ཀུན་མཁྱེན་འཇམ་དབྱངས་བཞད་པ་

བོད་ཀྱི་ནང་བསྟན་ཆོས་ལུགས་ཐོག་དབུས་གཙང་ཁམས་གསུམ། མདོ་སྨད། རྒྱ་སོག་བཅས་ཀྱི་ཡུལ་གྲུ་མང་པོར་མཚན་སྙན་ཤིན་ཏུ་ཆེ་ཞིང་། མེས་རྒྱལ་གོང་བུ་གཅིག་གྱུར་ཐོག་མཛད་རྗེས་རླབས་ཆེན་ལྡན་པའི་དགེ་ལུགས་ཀྱི་བླ་ཆེན་ཞིག་ཡིན། ད་ལྟ་བར་སྐུ་ཕྲེང་དྲུག་ཕེབས་པའི་སྐུ་ཕྲེང་དང་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་རབ་བྱུང་བཅུ་གཅིག་པའི་ས་བྱི(༡༦༤༨)ལོ་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང(༡༧༢༡)ལོ་བར་དགུང་ལོ་དོན་བཞི་བཞུགས། སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ(༡༧༢༨)ལོ་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོ་བར་དགུང་ལོ་རེ་བཞི་བཞུགས། སྐུ་ཕྲེང་གསུམ་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་རབ་བྱུང་བཅུ་གསུམ་པའི་ཆུ་བྱི(༡༧༩༢)ལོ་ནས་རབ་བྱུང་བཅུ་བཞི་པའི་ཤིང་ཡོས(༡༨༥༥)ལོ་བར་དགུང་ལོ་རེ་བཞི་བཞུགས། སྐུ་ཕྲེང་བཞི་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་རབ་བྱུང་བཅུ་བཞི་པའི་མེ་འབྲུག(༡༨༥༦)ལོ་ནས་རབ་བྱུང་བཅོ་ལྔ་པའི་མེ་འབྲུག(༡༩༡༦)ལོ་བར་དགུང་ལོ་རེ་གཅིག་བཞུགས། སྐུ་ཕྲེང་ལྔ་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་རབ་བྱུང་བཅོ་ལྔ་པའི་མེ་འབྲུག(༡༩༡༦)ལོ་ནས་རབ་བྱུང་བཅུ་དྲུག་པའི་མེ་ཕག(༡༩༤༧)ལོ་བར་དགུང་ལོ་སོ་གཉིས་བཞུགས། སྐུ་ཕྲེང་དྲུག་པ་ད་ལྟ་ཞལ་བཞུགས་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་རབ་བྱུང་བཅུ་དྲུག་པའི་ས་བྱི(༡༩༤༨)ལོར་འཁྲུངས། སྐུ་ཕྲེང་སོ་སོའི་རྣམ་ཐར་ལོ་རྒྱུས་སྐོར་གཤམ་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་པ་ནས་སྐུ་ཕྲེང་ལྔའི་རྣམ་ཐར་བཀོད་ཡོད་པ་དེར་གཟིགས། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོར(སྤྱི་ལོ་༡༦༤༨)ད་ལྟའི་ཀན་ལྷོའི་བསང་ཆུ་རྫོང་གི་རྒན་གྱ་ཞང་དུ་ཡབ་དཔལ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཆུ་ཕོ་སྟག་ལོར་(སྤྱི་ལོ་༡༧༢༢)[《མདོ་སྨད་ཆོས་འབྱང་》དུ་ལྕགས་མོ་གླང་ལོ་(སྤྱི་ལོ་༡༧༢༡)ལ་འདས་ཞེས་གསུངས]སྐུ་གཤེགས། དགུང་ལོ་བདུན་པར་ཁུ་བོ་དགེ་སློང་བསོད་ནམས་ལྷུན་གྲུབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གསུམ་པར་འདུལ་འཛིན་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ཤིང་། དགུང་ལོ་ཉེར་དགུའི་བར་དུ་མཁས་རྒུའི་ཞབས་པད་བསྟེན་ནས་བཀའ་པོད་ཆེན་པོ་ལྔས་མཚོན་པའི་གཞུང་ལུགས་རབ་འབྱམས་ལ་གསན་སྦྱོང་ལྷུར་བཞེས་གནང་། དགུང་ལོ་ཉེར་བདུན་པར་རྒྱལ་དབང་ལྔ་བའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་ལོ་ཉེར་དགུ་བར་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་སྔགས་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སོ་གསུམ་པར་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ལོ་ངོ་ཉི་ཤུའི་རིང་དུ་ཐོས་དོན་སྒྲུབ་པས་ཉམས་སུ་བཞེས། དགུང་ལོ་ང་གསུམ་པར་སྒོ་མང་གྲྭ་ཚང་གི་བླ་མ་མཛད། ལྷ་བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱི་འགལ་ཟླ་ཇེ་ཆུང་དུ་གཏོང་བའི་བར་ཆིངས་མཛད། དགུང་ལོ་རེ་གཉིས་པར་དཔོན་ཇུ་ནང་གིས་དགོན་པ་གསར་འདེབས་ཀྱི་ཆེད་དུ་གདན་དྲངས་པ་ལྟར་མདོ་སྨད་དུ་ཕེབས་ཏེ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བ་འདི་ཉིད་ཕྱག་འདེབས་མཛད། དགུང་ལོ་དོན་གསུམ་པར་གོང་མ་ཁང་ཤིས་རྒྱལ་པོས་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་གསེར་ཐམ་གསེར་ཡིག་སོགས་གནང་བར་འབྱོར། ཁོང་གིས་སྐུ་ཚེ་གང་བོར་ཆོས་ཀྱི་གྲུ་ཆར་ཕབ་པས་མདོ་དབུས་ཁམས་གསུམ་དུ་བསྟན་འཛིན་གྱི་བུ་སློབ་མང་དུ་བྱུང་སྟེ། བསྟན་པའི་མངའ་བདག་ཏཱ་ལའི་པད་དཀར་འཛིན་པ། རྒྱལ་བ་གཉིས་པའི་གདན་སར་བཞུགས་པའི་ཁྲི་ཆེན་བཞི། འགྲོ་བ་དུ་མའི་འདྲེན་པར་གྱུར་པའི་བླ་ཆེན་བཅུ། ཆོས་ཀྱི་གདན་ཁྲིས་མཐོ་བའི་མཁས་ཆེན་ལྔར་གྲགས་པ་སོགས་བྱོན་ནོ། ཁོང་གི་གསུང་རྩོམ《དྲུང་ངེས་རྣམ་འབྱེད》དང་། 《སེམས་གཟུགས་མཐའ་དཔྱོད་ཆེན་མོ།》 《གྲུབ་མཐའི་རྩ་འགྲེལ》 《འཇིགས་བྱེད་ཆོས་འབྱུང་》བཅས་པོད་བཅོ་ལྔ་ལོངས་པ་ཡོད། །

http://www.tibetology.ac.cn/za/2009-07-03-11-34-15/zxxr/4929?view=article&id=4929&catid=196༽

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །སྨན་རྩིས་ཁང་།སྐུ་གཟུགས་བཞེངས་པའི་ཕན་ཡོན།རིན་ཆེན་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་བརྒྱན་དྲུག་མཆོག་གཉིས་སྟོད་པ།གངས་རིན་པོ་ཆེ།ཟླ་༨ཚེས་༦ཉིན་དཀོན་མཆོག་རྗེས་དྲན་དེ་སྒྲ་སྡེ་སྲིད་སངས་རྒྱས་རྒྱ་མཚོ།༢༠༠༧ལོ།གཏེར་སྟོན་སངས་རྒྱས་གླིང་པ་༢༠༠༥ལོ།ཉེ་རབས་ཟློས་གར།ལྟ་བའི་ བརྗེད་བྱང་ཆེན་མོ་ཚད་མ་རིག་པ་ཇོ་བོ་རྗེ་བོད་ཀྱི་འདྲ་གཟུགས་ཡི་གེ་རྣམ་ཐར་སྒོ་བཞི་རྐང་རྩེད་སྤོ་ལོ།རྗེ་རིན་པོ་ཆེའི་ལོ་ཚིགས་རྣམ་དབྱེ་གསུམ་པ་བྱེད་སྒྲ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།ཀོ་ཀིའི་གླུ་དབྱངས། (Google)ཕ་རོལ་ཕྱིན་པ་བཅུ་༣༡ (གྲངས་ཀ།)ཁོལ་ཁོལ་ཁུ་ནགབཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།ཀླ་ཀློ་ཁ་བོད་རང་སྐྱོང་ལྗོངས།ཀཱ་མ་རཱུ་པ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།༢༠༡༤ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།ཙོང་རིལ།བཀྲ་ཤིས་རྟགས་བརྒྱད།བལ་ཡུལ།ཀེ་རི་སི།C+རིག་གནས་བཅོ་བརྒྱད།ཁབ་ལེན་ཨིལ་སལ་ཝ་ཌོར།གཙོ་ངོས།ཐང་ཤིང་།ཕུར་བུ་རྣམ་རྒྱལ།ལྟུང་བཤགས་སེ་པན་སྐད།བར་དོ་དང་པོའི་འོད་གསལ་ངོ་སྤྲོད་བོད་ཀྱི་ཡུལ་གྲུ་སོ་སོའི་སྐད།ལོ་གསུམ་ཕྱོགས་གསུམ་བསྒྲུབ་པ་གཏེར་ཆུ།བཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས་ཀརྨ་པ་རང་བྱུང་རྡོ་རྗེ་སྐར་མ་སྨེ་བདུན་བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་སྨུག་པོའི།མི་བཟོས་རིག་ནུས།མ་པ་པན།ཚྭ།དཔལ་ལྷའི་དུས་ཆེན།སེ་འབྲུ།དམྱལ་ཁམས་བཅོ་བརྒྱད།ཁྲི་སྲོང་ལྡེ་བཙན།རྒྱུད་བཞི་ལི།མངོན་རྟོགས་རྒྱན་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ཨོཾ་མ་ཎི་པ་དྨེ་ཧཱུྃ།སྐྱེ་བ་སྔ་ཕྱི་🡆 More