འཐེན་ཤུགས་ཀྱི་རླབས་

ཨ་རིའི་ཡུལ་རྩིས་ལྟར་བྱས་པའི་ཟླ་2པའི་ཚེས་11ཉིན་གྱི་ཞོགས་པའི་ཆུ་ཚོད་10དང་ཕྱེད་ཀར། ཨ་རིའི་རྒྱལ་གཞུང་ཚན་རིག་ཐེབས་རྩ་ཚོགས་པས(བསྡུས་ན་NSFཞེས་འབོད)མ་སི་ཆི་སི་ཚི་མངའ་སྡེའི་ཚན་རྩལ་སློབ་གླིང་དང་། ཁ་ལི་ཧྥོ་ནུ་མངའ་སྡེའི་ཚན་རྩལ་སློབ་གླིང་། LIGOཚན་རིག་མཉམ་འབྲེལ་རྩ་འཛུགས་བཅས་ཀྱི་ཚན་རིག་པ་དག་བསྡུས་ཏེ་ཝ་ཞིན་ཐོན་གྱི་རྒྱལ་ཁབ་སྨྱན་བྱེད་སྟེ་བ་ནས་མིའི་རིགས་ཀྱིས་ཐེངས་དང་པོར་སའི་གོ་ལར་སླེབས་པའི་“འཐེན་ཤུགས་ཀྱི་རླབས”(མཆན།༡ འདི་ལ་དབྱིན་སྐད་དུ་Gravitational Waveཟེར། རྒྱ་ཡིག་ལ་ཀྲུང་གོའི་སྐམ་ས་ཆེན་པོ་ནས་引力波ཞེས་དང་ཐེ་ཝན་ནས་重力波ཞེས་བསྒྱུར་འདུག བོད་སྐད་དུ་ལྗིད་ཤུགས་ཀྱི་རླབས་ཞེས་ཀྱང་ཟེར་ཆོག གཤམ་དུ་འཐེན་རླབས་ཞེས་བསྡུའོ།།)ཉིད་ཐད་ཀར་འཚོལ་ཞིབ་ཐིག་ལེན་ཐུབ་པ་དངོས་སུ་ཁྱབ་བསྒྲགས་བྱས། གཏམ་བཟང་དེ་ཐོས་འཕྲལ་འཛམ་གླིང་ཡོངས་ཀྱི་དངོས་ཁམས་རིག་པ་བ་དང་། མཁའ་དཔྱད་རིག་པ་བ་སོགས་གཙོ་བྱས་པའི་ཚན་རིག་པ་དང་རིག་གཞུང་དོན་གཉེར་བ། དེ་མིན་ཚན་རྩལ་ལ་བློ་ཕྱོགས་པའི་སྐྱེ་བོ་མང་པོ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་དགའ་བས་མྱོས། སྐད་གྲགས་ཆེ་བའི་དངོས་ཁམས་རིག་པ་བ་སི་ཐེ་ཧྥོན་ཧའོ་ཁེན་གྱིས་གཏམ་དེ་ཐོས་འཕྲལ་གསར་འགོད་པར“འཐེན་རླབས་ཀྱིས་སྲིད་པ་ཆེན་པོར་དཔྱད་པའི་ཐབས་གསར་བ་ཞིག་སྤྲོད་པར་བྱེད་ཅིང་དེ་ལ་བརྟེན་ནས་མཁའ་དཔྱད་རིག་པར་གསར་བརྗེ་ལྟ་བུའི་འགྱུར་བ་འབྱུང་ཡང་སྲིད། འདི་ནི་ཕུག་པ་ནག་པོའི་རྒྱུ་གཉིས་ཀྱི་མ་ལག་གསར་དུ་རྙེད་པ་དང་ཕུག་པ་ནག་པོ་ཕན་ཚུན་འདྲེས་པའང་ཐོག་མར་ཤེས་པ་རེད”ཅེས་གསུང་།

Tags:

🔥 Trending searches on Wiki བོད་སྐད:

དེ་སྒྲ་གཟའ་ཕུར་བུ།ཨུ་ཟ་བེ་ཀི་སྟན།ཡེ་ཤུའི་ཆོས་ལུགསཟླ་༨ཚེས་༢ཉིན་ཁྲི་ལྡེ་གཙུག་བརྟན།ཏཱ་ལའི་བླ་མ་༡༩༨༦ལོ།གངས་འདབས་ཀྱི་རོལ་དབྱངས།༡༩༩༠ལོ།ད་ལྟའི་བྱ་བ།ཆུ་ཁམས་འཁོར་སྐྱོད།ཀྲེ་ནེ་ཝ།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།༢༠༡༣ལོ།མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་གཡང་ཊི།བརྒྱན་དྲུག་མཆོག་གཉིས་སྟོད་པ།དན་མྲགཟླ་བ།སྐུ་གཟུགས་བཞེངས་པའི་ཕན་ཡོན།བོད་རྒྱལ་ཁབ་ཀྱི་རྒྱལ་གླུསངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་མ་ཧེ།སི་ཝེ་དེན།ཧེན་ཐའེ།དབུ་བརྙེས།གསེར་གདུང་འཛམ་གླིང་རྒྱན་གཅིག་ཕོ་རོགགུ་རུའི་རྣམ་ཐར།བསྟན་འཛིན་རྒྱ་མཚོ།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ཧྥོར་ཅཱ་གཙང་པོ།གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགཚེ་སྨོན་གླིང་ལྦེ་ཁེ་རིག་མཛོདབསྟན་འགྱུར་དཀར་ཆག་ཨུ་རུ་སུ།ཆང་ཆོས་རྒྱལ་མྱ་ངན་མེད་ས་སྐྱའི་སྲིད་སྐྱོང་དུས་རབས།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་ས་སྐྱ་ལེགས་བཤད།ཁུརོ་ཤི་ཡ།པེ་ཅིང་གྲོང་ཁྱེར།སློབ་དཔོན་དབྱིག་གཉེན་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ས་སྐྱའི་ལེགས་བཤད་རྩ་འགྲེལ་སེ་པན་སྐད།བཀའ་བསྡུ་དང་པོ་གཏམ་པད་མའི་ཚལ་གྱི་ཟློས་གར་མ་ལ་ཤི་ཡ།བལ་ཡུལ།དབུ་མ་ལ་འཇུག་པ་ཞེས་པའི་མཚན་བྱང་མཱོན་ཊི་ཝི་ཌོ།བཅོ་ལྔ་མཆོད་པ།བཤེས་པའི་སྤྲིངས་ཡིག༡༩༨༩ལྡེ་སྣོལ་པོ།སྲས་དགའ་བོ་འབའ་ཆོས་སྡེ་དགོན།པ་ར་མི་ཏ།ཟླ་༡༠ཚེས་༡༤ཉིན་ཁ་ཆེ་ཕ་ལུ།🡆 More