སྦ་གསལ་སྣང་།

སྦ་གསལ་སྣང་། སུ་རུ་མེ་ཏོག་གིས་བསྒྲིགས།

སད་མི་མི་བདུན་གྱི་ཡ་ གྱལ་སྦ་གསལ་སྣང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཞིག་སྟེ། རྒྱལ་པོ་སྐུ་ན་ཕྲ་བའི་སྐབས་སུ། བློན་པོ་སང་ཤིས་རྒྱ་ཡུལ་ནས་ཁྲིད་འོངས་པའི་ཧྭ་ཤང་ཞིག་གིས། སྦ་གསལ་སྣང་གི་བུ་མོ་ཤི་བའི་རོའི་ཁར་མུ་ཏིག་འཚལ་གྱིས་བྱུགས་པའི་མཚན་མ་བྱེད་ བཅུག་ནས་མའི་མལ་འོག་ཏུ་སྦས་ཤིང་བུ་མོ་མའི་བུར་སྐྱེ་བའི་ལུང་བསྟན་བཞིན་བཙས་ པའི་སྐབས་སུ་ཁ་ནས་མུ་ཏིག་བྱུང་བས། གསལ་སྣང་གིས་ཚེ་ཕྱི་མ་ཡོད་པར་ངེས་པ་རྙེད་ནས་ཆོས་ཀྱི་ཆེད་དུ་ལྷོ་བལ་དུ་འགྲོ་ བར་རྗེ་ལ་གསོལ་བས་མང་ཡུལ་གྱི་ཁང་དཔོན་དུ་བརྫངས། དེ་ནས་བྱང་ཆུབ་ཆེན་པོ་དང་ན་ལེནྡྲར་མཆོད་པ་བྱས།མཁན་པོ་རིན་པོ་ཆེ་དང་མཇལ་ཏེ་ མང་ཡུལ་དུ་སྤྱན་དྲངས། གསལ་སྣང་བཙན་པོའི་དྲུང་དུ་འོངས་ནས་མཁན་པོའི་གསུང་དང་རྒྱུ་མཚན་རྣམས་ཞུས། བདུད་བློན་མ་ཞང་ཁྲོན་པ་སྐྱེའི་ཆད་པ་འབྱུང་དོགས་ནས་རྒྱལ་པོས་གསལ་ཡིབ་ཏུ་བཅུག མ་ཞང་ཁྲོན་པ་སྐྱེ་ཐབས་མཁས་ཀྱིས་བསད་རྗེས། མཁན་པོ་རིན་པོ་ཆེ་བོ་ངྷི་ས་ཏྭ་སྤྱན་འདྲེན་པའི་ཕོ་ཉར་གསལ་སྣང་བརྫངས་པ་བཞིན་ རིམ་གྱིས་ཕེབས་ཏེ་འོམ་བུ་ཚལ་དུ་མཇལ། དེའི་རྗེས་སློབ་དཔོན་སྤྱན་དྲངས་ཏེ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ བཞེངས་ཤིང་། སད་མི་མི་བདུན་གྱིས་གཙོས་པའི་བོད་མི་བློ་གསལ་ཞིང་ཡིད་གཞུངས་པའི་ལས་ལྡན་གྱི་ སྐྱེས་བུ་དུ་མ་རབ་ཏུ་བྱུང་ངོ་ཞེས་ཀུན་གཟིགས་ལྔ་པ་ཆེན་པོས<<བོད་ཀྱི་ དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་དབྱངས>>ལས་གསུངས་པ་བཞིན་སྦ་གསལ་སྣང་ནི་ སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་བ་ལ་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་ཡིན།

Tags:

🔥 Trending searches on Wiki བོད་སྐད:

རིག་གནས་བཅུ།མཛེ་ནད།སྡེ་དགེའི་བཀའ་འགྱུར་དཀར་ཆག་ཨི་སི་ར་ཨེལ།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།གནམ་ཆོས་ཐུགས་ཀྱི་གཏེར་ཁ།མངོན་བརྗོད་དཔལ་ལྡན་ཟླ་བ་གྲགས་པ་གློག་རིག་པ།༢༠༢༠ལོ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།ཚད་མ་རྣམ་འགྲེལ།གྱུར་ཤེས། (འགྱུར་བ་ཐེབས་པའི་ཤེས་པ།)འབྱུང་རྩིས་ཟླ་ཟེར་ཤེར་སྙིང་བདུད་བཟློག་ཆོ་ག་སངས་རྒྱས། (ཐ་སྙད།)ཟླ་༥ཚེས་༢༠ཉིན་ནང་པའི་གྲུབ་མཐའ་བཞི་ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་དན། (གསུང་རབ།)མཚན་ཉིད།ནག་ཆུ་ས་ཁུལ།བོད་རྒྱལ་ཁབ་ཀྱི་རྒྱལ་གླུརྗེ་བཙུན་མི་ཕམ་པའི་བྱམས་ཆོས་སྡེ་ལྔ་སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་ཀརྨ་ཞྭ་དམར་ཐོན་མི་སམ་བྷོ་ཊ་གསར་འགྱུར།ཕ་རི།ཁ་ཏར།ཨུ་ཟ་བེ་ཀི་སྟན།ཨའོ་ཀུའུ་སི་ཏུའུ།ཁྱི།ཆོ་འཕྲུལ་མཆོད་རྟེན་རྣམ་ཐར་བརྒྱད་ཏཻ་ལོ་པ།ཁུརོ་ཤི་ཡ།གཞིས་ཀ་རྩེ།གཙོ་ངོས།ཀྱེེ་རྡོ་རྗེ་ཨ་མ།སུམ་བ་བཅུ་པ།དྲོད་ཚད་སྡེ་སྲིད་སངས་རྒྱས་རྒྱ་མཚོ།མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་ཤར་པ།མཁའ་འགྲོ།པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོ་ཀུན་མཁྱེན་ཇོ་མོ་ནང་པ་རིན་ཆེན་བྱུ་དམར་ཉེར་ལྔ་ཡུ་ཊོབ་ཆབ་མདོ།མཚོན་ཆ།དབང་ཕྱུགཚར་ཆེན་བློ་གསལ་རྒྱ་མཚོ།ནབ་ཏ་ལིྰ།ཀླུ་སྒྲུབ་དགོངས་རྒྱན།རྒྱན་དྲུག་མཆོག་གཉིས་ཁ་ཆེའི་ཆོས་ལུགས།ཀུན་ཏུ་བཟང་པོ་སངས་རྒྱས་པ་བཀྲ་ཤིས་ལྷུན་པོ་དགོན།ཕར་ཕྱིན་དྲུག་ཟླ་༡༠ཚེས་༡༤ཉིན་སྒྲོལ་ཆོག་བསྡུས་པདིང་རི་བརྒྱད་ཅུ་པ་ལེ་ཉིན།སེང་ག་ཕོར།སྨོན་ལམ་ཆེན་མོ།🡆 More