དབྱངས་གསལ་ཡི་གེ་

སྒྲ་མཚོན་ཡི་གེ་འབྲི་བའི་རྩ་བའི་སྡེ་ཚན་ལ་དབྱངས་གསལ་ཡི་གེ་ཟེར། དབྱངས་གསལ་ཡི་གེ་ཡོད་ཚད་གོ་རིམ་ངེས་ཅན་ལྟར་བསྒྲིགས་ན་དབྱངས་གསལ་ཡི་གེའི་རེའུ་མིག་ཏུ་གྲུབ་པ་རེད། དབྱངས་གསལ་ཡི་གེའི་རེའུ་མིག་གི་ནང་དུ་དབྱངས་གསལ་ཡི་གེ་མ་གཏོགས་ད་རུང་དབྱངས་གསལ་ཡི་གེའི་མིང་དང་དབྱངས་གསལ་ཡི་གེའི་གོ་རིམ། དབྱངས་གསལ་ཡི་གེའི་གཟུགས་དབྱིབས་ཏེ། པར་མའི་ཡིག་གཟུགས་དང་ལག་བྲིས་ཡིག་གཟུགས་ལ་སོགས་པ་འདུས་ཡོད།

བྱུང་ཚུལ། ཡི་གེ་བྱུང་བ་ནས་བཟུང་དབྱངས་གསལ་ཡི་གེ་བྱུང་བའི་བར་དུ་རྙོག་འཛིང་ཆེ་བའི་རིམ་འགྱུར་གྱི་བརྒྱུད་རིམ་ཞིག་ཡོད། འབྱུང་གཞིར་རྟོག་ཞིབ་བྱེད་པ་གཞིར་བཟུང་ན། སྔ་ཤོས་ཀྱི་དབྱངས་གསལ་ཡི་གེ་ཡང་འདྲ་གཟུགས་ཡི་གེ་ལས་ཐོན་པ་རེད། འདྲ་གཟུགས་ཡི་གེ་དུས་སྐབས་ཕྱི་མར་སླེབས་དུས། སྒྲ་མཚུངས་གཡོར་འདྲེན་གྱི་བྱེད་ཐབས་རྒྱ་ཆེར་བེད་སྤྱོད་བྱས་ནས་རིས་དབྱིབས་ཁ་ཤས་རིམ་བཞིན་གོ་དོན་གྱི་འཆིང་རྒྱ་ལས་ཐར་ཏེ། ཐད་ཀར་སྐད་སྒྲ་མཚོན་བྱེད་དུ་གྱུར་བ་རེད། ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ངོ་སྟོང་ཕྲག་གཉིས་ཙམ་གྱི་སྔོན་དུ། ཨའེ་ཅིའི་ཡི་གེའི་ཤུགས་རྐྱེན་ཐེབས་པས། པ་ལེ་སི་ཐན་ཞེས་པའི་ས་ཁུལ་དུ་བསྡད་ཡོད་པའི་སེ་མུའུ་བས་རིས་དབྱིབས་ཀྱི་གཟུགས་མཚོན་བྱེད་དམ་དོན་མཚོན་བྱེད་ཀྱི་ཐབས་ཤེས་སྤངས་ནས། ཐད་ཀར་བརྡ་རྟགས་ཀྱི་སྐད་སྒྲ་མཚོན་པ་རེད། འཛམ་གླིང་གི་དབྱངས་གསལ་ཡི་གེ་དེ་ཡང་ཡི་གེ་དང་འདྲ་བར་འབྱུང་ཁུངས་གཅིག་ལས་བྱུང་བ་མིན། ཡིན་ན་ཡང་གནའ་རབས་ཏི་ཀྲུང་ཧའེ་རྒྱ་མཚོའི་མཚོ་འགྲམ་ཤར་ཁུལ་དུ་ཚོང་ལས་ཤིན་ཏུ་དར་ཞིང་རྒྱས་པ་དང་། སེ་མུའུ་ཡི་ཡི་གེ་བེད་སྤྱོད་བྱེད་པའི་ཧྥེ་ཉི་ཅི་བས་ཡུལ་མང་བོར་འགྲིམས་ནས་ཚོང་གཉེར་བྱས་པས། དབྱངས་གསལ་ཡི་གེ་འདི་ཡང་དེ་དང་བསྟུན་ནས་རྒྱ་ཁྱབ་ཏུ་དར་བ་རེད། རྗེས་སུ་མི་རིགས་མང་བོའི་གཅིག་ལ་གཅིག་བརྒྱུད་ནས་སྤེལ་ཏེ། རང་རང་གིས་གནས་ཚུལ་དངོས་གཞིར་བཟུང་ནས་བཅོས་སྒྱུར་བྱས་པས། རིམ་བཞིན་སོ་སོ་ཐ་དད་དུ་གྱུར་བ་དང་དབྱངས་གསལ་ཡི་གེའི་མ་ལག་སྣ་ཚོགས་བྱུང་བ་རེད། 2 རིམ་འགྱུར། 2_1 ཁ་ན་ཨན་ཡི་གེ། དུས་སྔ་མའི་ཞི་པའོ་ལའེ་ཡ་ཡི་གེ་དང་ཧྥེ་ཉི་ཅིའི་ཡི་གེ་སོགས་འདུས་ཡོད། དབྱངས་གསལ་ཡི་གེ་འདི་སྤྱོད་པའི་ཡིག་རིགས་དེང་སྐབས་ཕལ་ཆེར་ཉམས་སོང་། 2_2 ཞི་ལ་ཡི་གེ། ཞི་ལ་བས་སེ་མུའུ་ཡི་གེ་སྤྱད་ནས་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་ཞིག་བྱས་ཏེ། ད་ལྟའི་འཛམ་གླིང་གི་དབྱངས་གསལ་ཡི་གེ་མང་བོའི་རྨང་གཞི་བཏིང་བ་རེད། 2_3 ཨ་ལ་མཱ་དབྱངས་གསལ་ཡི་གེ། འདིའི་ཁོངས་སུ་གཏོགས་པའི་ཡིག་རིགས་ཧ་ཅང་མང་བ་དང་རིམ་འགྱུར་གྱི་ལོ་རྒྱུས་ཤིན་ཏུ་རྙོག་དྲ་ཆེ་ལ། ད་སྐབས་མི་མཐུན་ས་ཡང་ཤིན་ཏུ་མང་། སྔ་ཤོས་ཀྱི་ཨ་ལ་མཱ་དབྱངས་གསལ་ཡི་གེ་ཕལ་ཆེར་ནི་དུས་རབས་བརྒྱད་པ་ནས་བྱུང་ཞིང་། སྤྱི་ལོ་སྔོན་ཀྱི་དུས་རབས་གཉིས་པའི་བར་དུ་བེད་སྤྱོད་བྱས།

Tags:

🔥 Trending searches on Wiki བོད་སྐད:

སྲོང་བཙན་སྒམ་པོ།དབྱར་རྩྭ་དགུན་འབུ་དགའ་སྐྱིད།བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ཚངས་པ།དགུ་རོང་རྒྱལ་སྲས།ལོ་རྒན་དྲུག་བཅུ་ཧ་ཇི་མེ་ཏ་ན་ཕེ།༢༠༢༣ལོའི་ཨེ་སི་རལ་དང་ཧ་མ་སི་བར་གྱི་འཐབ་འཁྲུགར་མ།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།ཐང་ཤིང་།མཁན་སློབ་ཆོས་གསུམ།ཨུཀ་རཡི་ནི།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ཨོཾ་མ་ཎི་པ་དྨེ་ཧཱུྃ།དྲག་རྩལ།བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིགདཔལ་ལྡན་ཟླ་བ་གྲགས་པ་ཚ་ཚ་སློབ་དཔོན་སེང་གེ་བཟང་པོ།བོད་ཀྱི་རྒྱལ་རབས་༡༩༩༨ལོ།ངག་དབང་བློ་བཟང་རྒྱ་མཚོ་འཛམ་གླིང་དཔེ་ཀློག་ཉིན་མོ་རོལ་རྩེད།ཟླ།ཆོས་གྲགས་པུཎྜ་རི་ཀབྷང་ལ་རྡེ་ཤུ།སློབ་དཔོན་དབྱིག་གཉེན་ས་སྡེ་ལྔ།པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་འབྲུག་གི་རྒྱལ་དར།ལས་ཀྱི་འབྲས་བུ་གསུམ་ཀྲུང་གོགྲངས་གནས་ཀྱི་ཀློག་སྟངས་བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།བྱ་ཏེ་རྗེ་ཙོང་ཁ་པའི་རྣམ་ཐར།རྒྱལ་ཚབ་དར་མ་རིན་ཆེན།སྡེ་སྲིད་སངས་རྒྱས་རྒྱ་མཚོ།༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།ནཱ་རོ་ཆོས་དྲུག་བྱུང་འཛིན།ཧའི་ཏི།ཕ་རོལ་ཕྱིན་པ་བཅུ་ལྦེ་ཁེ་རིག་མཛོདདམིགས་བརྩེ་མ།ཨེ་ཛིའི་ནད་དགའ་གདོང་དགོནབཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས་ཚེ་མདོབྷེ་ལ་རསུ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་གསོལ་བཞུགས་སོ།ཀཱ་རི་ཀ་ལྔ་བཅུ་བཀའ་བསྡུས་མངོན་བརྗོད།་མན་རྡ་ར།ཉ།འབྲས་ལྗོངས།རྩམ་པ།ལ་དྭགསརབ་རྟོག་གི་རྒྱན་གསུམ།འཛམ་གླིང་འཁྲུག་ཆེན་གཉིས་པ་རིན་ཆེན་མང་སྦྱོར་ཆེན་མོ་ཀ་དམ་པ་བདེ་གཤེགས་🡆 More