དགུན་ཉིན་ལོག་ངལ་གསོ།

ཧོར་ཟླ་ ༡༡ པའི་ནང་ ཉིམ་ལྷོ་ལས་བྱང་ལུ་ལོག་པའི་བསྒང་ གཞུང་གི་ཁ་ཐུག་ལས་ཡང་ ཉིན་ལོག་གི་ངལ་གསོ་ཉིནམ་གཅིག་བཞག་ནི་ཡོད། དེ་བསྒང་ ཉིན་ལོག་གིས་མ་ཚད་པར་ གནམ་ལོ་གསར་པའི་འགོ་ཡང་ དེ་ཁ་ལས་བཙུགས་དོ་ཡོདཔ་ལས་ ཉིན་ལོག་གི་དགའ་སྟོན་ག་དེ་རྒྱས་རྒྱས་སྦེ་བརྩི་སྲོལ་ཡོད།

ཉིན་ལོག་ དེ་ཡང་ དགུན་གྱི༌ཉིན་ལྡོག་འདི་ འབྱུང་རྩིས་པའི་ལུགས་ལྟར་ ཧོར་ཟླ་བཅུ་གཅིག་པ་ དཔྱིད་ཟླ་ར་བ་སྟག་གི་ཟླཝ་འདི་ལུ་ཉིམ་ལོགཔ་ཨིན། སྤྱི་འགྲོས་ཀྱི་དབང་དུ་འབད་བ་ཅིན་ གླིང་བཞི་ལུ་ཉི་མ་འཆར་ནུབ་ཀྱི་ དུས་མི་འདྲ་བའི་ཁྱད་པར་ཡོདཔ་ལས་ ཉིན༌མཚན༌རིང༌ཐུང༌གི༌ཁྱད༌པར༌ཡང༌བརྩི༌སྲོལ༌སོ༌སོ༌སྦེ༌ཡོད། ང༌བཅས༌རའི༌ལྷོ་ཕྱོགས་འཛམ་བུ་གླིང་འདི༌ནང༌འབད་བ་ཅིན་ ཉི་མའི་འགྲོས་སྟངས་འདི་ ཉི་མ་ལྷོ་བགྲོད་དང་བྱང་བགྲོད་ཀྱི་རིམ་པ་གཉིས་ཡོད་མི་འདི་ ཁྱིམ་བཅུ་གཉིས་ཀྱི་ཆགས་གནས་དང་འཁྲིལ་ཏེ་ བརྒལ་བགྲོད་ཀྱི་དབང་ལས་ ཉིན་མཚན་རིང་ཐུང་སྦེ་འགྱོཝ་ཨིན།

ཉིན་མཚན་རིང་ཐུང་གི་ཚད་དེ་ཡང་ ཉིན་མཚན་གཅིག་ལུ་ཆུ་ཚོད་ ༦༠ བརྩིས་ཏེ་ ཉིནམ་རིང་ཤོས་སྐབས་ཆུ་ཚོད་ ༣༦ དང་ ནུབ་མོ་ཆུ་ཚོད་ ༢༤ ཨིནམ་བཞིན་དུ་ནུབ་མོ་རིངམ་ད་ མཚན་ཚད་ཆུ་ཚོད་ ༣༦ དང་ཉིན་ཚད་ ༢༤ ལུ་འགྱོཝ་ཨིན།

དེ་འབད་ནི་འདི་གིས་ ཧོར་ཟླ་ ༡༡ པའི་ནང་ ཉིམ་ཐུང་བའི་མཐར་ཐུག་སྟེ་ ལྷོ་ལས་བྱང་ལུ་ལོག་པའི་དགུན་ཉིན་ལོག་དང་ ཧོར་ཟླ་ ༥ པའི་ནང་ཉིནམ་རིང་བའི་མཐར་ཐུག་སྟེ་ བྱང་ལས་ལྷོ་ལུ་ལོག་པའི་བྱཱར་གྱི་ཉིན་ལོག་ཕོགཔ་ཨིན། དེ་ལས་ཧོར་ཟླ་ ༨ པ་དང་ ༢ པ་གཉིས་ལུ་ ཉིན་མཚན་རིང་ཐུང་འདྲན་འདྲ་སྙོམས་ནི་འདི་གིས་ སེར་ཁ་དང་སོ་ཁ་གི་ཉིན་མཚན་སྙོམས་པའི་དུས་ཨིནམ་ལས་ དུས་ཚོད་དེ་བཞི་ལུ་དུས་བཞི་ཟེར་ཡང་སླབ་ཨིན།

དགུན་ཉིན་ལོག་གི་སྐབས་ལུ་ གཞུང་འབྲེལ་ངལ་གསོ་བཞག་དགོ་མི་འདི་ ཉིན་ལོག་གི་སྐབས་ དགེ་སྦྱོར་གྱི་བྱ་བ་ག་ཅི་བསྒྲུབ་རུང་ཕན་ཡོན་འབུམ་འགྱུར་དུ་གསུངས་ཡོདཔ་ལས་ མི་ཚུ་དགེ་བ་བསྒྲུབ་ནིའི་དོན་ལུ་ཨིནམ་མ་ཚད་ དགུན་གྱི་ཉིན་ལོག་སྐབས་ ལོ་གསར་ཡང་ཕོགཔ་ལས་ ལོ་གསར་དང་འབྲེལ་བའི་དགའ་སྤྲོ་བསྒྱུར་ནི་ཚུ་གི་དོན་ལུ་ གཞུང་གི་ངལ་གསོ་བཞག་དོ་ཡོདཔ་བཞིན་དུ་ དགུན་ཉིན་ལོག་གི་ངལ་གསོ་དེའི་སྐབས་ལུ་ ཕམ༌བུ༌གཞི༌དང༌དགའཝ༌མཐུནམ༌ཚུ༌ག༌ར༌གཅིག༌ཁར༌འཛོམས༌ཏེ༌ མདའ་རྩེད་ རྡོས༌སྒོར༌ གླུ་དང༌ཞབས་ཁྲ་ རྩེད་སྟོན་གྱི་དགའ་སྤྲོ་བསྒྱུར་ནིའི་དོན་ལུ་ཨིན་ནོ།།

Tags:

🔥 Trending searches on Wiki ཇོང་ཁ:

བཀྲིས་སྒང་ཀུ་ཝེཊ་སྒང་སྟེང་གསང་སྔགས་ཆོས་གླིང་དར་དཀར་བཀྲ་ཤིས་གཡང་རྩེ་རྫོང་ཡུ་ར་ནཱསསིཔཱེན་ཨིཛ་རཱེལ་ཏ་ཟིག་མོང་སྒར་རྫོང་ཁགསྐུ་རྗེས་ ལྷ་ཁང་གཞལ་ལམ་སྒང་རྫོང་ཁགཀུན་གསལ།ར་ཤི་ཡཱན་ཕེ་ཌི་རེ་ཤཱནཡུ་ནའིཊེཊ་སི་ཊེསསྒམ་བྷེ་ཡ་བཀྲིས་གཡང་རྩེ་རྫོང་ཁགརྩི་རང་རྫོང་ཁགཨས་ཊེཡེ་ལི་ཡབྱང་ཀོ་རི་ཡ་བྷོ་ལི་ཝི་ཡ་འབྲུག་གི་འབྲོང་གྱིམ་ཙི།ཨི་ཛུ་རལ་སྐུ་འཁོར་གྱི་རྒྱུད་པ།ཀུརོ་ཤི་ཡལྗོར་ཇི་ཡ་བོན།ཁམ་བྷོ་ཌི་ཡ་འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགསྤྱི་གཉེར་བསམ་རྩེ་རྫོང་ཁགཨུཛ་བེ་ཀིསི་ཏཱན་མ་ཤོག།༢༠༡༧མཽས་ཀོ།མེ་མཁའ་རྒྱ་མཚོནང་སྲིད་དང་སྲོལ་འཛིན་ལྷན་ཁག།ཁི་རག་ཏེ་ཡ་སྤ་རོ་རྫོང་ཁག༢༠༡༥ལྷོ་ཀོ་རི་ཡ་ཨེ་སི་ཡ་ཨེ་ཤར་ཡཇཱར་མ་ནིཞོང་གར་རྫོང་འབྲུག་ཙན་དན་གྲུབ་ཐོབ་ཇོ་བོ་དཔལ་འབྱོར། Drubthob Jowo Penjorཟླུམ་བརྩེགས་ལྷ་ཁངཀྲོང་གསར་ཏ་ཇག་ཀིསི་ཏཱན་༡༩༩༩རྫོང་ཁ་འབྲུག་རྒྱལ་རྫོང་།བདེ་སྨོན་བསྡུས་པ།ཨར་མེ་ནི་ཡ་ཧྥིན་ལན་ཌི་ཞོང་སྒར་རྫོང་།བྷེལ་ཇམ་ཁྱིརླུང་རྟ་བསྡུས་པ།ནེཔ་ཊུནསྐྱིད་ཆུ་ལྷ་ཁང་མགོན་པོའི་བཟློག་བསྒྱུར།🡆 More