ཀ་ཐོག་

སྔོན་དུས་རབས་བཅུ་གཉིས་པའི་དཀྱིལ་བོད་ཀྱི་རབ་བྱུང་གསུམ་པའི་ས་ཡོས(༡༡༥༩)ལོར་གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་ཆེན་པོ་ཀ་དམ་པ་བདེ་གཤེགས་ཀྱིས་འབྲི་ཆུའི་འགྲམ་སྤོ་འབོར་སྒང་དང་ཉེ་བའི་ས་གནས་སུ་ཕྱག་བཏབ་པའི་དགོན་པ་ཞིག་ཡིན། དེང་སང་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད། ཀ་དམ་པ་བདེ་གཤེགས་ཀྱིས་རང་ཉིད་ཀྱི་རྩ་བའི་བླ་མའཛམ་སྟོན་པས། ཁྱོད་ཀམ་པོའི་གནས་སུ་སོང་ནས་སྒྲུབ་པ་མཛད་དོ། ཀ་ཐོག་ཅེས་པའི་གནས་སུ་སོང་ན་བསྟན་པ་མཐར་རྒྱས་པ་ཞིག་འོང་ཞེས་ལུང་བསྟན་པ་ལྟར། ཉིད་ཀྱི་དགུང་ལོ་སོ་བརྒྱད་པ་སྟེ་རབ་བྱུང་གསུམ་པའི་ས་ཡོས་(༡༢༥༩)ལོར་ཀ་ཐིལ་གྱི་ཕུར་ས་དབྱིབས་ཡི་གེ་ཀ་འདྲ་བ་ཡོད་པའི་ཐོག་ཏུ་དགོན་པ་ཕྱག་བཏབ་པས་དགོན་པའི་མིང་ལ་ཡང་ཀ་ཐོག་ཅེས་གྲགས། དགོན་པ་དེར་ཀ་དམ་པའི་སློབ་མ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་ནས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་བར་གདན་རབས་བཅུ་གསུམ་བྱོན་པ་ལ་ཀ་ཐོག་བླ་རབས་བཅུ་གསུམ་དུ་གྲགས་པ་བྱུང་དེ་རྣམས་ཀྱི་ལོ་རྒྱུས་ཞིབ་པ་སྟག་དགེ་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་(གུ་བཀྲ་ཆོས་འབྱུང་)ལྕགས་དཔར་མའི་ཤོག་གྲངས་༣༠༩ནས་༣༡༢བར་གསལ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ལང་ཀར་གཤེགས་པའི་མདོ་མིག་དམར།འོད།མཎྜལ་ཨ་མདོའི་སྐད།ཀ་མ་ལ་རཀྴི་ཏ་ཀུན་སློང་གཉིས་རིན་ཆེན་གཡུ་རྙིང་ཉེར་ལྔ་ས་སྐྱ་ལེགས་བཤད།དུང་དཀར་བློ་བཟང་འཕྲིན་ལས་རྒྱལ་དབང་སྐུ་འཕྲེང་རིམ་བྱོན།ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་རྟེན་འབྲེལ་ཡན་ལག་བཅུ་གཉིས།དག་ཡིག་མཁས་པ་དགའ་སྐྱེད་འབྱུང་རྩིས་ཟླ་ཟེར་ཟླ་༢ཚེས་༡༦ཉིན་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པཁ་ལའོ་ཊ་མོ་ནེ།འདོད་པའི་བསྟན་བཅོས།དབུགས་མི་བདེ་བ།པདྨ་འབྱུང་གནས།དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།ས་སྐྱའི་སྲིད་སྐྱོང་དུས་རབས།ཉི་ཧོང་སྐད།མེག་སི་ཀོ།མཐིང་ལྕགས།དྲུག་པ་ཚེས་བཞི་ཨོ་སི་ཐྲི་ཡ།གློག་ཀླད།ཞི་པན་ཡ།སྐར་ཆ།སྲས་མཁར་དགུ་ཐོག་གསང་སྔགསནི་ཀོ་ལ་ས་ར་ཀོ་ཟི།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །ཀེ་ར་ལཱ།བདུད་འཇོམས་དག་ཡིག་ཏཱ་ལའི་བླ་མ་ལུ་སེམ་བའུརག (རྒྱལ་ཁབ།)X འཕྲོ་ཐིག་འོད་རིག་རྩོམ་པ་པོ་སུ་ཡིན་ནམ།ཟླ་༣ཚེས་༡༣ཉིན་འཛམ་གླིང་འཁྲུག་ཆེན་དང་པོ།དགེ་འདུན་ཆོས་འཕེལ།༄༅།། ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་བཞུགས་སོ།།ཀྱི་ལྕེ་དཀར་པོ་མི་རྟག་པའི་སྐུལ་འདེབས་ཀརྨ་པ་དུས་གསུམ་མཁྱེན་པ་དངུལ་ལོར།ལུས་སུ་འགྱུར་བའི་རིམ་པ་ལྔ་རྒྱལ་སྲས་ཐོགས་མེད་བཟང་པོ།ཡེ་མེན།མེ།འགལ་བ་གཉིས་ས་སྐྱའི་ལེགས་བཤད་རྩ་འགྲེལ་བླ་མ།ཚད་མ་རྣམ་འགྲེལ།སྒྲོལ་མའི་མཎྜལ་བཞི་ཆོག་སྐྱེ་དངོས་རིག་པ།ཀུ་བ།ཡིག་བརྒྱ་རྗེ་བཙུན་དམ་པ་ཧུ་ཐུག་ཐུ།སྒྲོལ་མའི་ལོ་རྒྱུས་��ོ��རེ������ོ����ཁ��།ཉི་ཧོང་།🡆 More