གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་

འཁྲུངས་ཡུལ་གཙང་མྱང་སྟོད་སྟག་ཚལ་དུ་མྱང་རལ་པ་ཅན་དང་ཉི་མ་འོད་ཟེར་སོགས་ཀྱི་རྒྱུད་པ་ཡབ་སྔགས་འཆང་སངས་རྒྱས་དཔལ་ལྡན་དང། ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ་(༡༤༥༢)ལོར་སྐུ་འཁྲུངས། དགུང་ལོ་བདུན་པ་ས་སྟག་(༡༤༥༨)ལོར་མཁན་ཆེན་ཀུན་དགའ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། དེ་ནས་བཟུང་དགུང་ལོ་བཅུ་བདུན་གྱི་བར་རང་ཡུལ་དུ་སློབ་གཉེར་མཛད། དགུང་ལོ་བཅོ་བརྒྱད་པར་ཙ་རིར་བྱོན་ཏེ་རྗེ་བཙུན་ཤ་ཧ་རབ་འབྱམས་པ་སངས་རྒྱས་སེང་གེ་དང་མཇལ། རི་ཆོས་སྐོར་གསུམ། ཐར་གྲུ་སྐོར་གསུམ། ནཱ་རོ་ཆོས་དྲུག ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལྷན་གཅིག་སྐྱེས་སྦྱོར། དོ་ཧ་སྐོར་གསུམ་དང་མཛོད་དྲུག་རོ་སྙོམས་སོགས་བཀའ་བརྒྱུད་ཀྱི་ཆོས་སྐོར་ཕལ་མོ་ཆེའི་ལུང་གསན། རྗེ་བཙུན་མ་ལྷན་ཅིག་སྐྱེས་མའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་གསོལ། དེ་ནས་དཔལ་འཁོར་ཆོས་སྡེར་བྱོན་ནས་གཡུ་ལུང་ལ་ཡོན་ཏན་རྒྱ་མཚོའི་དྲུང་ནས་ཆོས་མང་པོ་གསན་ཅིང། དེ་བཞིན་སློབ་དཔོན་ཀུན་དགའ་ཉི་མ་དང། པཎ་ཆེན་དོན་གྲུབ་གྲགས་པ་སོགས་བསྟེན་ནས་གསང་སྔགས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ་བསྐྱེད་རྫོགས་ཀྱི་གདམས་པ་སོགས་མང་པོ་ཡུལ་ངེས་མེད་དུ་བྱོན། ཆ་ལུགས་ཀྱང་སྐབས་འགའ་ཞིག་ཏུ་སྐུ་གཅེར་བུ་ལ་མིའི་གཡང་གཞི་ཁྲག་ཅན་གསོལ། རྒྱུ་རློན་གྱིས་ག་ཤ་དང་གདུ་བུ་བྱས། མི་ཐོད་རློན་པར་ཀླད་པ་དང་རྒྱུ་མ་སོགས་རྩིབས་མས་དཀྲུགས་ཏེ་གསོལ། ཕལ་ཆེར་ཧེཿ རུ་ཀའི་ཆ་བྱད་རུས་རྒྱན་དང་ཐོད་པ། རྐང་གླིང། ཀ་ཊཱཾ་རྣམས་འཆང་ཞིང་དུར་ཁྲོད་དང་གྲོང་གསེབ་ངེས་མེད་དུ་བྱོན་ནས་ཐ་མལ་གྱི་བློར་མི་ཆུད་པའི་ཐོ་ཅོའི་སྤྱོད་པ་སྣ་ཚོགས་མཛད་པས་གཙང་སྨྱོན་ཞེས་གྲགས། མཛད་པ་ནི་བལ་ཡུལ་གྱི་འཕགས་པ་ཤིང་ཀུན་ཞིག་གསོ་དང། གྲུབ་གནས་མང་པོར་བཀའ་བརྒྱུད་ཀྱི་སྒྲུབ་སྡེ་བཙུགས། སྙན་བརྒྱུད་གླེགས་བམ་དུ་བཀོད་པ་པོ་ཏི་བཅུ་གསུམ་ལ་ཞུ་དག་གཙང་མ་དང་རབ་བྱུང་བརྒྱད་པའི་ས་སྤྲེལ་(༡༤༨༨)ལོར་རྗེ་བཙུན་མི་ལའི་རྣམ་ཐར་ལྗགས་རྩོམ་མཛད། ཉམས་མགུར་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་པར་དུ་བརྐོས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང་ལས་འབྲས་ལ་རྩི་འཇོག་ཆེ་བས་དགེ་སྡིག་ཆུང་ངུ་ཙམ་ཡང་ཁྱད་དུ་མི་གསོད། སློབ་མ་གྲངས་ཀྱིས་མི་ཆོད་པ་འདུས། ཡོངས་གྲགས་སུ་ཐུགས་སྲས་ཞེ་དགུ་། ཐུན་མུང་མ་ཡིན་པའི་ཐུགས་སྲས་བརྒྱད། བླ་ཆེན་བླ་ཆུང་དྲུག་ཅུ། རྟོགས་ལྡན་ཉེར་བརྒྱད། སྟོན་སྒོམ་ཉི་ཤུ། གྲུབ་ཆེན་བཅོ་བརྒྱད་དོགས་བསམ་གྱིས་མི་ཁྱབ་པ་བྱོན། མཐར་དགུང་ལོ་ལྔ་བཅུ་རྩ་དྲུག་པ་རབ་བྱུང་དགུ་པའི་མེ་ཡོས་(༡༥༠༧)ལོར་རས་ཆུང་ཕུག་ཏུ་སྐུ་གཤེགས་སོ།།

Tags:

🔥 Trending searches on Wiki བོད་སྐད:

མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།དབང་ཕྱུགསྡེབ་སྦྱོར་རིན་ཆེན་རྒྱ་མཚོ།ཤམྦྷ་ལའི་སྨོན་ལམ་བཞུགས་སོ།།ལུགས་ཀྱི་བསྟན་བཅོས།ཁྲི་བཙན་ནམ།སློབ་དཔོན་དཔའ་བོ།བསིལ་ལྦུ།བཙན་བྱོལ་བོད་གཞུང་།བོད་རྒྱལ་ཁབ་ཀྱི་རྒྱལ་གླུརྡོ་རྗེ་གཅོད་པ་མངོན་པར་ཞེན་པ་ལྔ་བིར་སྒྲེལ།རླུང་དྲོད་སྙོམ་ཆས།བྱ་ཁྱིའུ།ཡུ་ཊོབ་དཔལ་རིའི་སྨོན་ལམ་མཱོན་ཊི་ཝི་ཌོ།ཀརྨ་ཞྭ་དམར་སེ་ཨུལ།རྣག་རུལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ།རྒྱན་དྲུག་མཆོག་གཉིས་སྒྱུ་རྩལ།ཁ་ཆེ་ཕ་ལུ།སུའུ་ལེན་གཉེན་ཚན་བར་ཆགས་སྦྱོར་བྱེད་པ།མཚོ་དབུས་གེ་སར་ཧྥ་ཤི་སིའི་རིང་ལུགས།གནམ་གྲུདག་ཡིག་ངག་སྒྲོན།ལི་ཐུ་ཨེ་ནི་ཡ།དྷི་ལི།པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།དུས་ཚོད།རིན་ཆེན་བྱུ་དམར་ཉེར་ལྔ་ཆོས་སྡིངས་དགོནརྣམ་དབྱེ་གསུམ་པ་བྱེད་སྒྲ་བཅོམ་ལྡན་འདས།སྨན།ཁྱད་པར་དུ་འཕགས་པའི་བསྟོད་པ་ཧྥེ་ཧྥེ།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ཟླ་༩ཚེས་༡༦ཉིན་རོང་ཟོམ་རྣམ་ཐར་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་༢༠༡༥ལོ།སེ་པན་སྐད།ཀུ་ཤུ།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་རྟེན་འབྲེལ་ཡན་ལག་བཅུ་གཉིས།བླ་མ།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པ་བུ་ལོ་པི་ཀ་སོ།ལུས་རྣམ་སྣང་གི་ཆོས་བདུན་ལྡན་ཨི་ཌོ་ནེ་ཤི་ཡ།དཔལ་ལྡན་ཟླ་བ་གྲགས་པ་སུམ་བ་བཅུ་པ།ཞི་བདེ།༡༩༨༩བྱེས་འབྱོར་བོད་ཀྱི་རྩོམ་རིག་གི་འཕེལ་རིམ།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།འཇོར་ཇི་ཡ། (ཨ་མེ་རི་ཁ།)གདོང་ཤོགའཇར་མན།རྫོགས་ཆེན་དགོན།སྨྱུང་གནས།མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་🡆 More