འབྲུག་གི་བཟོ་བཀོད་རིག་པ།

༉ འབྲུག་གི་བཟོ་བཀོད་རིག་པ་འདི་ འཛམ་གླིང་ནང་རྒྱལ་ཁབ་གཞན་ག་དང་ཡང་མ་འདྲ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་ཨིནམ་དང་ དེ་ཚུ་ཡང་ ནང་པའི་ཆོས་ཀྱི་བྱིན་རླབས་འཇུག་སྟེ་ཡོད་པའི་བཟོ་བཀོད་ཙང་ཙ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་འདི་ བཟོ་བཀོད་རིག་པ་གིས་་ཕྱུགས་པའི་རྒྱལ་ཁབ་ཅིག་ཨིན་དགོ་མི་འདི་ཡང་ དུས་དང་ཕུ་དིང་ཕུ་དུས་རབས་ ༧ པའི་ནང་ལས་ར་བཞེངས་ཡོད་པའི་ལྷ་ཁང་དང་མགོན་སྡེ་ཚུ་ ད་ལྟོའི་བར་ནང་ཡང་མཇལ་ཚུགས་ནི་འདི་གིས་ཨིན། བཟོ་སྐྲུན་གྱི་ལཱ་ག་ཅི་བཟུམ་ར་འབད་རུང་ ལྕགས་ཟེར་དང་ཕྱི་རྒྱལ་ལས་ཐོན་པའི་ལག་ཆ་ཚུ་ ལག་ལེན་མ་འཐབ་པར་ རང་བཞིན་གྱིས་གནས་སྐབས་བཏོན་ཏེ་ བཟོ་རིག་གི་ལཱ་ཚུ་འབད་དེ་སྡོད་ནུག། དེ་མ་ཚད་ ཁྱིམ་གྱི་ བཟོ་བཀོད་ཚུ་ཡང་ ད་རེས་ནངས་པ་བཟུམ་སྦེ་ འཆར་གཞི་ཧེ་མ་ལས་བརྩམས་ཏེ་མེན་པར་ བཟོ་བོ་གི་ལཱ་ཡོད་ཚད་ཅིགཔ་ རང་སོའི་བློ་རིག་ཐོག་ལས་འབད་སྡོད་ནུག། བཟོ་རྣམ་ཚུ་ཡང་ རང་བཞིན་སའི་ཆགས་ཚུལ་ལྟར་དུ་སྦེཡོདཔ་མ་ཚད་ གནམ་གཤིས་གནས་སྟངས་དང་འཁྲིལ་སྟེ་ ཁྱིམ་དང་ལྷ་ཁང་ རྫོང་གཞི་ཚུ་ཡང་སོ་སོ་སྦེ་རྐྱབ་སྟེ་སྡོད་ནུག། (Wangchuk, 2016)

ངོ་སྤྲོད།

རྫོང་གི་བཟོ་བཀོད་རིག་པ།

རྫོང་གཞིས་ཚུ་མང་ཤོས་ར་ རྡོ་དང་ཤིང་ དེ་ལས་ འདམ་ཚུ་གིས་རྐྱབ་དོ་ཡོདཔ་ཨིན། དང་ཕུའི་རྫོང་ཚུ་ལུ་ འཛུལ་སྒོ་གཅིག་ལས་མེདཔ་ཨིན། རྫོང་ག་ར་ལུ་ དབུ་རྩེ་ཡོདཔ་མ་ཚད་ མཐའ་སྐོར་ལུ་ རྡོ་གཅལ་་ཡོདཔ་ཨིན། རྫོང་ཚུ་གི་་གྱང་ཚུ་ ཁ་ནང་ན་བལྟ་སྟེ་་ཧལ་ཏེ་ཡོདཔ་མ་ཚད་ སྒོ་སྒྲིག་ཚུ་ཚོད་གཞི་གནགཔོ་སྦེ་ཡོདཔ་ཨིན། ཁྱིམ་ཐོག་འདི་ རྒྱ་བཞི་སྦེ་བཟོ་སྟེ་ བྱི་གཞོལ་སྦེབཀབ་སྟེ་འོངམ་ཨིན། སྤྱིར་བཏང་གི་ཁྱིམ་ཚུ་ལུ་ རྒྱ་བཞི་འདི་མི་འཐོབ་ནི་ཨིན་པས། རྫོང་གི་ནང་ན་ལུ་ ཀ་ཆེན་ལེ་ཤ་འོངམ་ཨིནམ་དང་ དེ་ཚུ་ཡང་ པ་ཏྲ་རབ་འབྲིང་ཐ་སྦེ་ གཟི་བརྗིད་་ཆེ་ཏོག་ཏོ་སྦེ་བརྐོ་སྟེ་འོངམ་ཨིན།

འབྲུག་གི་ཁྱིམ།

འབྲུག་གི་ཁྱིམ་ཚུ་ རིན་གོང་ཆུང་བའི་རྩིས་ས་གིས་རྐྱབ་ཨིན་རུང་ མང་ཤོས་ར་རང་ལུགས་འབྲུག་པའི་ལུགས་སྲོལ་གྱི་ཐོག་ལུ་ རྐྱབ་མི་ཙང་ཙ་ཨིན། གཞན་ཡང་ ཤིང་ཆས་དང་འདམ་ཚུ་ ལེ་ཤ་སྦེ་ལག་ལེན་འཐབ་ཏེ་རྐྱབ་སྲོལ་ཡང་ཡོདཔ་ཨིན། དེ་ལས་ རང་སོའི་ལུང་ཕྱོགས་ཀྱི་གནམ་གཤིས་གནས་སྟངས་དང་བསྟུན་ཏེ་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་འབད་བ་ཅིན་ ཁྱིམ་ཚུ་ རྡོ་གིས་སྦེ་འབད་རྐྱབ་ཨིནམ་དང་ ས་ཁ་དམའ་ས་ཚུ་ནང་འབད་བ་ཅིན་ སྦ་དང་ཤིང་གིས་སྦེ་རྐྱབ་ཨིན།

ལྷ་ཁང་དང་མགོན་པ།

ལྷ་ཁང་དང་མགོན་པ་ཚུ་གི་བཟོ་རྣམ་འདི་ རྫོང་དང་ཆ་འདྲ་སུ་ཅིག་ཡོད་རུང་ རྒྱའི་སྦོམ་ཚད་འདི་ ཨ་ཙི་ཅིག་ཆུང་སི་སྦེ་ཡོདཔ་ཨིན། ལྷ་ཁང་ཚུ་གི་གྱང་གི་མདོག་འདི་དཀརཔོ་དང་ མང་ཤོས་ར་ཁྱིམ་ཐོག་གུར་གསེར་ཏོག་རྟོག་བཀལ་ཏེ་འོངམ་ཨིན། ལྷ་ཁང་གི་ནང་ན་འབད་རུང་ པ་ཏྲ་ཊ་ཅན་མའི་མཆོད་བཤམ་དང་ ཀ་ཆེན་ཡ་མཚན་ཆེ་ཏོག་ཏོ་སྦེ་འོངམ་མ་ཚད་ གྱང་གུར་ནང་པའི་ལྷ་ཚོགས་ཀྱིས་ལྡེབས་རིས་ འཇའ་ཆི་ཆི་ཚུ་སྦྱར་ཏེ་འོངམ་ཨིན།

ཟམ་པ།

འབྲུག་རྒྱལ་ཁབ་ཀྱི་སའི་ཆགས་ཚུལ་འདི་ གྱེན་ཟར་དྲགས་སྦེ་ཡོདཔ་ལས་ ཆུ་ཚུ་ཤུགས་སྦེ་འབབ་ཨིན། དེ་འབདཝ་ལས་བརྟེན་ ཟམ་པ་ཚུ་ཡང་ཧེ་མ་འབད་བ་ཅིན་ སྔར་སྲོལ་གྱི་ལུགས་ལྟར་ བ་ཟམ་རྐྱབ་སྲོལ་ཡོད་རུང་ རིམ་པ་བཞིན་དུ་དེང་སང་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ བཟོ་རྣམ་དང་རྒྱུ་ཆས་ཚུ་ཡང་ ལེ་ཤ་བསྒྱུར་བཅོས་འགྱོ་ཡོདཔ་ཨིན།

ཁུངས་གཏུག།

  1. (n.d.). TRADITIONAL ARCHITECTURE GUIDELINES.
  2. (2007) A Review on Traditional Architecture Houses in Buddhist Culture. 5(3), 113–123.
  3. (n.d.). A HISTORY OF BHUTAN: Class 10. Royal Education Council (REC). (Original work published 1996)
  4. Wangchuk, D. (2016). Foundations of Bhutan History: A Concise Guide (1st ed.). Omega Traders.

Tags:

འབྲུག་གི་བཟོ་བཀོད་རིག་པ། ངོ་སྤྲོད།འབྲུག་གི་བཟོ་བཀོད་རིག་པ། རྫོང་གི་བཟོ་བཀོད་རིག་པ།འབྲུག་གི་བཟོ་བཀོད་རིག་པ། འབྲུག་གི་ཁྱིམ།འབྲུག་གི་བཟོ་བཀོད་རིག་པ། ལྷ་ཁང་དང་མགོན་པ།འབྲུག་གི་བཟོ་བཀོད་རིག་པ། ཟམ་པ།འབྲུག་གི་བཟོ་བཀོད་རིག་པ། ཁུངས་གཏུག།འབྲུག་གི་བཟོ་བཀོད་རིག་པ།

🔥 Trending searches on Wiki ཇོང་ཁ:

ལྷོ་ཀོ་རི་ཡ།སྒང་སྟེང་གསང་སྔགས་ཆོས་གླིང་བྱའི་རིགས་ཅིགསྤ་རོ་རྫོང་ཁགཟངས་མདོག་དཔལ་རིའི་སྨོན་བསྡུས་པ།ཐིམ་ཕུགབདེ་སྨོན་བསྡུས་པ།དྲྭ་རིལམི་དབང་འབྲུག་རྒྱལ་ལྔ་པའི་འཁྲུངས་སྐར་དུས་ཆེན།འབྲུག་པ་བོད་ཡིན་ནམ་ཞེ་ན་བཤད་ཁག་པོ་འདུག༢༠༠༩མི་ཎི་ཡིག་དྲུག་གཙང་མཁན་ཆེནཁས་བླངས།ཨྀཊ་ལི་འབུམ་སྡེ་གླིང་རི་དྭགས་ས་ཁོངས།པ་ལང་བཱ་ཧ་མས྄།ལྟ་རྫོང་། (སྤ་རོ)འབྲུག་རྒྱལ་རྫོང་།བཀྲིས་སྒང་རྫོང་ཁགམགར་ས་རྫོང་ཁགསའུཐ་ཨཕ་རི་ཀ་ཅི་ལེཔར་བཟོ།བཀྲ་ཤིས་རྒྱས་པ་བཅས་བཞུགས་སོ།།སྤྲོས་བཟོ།ནེ་དར་ལེནཌསི་ཨིཛ་རཱེལ་འབྲུག་ཙན་དན་ཐཱའི་ལེནཌ།༢༠༠༤ཁང་ཆེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ།ཨེ་ཤར་ཡའབྲུག་དང་པའི་རྟོགས་བརྗོད།སྡེ་སྲིད་རིན་བྱོན།མ་ཀའོནམ་ཟླ་དུས་བཞི།སྔགས་དྲུག་ཕྱག་རྒྱ།ཌེན་མཱཀ་སུའི་ཌན་རྗེ་བརྩུན་པདྨམ་ལེ་ཤི་ཡ་རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་ལྷོ་ཀོ་རི་ཡ་ཨ་རུ་བ་སོག་པོ་རྒྱ་ནག🡆 More