་དང། རྒྱལ་ཚོགས། ཡོ་རོབ། དེ་མིན་ཨ་རི་སོགས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་ཞིབ་འཇུག་དབྱེ་ཞིབ་དང་བཅས་ཏེ་གསར་འགྱུར་མཁོ་འདོན་བྱེད་ཐོག གཞིས་ལུས་བོད་དང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཡར་རྒྱས་གོང་འཕེལ་གྱི་གནས་བབས་ཀྱང་ངོ་སྤྲོད་སྒྲོག་འདོན་བྱེད། མདོར་ན་བོད་མི་རིགས་ཡོད་དོ་ཅོག་གི་སྐད་སྒྲ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྡིངས་ཆ་རུ་སྒྲོག་རྒྱུ་ནི་ང་ཚོའི་དམིགས་ཡུལ་དགོས་པ་གཙོ་བོ་ཡིན།

ཕྱི་ལོ༢༠༠༧ལོ་ནས་བཟུང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་ཐོག་ཏུ་འདོན་སྤེལ་གནང་བའི་གསར་འགྱུར་དག་པར་ཤུས་ཆོག་པའི་བདུན་རེའི་ཚགས་ཤོག་གི་ལམ་དུ་ད་ལྟ་ཡོད་ཁར། བོད་ཀྱི་ཆ་འཕྲིན་དྲ་བའི་མདུན་ངོས་ཀྱི་ཕི་ལེ་ཞི་བརྙན་པར་ཐོག་མཛུབ་གནོན་གྱིས་སྐུ་ཉིད་ཀྱི་འདེམས་མོས་ལྟར་གསར་འགོད་ཕྱོགས་སྒྲིག་པའི་གསར་རྩོམ་དག་ལྟ་ཀློག་དང་མར་ཕབ་ལེན་བྱེད་ཆོག་མོད། སྐུ་ཉིད་ཀྱི་གློག་ཀླད་དུ་ཨ་ཌོབ་རེ་ཌེར་ངེས་པར་དུ་ཚང་དགོས་ཤིང། ཇི་ལྟར་མར་ཕབ་ལེན་སྟངས་ཁ་གསལ་གྱིས་བྲིས་ཡོད།

སྐུ་ཉིད་ཀྱིས་བོད་ཀྱི་གསར་འགོད་པ་དང་གསར་ལམ་ཁག་སྤྱི། ནང་སྒོས་སུ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བར་མཉམ་ཞུགས་དང་ཞལ་འདེབས་སོགས་ཀྱི་ལམ་ནས་རྒྱལ་སྐྱོར་རོགས་འདེགས་གནང་ཆོག་ལ། ལྷག་དོན་དུ་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་འོག་བཙོན་འཇུག་མནར་གཅོད་ཀྱི་སྡུག་སྔལ་ཚད་མེད་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་དང༌། རྩོམ་པ་པོ། གསར་འགོད་ལས་གཉེར་བ་སོགས་ཀྱི་རང་དབང་ཐད་གདུང་སེམས་མཉམ་བསྐྱེད་དང༌། དེ་མིན་གོ་ལ་ཟླུམ་པོའི་སྒང་དྲང་བདེན་དང༌། འགྲོ་བ་མིའི་ཐོབ་ཐང༌། ཆོས་ལུགས་དད་མོས་རང་དབང་ཧུར་ལེན་བྱེད་མཁན་གྱི་སྐྱེས་འགྲོ་སྟོང་ཕྲག་དང་ལྷན་དུ། རོགས་སྐྱོར་དང་མཐུན་འགྱུར་གནང་རྒྱུའི་ཐབས་ལམ་དུ་མ་ཞིག་ཡོད། ཁྱོད་ཀྱིས་གློག་ཀླད་སོགས་ལས་ཁུངས་ཀྱི་མཁོ་ཆས་རྙིང་བ་དག་ཞལ་འདེབས་གནང་ཆོག་ལ། དེར་འདི་གའི་ལས་ཁང་གི་ལས་མི་ཡོངས་ནས་ཚབ་ཞུས་ཏེ་དགའ་བསུ་ཞུ་རྒྱུ་ཡིན།

སྐུ་ཉིད་འཚོ་བཞུགས་བྱེད་ཡུལ་དུ་བོད་དོན་དང་འབྲེལ་བའི་གསར་འགྱུར་གནས་ཚུལ་དག་ང་ཚོར་མཁོ་འདོན་གནང་བར་ང་ཚོས་དང་བླངས་ཞབས་ཞུ་བ་འཚོལ་སྙེགས་བྱེད་བཞིན་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཇོམ་ལ་དྲ་ཚིགས་བདག་གཉེར་ལམ་ལུགས་དང་དྲ་ཐོག་གསར་འགྱུར་གྱི་རྩོམ་སྒྲིག་ཞིབ་བཅོས་ཐད་ཉམས་མྱོང་ཡོད་རིགས་ཀྱི་དང་བླངས་པ་འཚོལ་སྙེགས་བྱེད་བཞིན་ཡོད་ཅིང༌། ང་ཚོ་དང་ལྷན་དུ་ཕྱག་ལས་མཉམ་སྐྱོང་གནང་འདོད་ཡོད་པའམ་ཡང་ན་ང་ཚོར་ཞལ་འདེབས་འབུལ་འདོད་ཡོད་པ་དག་གིས་ང་ཚོར་འབྲེལ་གཏུགས་བྱ་རོགས། ང་ཚོའི་འབྲེལ་གཏུགས་བྱེད་ཡུལ་གྱི་གློག་འཕྲིན་ཁ་བྱང་ནི།

སྐུ་ཉིད་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བར་དོ་སྣང་དང་དགའ་མོས་གནང་བར་ཐུགས་རྗེ་ཆེ། ཁྱོད་ཅག་གི་རོགས་འདེགས་དང་མཉམ་ལས་ཀྱིས་བོད་དོན་ཁྱབ་བསྒྲགས་ཐད་ལས་ཁུར་གནང་བཞིན་པའི་བོད་ཀྱི་གསར་འགོད་པ་ཚོར་མ་འོངས་མདུན་ལམ་གསར་བ་ཞིག་སྐྲུན་ཐུབ་པའི་གསོལ་བ་སྨོན་འདེབས་གྲངས་མེད་ཞུའོ།

འདི་ག་གསར་ཁང་དུ་དང་བླངས་ཀྱི་ལས་གཉེར་གནང་མྱོང་མཁན། མེ་ཏུའུ་སི། Mr. Mateus བྷི་ར་ཟིལ། ཁི་རི་སི་ཊོབ་པེར། Mr. Christopher ཨ་རི། ཀ་ཊིས་ལིན། Ms. Katie Lynn ཨ་རི། དྷོ་རོ།Ms. Dorota པོ་ལན་ཌི། ཨར་ཆིས། Mr. Archie དབྱིན་ལན་ཌི ཇོན་ཨུ་ཡེན་ནོ། John Uyeno ཁ་ན་ཌ། ཕེ་བྷེ། Pheebe ཨ་རི། ཇེ་ཧམ་མིལ་ཊོན། J.Hamilton ཨ་རི། ཨེ་སི་ཧར་ཊི། S.Hartigan ཨ་རི།

Tags:

🔥 Trending searches on Wiki བོད་སྐད:

ཟླ་༩ཚེས་༤ཉིན་རྦིར་མིང་ཧམ། (ཨ་ལ་པ་མ།)དགེ་བ་བཅུ་བཀྲ་ཤིས་བརྒྱད་པབསམ་པ་ལྷུན་འགྲུབ་མ་བཞུགས་སོ།སི་ཝེ་དེན།༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རོ་མ་ནི་ཡ།གདུགས་དཀར་མཆོག་གྲུབ་མ་ཞི་བདེ་རྒྱ་མཚོ་ཆེན་པོ།ལྷོ་ཀོ་རི་ཡ།སྡེ་དགེཡང་འཇུག་གཉིས་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།བྱ་རྒོད།ཉིང་ཁྲི།ཁ་བཏགས།ཁུརོ་ཤི་ཡ།པ་པུ་འ་ནིའུ་གི་ནེ།ཨོཾ་མ་ཎི་པ་དྨེ་ཧཱུྃ།སྐྱེས་ཆེན་དམ་པ་ལུ་ཀཱ།ཐའི་ལེན།ལུད་ཝིག་ཝིཏ་གེན་སི་ཏེ་ཡིན།གོང་དཀར་རྫོང་།ཨའི་ཅི།ཨེ་ཤེ་ཡ།ཟངས་ཆས་སྤྱོད་པའི་དུས་རབས།མེ་ཏོག་ཧོང་ཀྲང་།འཛམ་གླིང་འཁྲུག་ཆེན་གཉིས་པ་ཨའི་ནུ་སྐད།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་ལམ་རིམ་བསྡུས་དོན་ལྷོ་ཨ་ཧྥེ་རི་ཁ།སེ་པན་སྐད།ནི་ཀ་ར་གུ་ཝ།རྡོ་ཀུབ།སྦི་རགསྒོག་ལོགབར་དོའི་སྨོན་ལམ་འཇིགས་སྐྱོབས་མ་དབུས་མཐའ་རྣམ་འབྱེད་བསེ་རུ།ཧྥ་རན་སི་ཡི་ས་ཁུལ་།ཝེ་ནེ་ཟུའེ་ལ།ཇ་མི་ན།སློབ་དཔོན་ཐུ་མི་སམ་བྷོ་ཊ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།རྣམ་དབྱེ་བཞི་བ་དགོས་ཆེད་འཕར་སྤྱང་།ཅིན་རྒྱལ་རབས།སྙིང་ཐིག་སྔོན་འགྲོ་ཧང་ངེ་རྫོང་།མངོན་རྟོགས་རྒྱན་གླང་ཆེན།རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།དངུལ་ཆུ་དྷརྨ་བྷ་དྲ་ཁ་ཐོག་གི་ཆགས་སྦྱོར།མོ་ཟ་རེལ་ལ། (ཆུར་བ།)དོན་གྲུབ་རྒྱལ།བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན།ལོ་རྟགས་ཀྱི་བདུན་ཟུར་སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདནང་པ་སངས་རྒྱས་པ་པ་ག་ཏ🡆 More