བོད་མིའི་དར་ལྕོག་འཛུགས་སྲོལ་

བོད་མིས་ལ་རྩེ་དང་ཁང་བའི་ཡང་ཐོག་གྲོང་ཁྱིམ་དང་། སྒོ་མཆོར་གྱི་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད་པ་དེ་ནི་བོད་མིའི་གནས་ཡུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མེད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པས། དར་ལྕོག་ཡོད་ན་དེ་གར་བོད་མི་ཡོད་པ་གཏན་འཁེལ་ཡིན།

དར་ལྕོག་ནི་དར་རམ་རས་ཀྱི་སྟེང་དུ་གཟུངས་སྣ་ཚོགས་དཔར་ནས་རི་རྩེ་དང་ལ་ཁ།ཡང་ན་སྒོ་ཁང་གི་ཀླད་སོགས་རླུང་བུ་རྒྱུ་ས་ཀུན་ཏུ་བསྐྱོད་པ་དེ་ལ་ཟེར།བཤད་རྒྱུན་ལ་ལར་དར་ལྕོག་ཐོག་མར་དམག་གི་རྟགས་དང༌།ཡང་འགའ་རེས་ས་རྟགས་ཡིན་པ་ཕྱིས་སུ་ཆོས་ལུགས་ཀྱི་ཕྱག་སྲོལ་དུ་གྱུར་ཚུལ་བཤད་པར་དཔྱད་རྒྱུ་ཡོད་དོ།།

དར་ལྕོག་གི་ཕན་ཡོན་ནི། ནང་ཆོས་ལས་གཟུངས་སྔགས་དཔར་བའི་དར་གྱི་སྟེང་དུ་རླུང་ཕོགས་པའི་རླུང་དེ་སེམས་ཅན་གང་གི་སྟེང་དུ་ཕོགས་ན་སེམས་ཅན་དེ་ལ་ངན་འགྲོ་མེད་པར་གསུངས་པ་དང༌།འཇིག་རྟེན་འདིའི་དབང་དུ་བཅོས་ན།རྐྱེན་ངན་བར་ཆད་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགོག་པ་དང༌།ཚེ་བསོད་དབང་ཀླུང་སྙན་གྲགས་སོགས་མཐུན་པའི་ཕྱོགས་ཐམས་ཅད་གོང་ནས་གོང་དུ་རྒྱས་པ་སོགས་ཀྱི་དགེ་མཚན་ལྡན་ནོ།།

དར་ལྕོག་གི་མཚོན་དོན་ནི། སྤྱི་བཏང་དར་ལྕོག་ནི་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་སོགས་དར་ཚོན་སྣ་ལྔའི་སྟེང་དཔར་སྲོལ་ཡོད་ལ། དེ་དག་ནི་འབྱུང་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔར་བགྲང་ཡང༌། རྩིས་གཞུང་དུ་ཤིང༌དང་མེ།ལྕགས་དང་ཆུ།ས་བཅས་ལྔ་བགྲང་མོད། འོན་ཀྱང་དར་ལྕོག་གི་ཁ་དོག་དེ་དག་བསྒྲིགས་སྟངས་ལ་འདྲ་མི་འདྲ་མང་བོ་མཐོང་རྒྱུ་ཡོད་མོད། སྔ་རབས་དབུས་གཙང་ཕྱོགས་ཀྱི་ཕྱག་རྒྱུན་ལྟར་བྱེད་དེ། དེ་ནི་སྔོན་པོ་གནམ་དང༌། དཀར་པོ་སྤྲིན། དམར་པོ་མེ།ལྗང་གུ་ཆུ། སེར་པོ་སའི་མཚོན་དུ་བཤད་དོ། ། དར་ལྕེ་ནི། རང་རང་གི་རླུང་རྟའི་ཁམས་ཀྱི་མདོག་གོང་དུ་བྱ་ལ།དེ་ནས་རིམ་བཞིན་དགྲ་འདེད་ཀྱི་ཁ་དོག་སྣ་ལྔ་བྱའོ། །

ད་ལྟ་དར་ལྕོག་གི་ངོས་སུ་ཁ་མཆུ་ནག་པོ་དང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན། རླུང་རྟ་སྡེ་བཞི་སོགས་འགོད་ཀྱིན་འདུག་ལ། དེ་ནི་བྱ་ལས་འགྲུབ་པ་དང་ན་ཚ་མེད་པ། དབང་ཐང་དང་རླུང་རྒྱས་པ། ཁ་ལས་དགེ་ཞིང་ཚེ་ཐག་རིང་བ་སོགས་ཀྱི་ཆོ་ག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།

Tags:

🔥 Trending searches on Wiki བོད་སྐད:

རྣམ་འདྲེན་བཞི་པ་རྒྱལ་དབང་སྐུ་འཕྲེང་རིམ་བྱོན།བསམ་གཏན་བཞི་ཁ་ན་ཌ།མོན་པ།བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།ཁྲི་ལྡེ་གཙུག་བརྟན།དགེ་འདུན་ཆོས་འཕེལ།མུ་ཟི།ཧ་ནུ་མན།ལུང་སྟོན་པ་ཤ་མུ་ཨེལ།གུ་རུའི་རྣམ་ཐར།འཛམ་གླིང་འཁྲུག་ཆེན་གཉིས་པ་གློག་ཀླད།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པཀུན་སློང་གཉིས་ཟླ་༢ཚེས་༢༦ཉིན་ས་མོའ།ཟླ་༥ཚེས་༢༡ཉིན་རྒྱན་དྲུག་མཆོག་གཉིས་རྫོང་ཁག་མི་ཕམ་སྐད་གཉིས་ཤན་སྦྱར་སྨད་རྩི་ཤིང་རིག་པ།ཀུན་གཞིའི་རྣམ་ཤེས་རྒྱལ་སྲས་ལག་ལེན།མར་ཏིན་ལུ་ཏར་ཁིན།རིང་བསྲེལ་།རྡོར་དྲིལ་སོགས་མཆོད་ཆས་རྣམས་ཀྱི་མཚོན་དོན་སྐོར་དྲུག་པ་ཚེས་བཞི་ལ་དྭགས་ཀྱི་སའི་བདག་པོ་མི་ཆོས་གཙང་མ་བཅུ་དྲུག་པུ་ར་ག་རི་ཡ།རྒྱུད་སྤྱིའི་དངོས་པོ་གསལ་བར་བྱེད་པའི་ཡི་གེ་ཁྲིམས་རྩོད་པ།མི་དགེ་བ་བཅུགཟའ་མིག་དམར།རིག་གནས་གསར་བརྗེ་ཆེན་པོVampireཕོ་ལན།རུས་པའི་རྒྱན་དྲུགདབྱིན་ཇི་མཉམ་འབྲེལ།ཁྱི།རིང་བསྲེལ་གསུམ།གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགསྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདགཡོ་སྐར།རབ་བྱུང་བརྩི་ཚུལ་ཀརྨ་གན་དཀར་རྦ་བཞེད་བཤང་སྒོའི་ཆགས་སྦྱོར།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ཕ་རོལ་དུ་ཕྱིན་པ་དྲུག་མེ།གསོ་རླུང་།ཟིང་སྐྱ །བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ཨོ་བི་རྡི།རིན་ཆེན་མང་སྦྱོར་ཆེན་མོ་ཞབས་བྲོ།ཟླ་༢ཚེས་༡༢ཉིན་ཧྥིན་ལན།བལ་ཡུལ།རྩིས་རིགགཉུག་རླུང་།སིལ་ཁུ།🡆 More