ཀརྨ་པ་ཆོས་དབྱིངས་རྡོ་རྗེ་

(ཀརྨ་པ་སྐུ་ཕྲེང་བཅུ་པ)སྨར་སྟོད་ཀི་ཟི་ཐང་ཞེས་པར་ཡབ་ཁྱེའུ་ཐར་དང་། ཡུམཨ་འཚོ་ཞེས་པའི་སྲས་སུ་རབ་བྱུང་བཅུ་པའི་ཤིང་འབྲུག(༡༦༠༤)ལོར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཨོ་རྒྱན་སྐྱབས་ཞེས་ཞུ་ཞིང་། དགུང་ལོ་བརྒྱད་ལ་ཕེབས་པ་ལྕགས་ཕག(༡༦༡༡)ལོར་ཀརྨ་པའི་ཁྲི་ཐོག་ཏུ་མངའ་གསོལ་ཞུས། དགུང་ལོ་བཅུ་གཉིས་ལ་ཕེབས་པ་ཤིངཡོས(༡༦༡༥)ལོར་མཚུར་ཕུའི་གདན་སར་མངའ་གསོལ་ཞིང་། དཔའ་བོ་རིན་པོ་ཆེ་གཙུག་ལག་རྒྱ་མཚོས་ཆོས་དབྱིངས་རྡོ་རྗེ་ཞེས་མཚན་གསོལ། རྗེ་དེ་ཉིད་དང་། ཞྭ་དམར་གར་གྱི་དབང་པོ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་ལུང་ཁྲིད་དབང་སོགས་མཐའ་ཡས་པ་གསན། དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་ཤིང་བྱི(༡༦༢༤)ལོར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དུས་སྐབས་དེར་ཀརྨ་པ་རིན་པོ་ཆེ་ཉིད་ནས་དགེ་ལུགས་ཆོས་བརྒྱུད་འཛིན་སྐྱོང་གནང་མཁན་མཆོག་དམན་ཚང་མར་མཐུན་སྒྲིལ་དམ་གཙང་ཡོང་རྒྱུའི་དགོངས་བཞེད་ཀྱིས་ཐབས་མཁས་མཛད་པ་བསྐྱངས་གང་ཐུབ་གནང་ཡང་རྒྱལ་དབང་ལྔ་པ་ཆེན་པོའི་ཡབ་ཚང་དང་གཙང་པ་སྡེ་སྲིད་བར་ཕན་ཚུན་འགལ་ཟླ་ཆེ་བའི་ཐོག་། གཙང་པ་ཀརྨ་བསྟན་སྐྱོང་གིས་བེ་རི་རྒྱལ་པོ་དོན་ཡོད་དང་ཆ་ཧར་ལེགས་ལྡན་རྒྱལ་པོ་བཅས་དང་ངན་འབྲེལ་བྱས་ཏེ་དགེ་ལུགས་པའི་བླ་དགོན་ཚང་མར་སྡང་ཟུག་ཆེ་བའི་སྐབས་དངའཁེལ་ཏེ་གཙང་བེ་ཆ་གསུམ་གྱི་ངན་གྲོས་ཡི་གེའི་ཐོག་ཀརྨ་པ་རིན་པོ་ཆེའི་ཞབས་འབྲིང་འགའ་ཞིག་ནས་ལྐོག་ཏུ་ཕྱག་ཐམ་བརྐུས་ཏེ་ཆོད་ཡིག་ཐོག་ཕབ་པ་སོགས་རྐྱེན་ངན་མང་པོ་སྣེ་འདོམས་ལ་བརྟེན་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་(༡༦༤༢)ལོར་གུ་ཤི་ཧན་གྱི་དམག་དཔུང་གིས་གཙང་པ་རྒྱལ་པོའི་སྲིད་དབང་རྩ་གཏོར་བཏང་བ་དང་སྟབས་བསྟུན་ལྷོ་བྲག་དང་རྩ་རི་བརྒྱུད་གསང་སྟབས་ཀྱིས་ལྗང་ཡུལ་དུ་བྲོས་བྱོལ་ཕེབས་ཏེ་ཆུ་བྱི(༡༦༧༢)ལོ་བར་ལོ་སུམ་ཅུའི་རིང་ལྗང་ཡུལ་སོགས་ཡུལ་གྲུ་མང་པོར་ཕེབས་ནས་གདུལ་བྱའི་རེ་འདོད་དང་མཐུན་པའི་ཆོས་མང་དུ་གསུངས་ཤིང་། སྐབས་དེར་ལྗང་རྒྱལ་པོས་དགའ་ལྡན་ཕོ་བྲང་སྲིད་གཞུང་ལ་དམག་དྲངས་ཏེ་དགྲ་ཤ་ལེན་རྩིས་བྱས་པར་ཡང་ཆོས་དམ་ཚིག་དང་འབྲེལ་བའི་བཀའ་ནན་པོའི་སྒོ་ནས་བཀག་འགོག་མཛད་པ་སོགས་བསྟན་འགྲོ་སྤྱི་ལ་ཕན་པའི་མཛད་པ་བཟང་པོ་བསྐྱངས་པ་རྣམས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གིས་གསན་ནས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཆོག་མཚུར་ཕུའི་གདན་སར་ཕྱིར་ཕེབས་དང་འབྲེལ་སྔོན་ཆད་ཀྱི་དམ་སེལ་གནས་ཚུལ་སྐོར་གླེང་མེད་ཐུགས་མཐུན་དམ་གཙང་མཛད་རྒྱུའི་ཕྱག་བྲིས་ཕྱག་བསྟར་མ་ཡང་ཡང་གནང་བ་བཞིན། ཆུ་གླང(༡༦༧༣)ལོར་དབུས་སུ་ཕེབས་ཏེ་གོང་ས་ལྔ་པ་རིན་པོ་ཆེ་དང་མཇལ་འཕྲད་བཀུར་བཟོས་འགྲན་ཟླ་མེད་པ་གནང་སྟེ། མཚུར་ཕུའི་གདན་ས་ཆེན་པོར་ལྷོད་བཞུགས་མཛད་ཅིང་། རབ་བྱུང་བཅུ་གཅིག་པའི་ཤིང་སྟག(༡༦༧༤)ལོར་དགུང་ལོ་དོན་གཅིག་ཐོག་སྐུ་གཤེགས། འདིའི་རྣམ་ཐར་སྐོར《ཀརྨ་པ་སྐུ་ཕྲེང་བཅུ་པཆོས་དབྱིངས་རྡོ་རྗེའི་རྣམ་ཐར་བདུད་རྩིའི་བུམ་བཟང》!བྲིས་མ་ཤོག་གྲངས༤༧ཡོད་པ་ཞིག་འདུག་ཀྱང་ཁོ་བོར་བལྟ། ཀློག་གི་གོ་སྐབས་མ་ཐོབ་ཅིང་། འདིར་བཀོད་པ་ནི《ན༌རིམ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར》ཚིགས་བཅད་མ་ཞྭ་དམར་ཡེ་ཤེས་སྙིང་པོས་མཛད་པ་དང་འབྲེལ་ཡོད་བླ༌མ་གཞན་གྱི་མཛད་རྣམ་ནས་ཕྱོགས་བསྡུས་བྱས་པ་ཡིན། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

ཀརྨ་པ་ཆོས་དབྱིངས་རྡོ་རྗེ་
ཀརྨ་པ་ཆོས་དབྱིངས་རྡོ་རྗེ་

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ཆོས་རྒྱམ་དྲུང་པ་རིན་པོ་ཆེ།སུམ་བ་བཅུ་པ།བདུན་ཟུར་ཚད་མ་རིག་པའི་ཤེས་བྱ་སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཧེ་ནོ།ལམ་རིམ་བསྡུས་དོན་ཚོར་བ་ལྔ་ལེགས་སྦྱར་སྐད།ཅ་ཐའེ་ཅི།ཝིར་ཇི་ནི་ཡ།སི་ལོ་ཝེ་ནི་ཡ།ནེའུ་ཡོར་ཀ།ལང་ཚོའི་རྦབ་ཆུཧིན་ཏུའི་ཆོས་ལུགས།མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཨི་ཏ་ལི།སྙན་ངག་མེ་ལོང་བཞུགས་སོ།།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤརོས་ནེ་དེ་ཁར་ཏེ།ཨུ་རུ་གུ་ཡེ།ལོ་རྒྱུས།རྒྱ་མཚོ་ཆེན་པོའི་གླིང་ཆེན།སྒྲོལ་མའི་མཎྜལ་བཞི་ཆོག་བར་བ་ཌོ་སི།ལུགས་ཀྱི་བསྟན་བཅོས།མེ་ཏོག་ཧོང་ཀྲང་།བི་སའོ།༥༡ (གྲངས་ཀ།)གནས་ཉེར་བཞི་བསོད་ནམས་རྒྱ་མཚོ།སེ་པན་སྐད།བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན།པུ་རུ་ཟི་ལི་ཡ།ཤེས་རབ་སྙིང་པོ་ནེ་བ་ད།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་བསོད་ནམས་ཕྱོགས་ཀྱི་གླང་པོ།དགེ་འདུན་རྒྱ་མཚོ་ཚོ་ཁག་གི་ཆགས་སྤྱོད།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །ཧྥིན་ལན།ཏིང་ངེ་འཛིན།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་སྟག་རྩེ་རྫོང་།པུ་ཨེ་ནོ་སི་ཨས་རི་སིཁ་ལགམཆོག་གསུམ་ལོ་བདུན་རིང་གི་བོད།བློ་བཟང་ཡེ་ཤེས།མངོན་བརྗོད་ཕོར་ཏ་ལེ་ཟ་ཁོར་ཡུགགུ་རུའི་རྣམ་ཐར།ཚིག་ལྷུགནང་བསྟན།དྲི་མེད་ཀུན་ལྡན་རིང་བསྲེལ་།ཆུ་ངོགས་གཏམ་རྒྱུད།འབྲུག་ཡུལ།ཀུན་རྫོབ་བདེན་པ་ཚད་མ་རྣམ་འགྲེལ།རྟེན་འབྲེལ་ཡན་ལག་བཅུ་གཉིས།ཨོ་འ་ག་དོའུ་གོའུ།པ་ཀི་སི་ཐནཐེག་པ་ཆེན་པོ།ཇིང་ཁི་ཁན།ཧེན་ཐའེ།ཞི་བ་ལྷ།རི་དྭགས་ཆོས་འཁོར་🡆 More